ངོས་དང་པོ > སྐབས་དོན། > སྐབས་བབ་སྲིད་དོན། > མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཐེངས་དང་པོ་རྒྱལ་ཁའི་ངང་མཇུག་སྒྲིལ།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཐེངས་དང་པོ་རྒྱལ་ཁའི་ངང་མཇུག་སྒྲིལ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།
དུས་ཚོད།:2026-08-21 08:40:44
ཀློག་གྲངས།:
ཟླ8པའི་ཚེས19ཉིན་གྱི་སྔ་དྲོར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཐེངས་དང་པོའི་གྲོས་རིམ་ཁག་ལེགས་གྲུབ་བྱུང་ནས་ཁུལ་གྲོས་ཚོགས་ལྟེ་གནས་སུ་རྒྱལ་ཁའི་ངང་མཇུག་སྒྲིལ།
ཚོགས་འདུར་ཞུགས་དགོས་པའི་འཐུས་མི254ཡོད་པ་དང་དངོས་སུ་ཞུགས་པའི་འཐུས་མི247ཡོད་པས་ཁྲིམས་བཀོད་མི་གྲངས་དང་མཐུན།
ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས། མཚོ་ལྷོ་ཡན་ལག་དམག་ཁུལ་བཅས་ཀྱི་འབྲེལ་ཡོད་མགོ་ཁྲིད་དང་། ཁུལ་དུ་ཡོད་པའི་ཞིང་ཆེན་སྐབས་བཅུ་བཞི་པའི་དམངས་ཆེན་འཐུས་མི། ཁུལ་ཨུའི་འབྲེལ་ཡོད་པུའུ་ཨུ་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ལས་ཁུངས། ཁུལ་མི་དམངས་སྲིད་གཞུང་ལས་དོན་སྡེ་ཁག་གི་འགན་འཁུར་བ། ཁུལ་སྲིད་གཞུང་གི་ཐད་གཏོགས་ལས་ཁུངས་དང་མི་དམངས་ཚོགས་པ་ཁག་གི་འགན་འཁུར་བ། ཁུལ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བ། རང་ཁུལ་དུ་སྡོད་པའི་ཞིང་ཆེན་གྱི་ལས་ཁུངས་དང་ཁུལ་གཏོགས་ཁེ་ལས་ཁག་ཅིག་གི་འགན་འཁུར་བ། ཤང་དང་གྲོང་བརྡལ་ཁག་གི་དམངས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཀྲུའུ་ཞི་བཅས་ཚོགས་འདུར་ཟུར་ཞུགས་བྱས་ཡོད།
ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་མཇུག་སྒྲིལ།
ཚོགས་འདུར་ཞུགས་དགོས་པའི་འཐུས་མི254ཡོད་པ་དང་དངོས་སུ་ཞུགས་པའི་འཐུས་མི247ཡོད་པས་ཁྲིམས་བཀོད་མི་གྲངས་དང་མཐུན།
ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཞུང་ཡོན་ལའེ་དང་ཚེ་བརྟན་སྒྲོལ་མ།ཀུའོ་ཡུང་ཧུང་། ཀྲང་ཏི་ཞན། ཀུན་བཟང་པདྨ་རྣམ་རྒྱལ། མཱ་ཧྲའོ་ཧྥུའུ། ཀྲུའུ་ལིན། ཡན་ཧའེ་ཧྥེང་། དཀོན་མཆོག་སྐྱབས། ཝང་ཀུའོ་ཞུན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད་པ་དང་། ཁུལ་ཨུའི་རྒྱུན་ཨུ་ཁག་སོགས་ཁུལ་རིམ་པའི་མགོ་ཁྲིད་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་གཞན་དག་ཀྲུའུ་ཞི་སྟེགས་བུར་བཞུགས་ཡོད། ཚོགས་ཆེན་ལས་སྤྱིའི་འདེམས་ཤོག་ལྟ་ཞིབ་པ་དང་འདེམས་ཤོག་ལྟ་ཞིབ་པའི་མིང་ཐོར་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་། རང་མིང་མི་འགོད་པའི་འདེམས་ཤོག་འཕེན་ཐབས་ལ་བརྟེན་ནས་ཁྲིམས་ལྟར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་དྲུག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