༄༅། །«རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག»དེབ་བཞི་པ།

རྩོམ་པ་པོ།: ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དུས་ཚོད།:2025-01-22 11:34:52 ཀློག་གྲངས།:
       «རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག»ནི་རྩོམ་པ་པོ་གངས་དབང་བཀྲ་ཤིས་ཀྱིས་ལོ་ངོ་བཅུ་ཕྲག་ཉེ་བའི་རིང་མདོ་དབུས་ཁམས་གསུམ་རིག་པས་བསྐོར་བའི་རིག་གནས་ལྷུག་རྩོམ་སྐོར་གྱི་མུ་འབྲེལ་དེབ་ཕྲེང་ཞིག་ཡིན་པ་དང་། ད་ལམ་དཔེ་སྐྲུན་བྱས་པའི་དེབ་བཞི་པ་ནི་དེ་སྔོན་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས་པའི་དེབ་ཕྲེང་གསུམ་གྱི་རྨང་གཞིའི་སྟེང་བརྩམས་པ་ཞིག་ཡིན།
       བརྩམས་ཆོས་ཧྲིལ་པོ་ནི་རྩོམ་པ་པོ་ལོ་མང་རིང་དཀར་མཛེས་ཁུལ་གྱི་བརྒྱད་ཟུར་དང་ཉག་ཆུ་རྫོང་། ལན་ཧྲན་ཁུལ་རྨུ་ལི་རྫོང་གི་འཇང་རིགས་གནའ་གྲོང་། ཡུན་ནན་བདེ་ཆེན། བོད་ལྗོངས་ཀྱི་ཆབ་མདོ་དང་ཉིང་ཁྲི། མཚོ་སྣ་སོགས་རི་ཆུའི་ཕང་བ་དང་། མི་རིགས་མཉམ་འདྲེས་ཀྱི་བར་ཁྱམས་འཕྲེད་བཅད་རི་རྒྱུད་བརྒལ་བའི་མྱོང་བ་དམིགས་བསལ་བ་དག་གཞིར་བྱས་ཏེ་བོད་ཡིག་གིས་བརྩམས་ཤིང་། ས་ཆ་དེ་དག་གི་ལོ་རྒྱུས་ཤུལ་བཞག་དང་རིག་གནས་ཀྱི་མཚོན་རྟགས། ལོ་རྒྱུས་མི་སྣ། སྐད་དང་དམངས་སྲོལ་སོགས་ལྷུག་རྩོམ་ཐོག་ནས་གསར་བརྩམས་བྱས་པ་ཞིག་རེད་ལ། ཚིག་གི་མཚོན་ཐབས་དང་དོན་གྱི་སྒྲིག་རིམ་སོགས་སྒྱུ་རྩལ་གྱི་ཐད་ལ་སྔོན་མའི་དེབ་དང་མ་འདྲ་བར་ཚོད་ལྟ་ཡང་བྱས་ཡོད་པས་ཀློག་རིན་ཡོད་པའི་དེབ་ཅིག་རེད་འདོད།
དེབ་ཀྱི་དཀར་ཆག
རྩོམ་པ་པོ་ངོ་སྤྲོད།
       གངས་དབང་། ཁམས་ཉག་ཆུ་རྫོང་གི་རོང་ས་ཞིག་ནས་སྐྱེས། སློབ་ཆེན་ལས་མཐར་ཕྱིན་རྗེས། ལོ་བཅོ་ལྔའི་རིང་ལ་དར་རྩེ་མདོ་ར་རྔ་ཁའི་བོད་ཡིག་སློབ་འབྲིང་དུ་དགེ་རྒན་བྱས། གསར་རྩོམ་ལ་ཞུགས་པ་ནས་བཟུང་། ཕྱི་ནང་གསང་གསུམ་བདག་གིར་བྱེད་པའི་ཆེད་དུ་རང་གིས་རང་ལ་གངས་དབང་ཞེས་འབོད། ལྷུག་རྩོམ་གཙོ་བོར་བྱས་པའི་བརྩམས་ཆོས་མི་ཉུང་བ་བོད་ཀྱི་དུས་དེབ་སོ་སོར་སྤེལ་མྱོང་། 2018ལོར་སི་ཁྲོན་ཞིང་ཆེན་གྱི་སྐབས་བདུན་པའི་གྲངས་ཉུང་མི་རིགས་རྩོམ་རིག་བྱ་དགའ་ཐོབ། 2020ལོར་ལྷུག་རྩོམ་དེབ«ཕྱིར་ལོག་པའི་ལམ་དུ»ཞེས་པ་པར་དུ་བསྐྲུན། ད་ལྟར་མི་ཉག་དར་རྩེ་མདོ་རུ་ཚགས་པར་དང་དུས་དེབ། དྲ་བ་བཅས་ཀྱི་ལས་ཀ་སྒྲུབ་ཞོར་དུ་མུ་མཐུད་ནས«རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག»ཅེས་པའི་མུ་འབྲེལ་རིག་གནས་ལྷུག་རྩོམ་ལ་འབད་བཞིན་ཡོད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།