དེབ་གསར། «འཕགས་བོད་མཁས་པའི་གསུང་འབུམ་མཁས་པ་སྒོ་དྲུག་སོགས་ཀྱི་གསུང་འབུམ»

རྩོམ་པ་པོ།: ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དུས་ཚོད།:2025-02-04 22:41:43 ཀློག་གྲངས།:
       «འཕགས་བོད་མཁས་པའི་གསུང་འབུམ་མཁས་པ་སྒོ་དྲུག་སོགས་ཀྱི་གསུང་འབུམ»བྱ་བ་འདི་ནི་ཁཱ་ཤེས་རབ་རྒྱ་མཚོ་དང་ཕ་མཐའ་དོན་ཁོ་སོགས་ཀྱིས་ལོ་ངོ་མང་པོར་དག་སྒྲིག་དང་ཞུ་དག །དཔེ་བསྡུར་སོགས་ཡང་ཡང་མཛད་ཐོག །དེ་སྔོན་དཔེ་སྐྲུན་བྱས་པའི་རྒྱན་དྲུག་མཆོག་གཉིས་དང་། འཕགས་བོད་མཁས་པའི་གསུང་འབུམ་ཕྱོགས་བསྒྲིགས་ཀྱི་འཕྲོ་མཐུད་ནས་དག་སྒྲིག་བྱས་ཏེ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན་པ་ཡིན།
       འདིར་སྡེ་དགེའི་དཔར་མ་གཞིར་བཟུང་ནས་སྣར་ཐང་དང་། པེ་ཅིན། ཅོ་ནེ་བཅས་ཀྱི་བསྟན་འགྱུར་ཁག་ལ་དཔེ་བསྡུར་བྱས་ནས་ཞབས་མཆན་བཀོད་ཡོད་ལ། གཞུང་ཚན་ཁག་ཅིག་ལ་དེ་སྔོན་ས་བཅད་བཀྲམ་མེད་པས་ཐེངས་འདིར་གསར་དུ་ས་བཅད་བཀྲམ་པ་སོགས་གང་ཅི་ཐུབ་ཀྱིས་མཁས་པ་དགྱེས་པའི་མཆོད་སྤྲིན་ཞིག་ཏུ་འགྱུར་བར་འབད་བརྩོན་ལྷོད་མེད་བགྱིས་ཡོད་པ་དང་། བྱེ་བྲག་གིས་དེབ་ཕྲེང༨༩པ་ནས༩༤པའི་བར་ནི་སློབ་དཔོན་དབྱིག་གཉེན་གྱི་རང་ལས་མཁས་པའི་སློབ་མ་བཞིའི་ཡ་གྱལ་མངོན་པ་རང་ལས་མཁས་པའི་སློབ་དཔོན་བློ་གྲོས་བརྟན་པའི་གསུང་འབུམ་ཡིན།
       དེབ་ཕྲེང༩༥པ་ནས༡༠༡པའི་བར་གྱི་པོད་བརྒྱད་ནི་བི་ཀྲ་མ་ཤི་ལཱའི་མཁས་པ་སྒོ་དྲུག་གི་གསུང་འབུམ་ཡིན། དེབ་ཕྲེང༡༠༢པ་ནས༡༠༥པའི་བར་གྱི་པོད་གསུམ་ནི་རྒྱའི་བཙུན་པའམ་ཁོ་རེ་ཡའི་སློབ་དཔོན་ཝན་ཚིག་གི་མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་འགྲེལ་ཆེན་ཡིན།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།