་ཀྲུའུ་རེན་གཞོན་པ། དྲུང་ཡིག་ཆེན་མོ། ཨུ་ཡོན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན། ཁུལ་དཔོན་གཞོན་པ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་མགོ་གཙོ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་མགོ་གཙོ་བཅས་བདམས་ཐོན་བྱུང་ཞིང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་དྲུག་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གི་ཀྲུའུ་རེན་ཨུ་ཡོན་དང་ཨུ་ཡོན་གྱི་མིང་ཐོར་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད།མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་བཅས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

ཚོགས་ཆེན་ལས་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་འཚོགས་པ་དང་གསར་དུ་བདམས་ཐོན་བྱུང་བའི་བློ་མཐུན་གྱིས་རྩ་ཁྲིམས་ལ་བརྗིད་ཉམས་ལྡན་པའི་དམ་བཅའ་བཞག་པ་རེད། ཚོགས་ཞུགས་མི་སྣས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་བདམས་ཐོན་བྱུང་བའི་བློ་མཐུན་ལ་རྟེན་འབྲེལ་ཞུས།
ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཡིས་ཁུལ་ཨུའི་ཚབ་བྱས་ནས་མཇུག་སྒྲིལ་ཚོགས་ཆེན་སྟེང་གཏམ་བཤད་གནང་སྟེ། ཁོང་གིས་འདས་ཟིན་པའི་ལོ་ལྔ་ནི་རང་རེའི་ཁུལ་གྱི་འཕེལ་རྒྱས་ཧ་ཅང་རྒྱུན་ལྡན་མིན་པ་དང་སྤྱིར་བཏང་གཏན་ནས་མིན་པའི་ལོ་ལྔ་ཡིན་ལ། ཞིང་ཆེན་ཏང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་ཁྲིད་ཁ་ཕྱོགས་དང་བསྟུན་ནས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་བྱས་ཏེ། མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་དྲིན་ཚོར་ཡར་བརྩོན་བྱས་ནས་ནུས་ཤུགས་ཡོད་རྒུས་འཕར་སྣོན་བརྟན་པོ་དང་། བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། དམངས་འཚོར་ཕན་འདོགས་པ། ཉེན་ཁ་སྔོན་འགོག བརྟན་ལྷིང་སྲུང་སྐྱོང་བཅས་བྱས་ཏེ། སྐྱེ་ཁམས་དང་དཔལ་འབྱོར། བཅོས་སྒྱུར། དམངས་འཚོ། སྤྱི་ཚོགས་འཛུགས་སྐྲུན་བཅས་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བ་བྱས་ནས་མི་སེམས་ལ་སྐུལ་མ་གཏོང་བ་དང་རྨང་གཞི་བརྟན་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་བླངས་ཡོད་ཅེས་བསྟན།

ཞུང་ཡོན་ལའེ་ཡིས་ལོ་ལྔའི་རིང་ཁུལ་དམངས་ཆེན་སྐབས་བཅོ་ལྔ་པ་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁུལ་ཨུའི་མགོ་ཁྲིད་འོག དུས་ནམ་ཡང་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བསྩལ་བའི་འགན་འཁྲི་ཁག་ལྷག་བསམ་རྣམ་དག་གིས་བསྒྲུབས་པ་དང་། གསར་གཏོད་རང་བཞིན་གྱི་སྒོ་ནས་བྱ་བ་བསྒྲུབས་པ་དང་གནད་འཁེལ་ལྟ་སྐུལ་གྱིས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། དོན་དག་གལ་ཆེན་ཚན་རིག་དང་མཐུན་པའི་སྒོ་ནས་ཐག་གཅོད་བྱེད་པ་དང་མི་དོན་བསྐོ་འཐེན་ཁྲིམས་ལྟར་ཚད་ལྡན་དུ་བཏང་སྟེ། ས་གནས་ཀྱི་ཁྲིམས་འཛུགས་ལ་གོ་རིམ་ལྡན་པས་སྐུལ་འདེད་བྱས་པ་དང་། ས་གནས་ཀྱི་རྒྱལ་ཁབ་དབང་འཛིན་སྡེ་ཁག་གི་འགན་ནུས་འདོན་སྤེལ་བྱས་ནས། ཁུལ་ཡོངས་ཀྱི་དམངས་གཙོའི་ཁྲིམས་སྐྱོང་འཛུགས་སྐྲུན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ནུས་ཤུགས་གང་ཡོད་ཅེས་བསྟན།
ཞུང་ཡོན་ལའེ་ཡིས་སླད་ཕྱིན་གྱི་ལོ་ལྔ་ནི་རང་ཁུལ་གྱིས་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཆར་འགོད་ལག་བསྟར་བྱེད་པ་དང་། བབ་བསྟུན་འཕྲལ་སྒྲུབ་སྒོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོ་གསར་པ་འཛུགས་སྐྲུན་བྱེད་པར་མུ་མཐུད་སྐུལ་འདེད་གཏོང་བའི་འགག་རྩའི་ལོ་ལྔ་ཡིན། ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་པར་གཞི་བཙུགས་ཏེ་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་དམངས་ཆེན་དང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། དམངས་ཆེན་འཐུས་མི་ཡོངས་ཀྱིས་བསམ་བློ་དང་བྱ་སྤྱོད་དེ་ཁུལ་ཨུའི་བྱ་བའི་བླང་བྱའི་ཐོག་གཅིག་གྱུར་ཡོང་བར་བྱེད་པ་དང་། བློ་གྲོས་དང་སྟོབས་ཤུགས་ཡོད་ཚད་ཐེངས་འདིའི་ཚོགས་ཆེན་ལས་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ལ་ཕྱོགས་པ་དང་། དམ་བཅའ་འགྱུར་མེད་དང་དོན་འཁྱོལ་ལྷོད་མེད་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོའི་འཕེལ་རྒྱས་ལ་དམངས་ཆེན་གྱི་བྱས་རྗེས་དང་སྟོབས་ཤུགས་འབུལ་དགོས། གཅིག་ནས་ཁ་ཕྱོགས་དམ་འཛིན་དང་བྱ་སྤྱོད་ལེགས་པོར་བརྟེན་ནས། ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པའི་ཐད་དམངས་ཆེན་གྱི་ལངས་ཕྱོགས་མངོན་པར་བྱ་དགོས་ཏེ། དུས་ནམ་ཡང་ཆབ་སྲིད་འཛུགས་སྐྱོང་གཙོ་བོར་བཞག་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་སློབ་སྦྱོང་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ། གཏན་འཁེལ་གཉིས་དང་སྲུང་སྐྱོང་གཉིས་བློ་ཡིད་ལ་འཇགས་པ་དང་འཚོ་བར་འདྲེས་པར་བྱེད་པ། རང་རྟོགས་ཀྱིས་དམངས་ཆེན་གྱི་བྱ་བ་དེ་ཁུལ་ཨུའི་སྣེ་ཁྲིད་དང་བསྟུན་ནས། ཏང་གི་མགོ་ཁྲིད་དེ་དམངས་ཆེན་གྱིས་འགན་འཁྲི་སྒྲུབ་པའི་བརྒྱུད་རིམ་འདྲེས་པར་བྱས་ཏེ། ཁུལ་ཨུའི་བྱ་བ་གཙོ་བོ་གང་དུ་ཡོད་ན། དམངས་ཆེན་གྱི་བྱ་བ་དང་སྟོབས་ཤུགས། ནུས་པ་བཅས་གནས་དེ་གར་ཡོད་དགོས། གཉིས་ནས་དམིགས་འབེན་གཏན་འཁེལ་དང་འབད་འཐབ་ཀྱི་དམ་བཅའ་བཞག་སྟེ། བཅོས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་དམངས་ཆེན་གྱི་འགན་འཁྲིའི་འཁུར་སེམས་མངོན་པར་བྱ་དགོས་ཏེ། ཞིང་ཆེན་ཏང་ཨུས་མཚོ་ལྷོར་བཏོན་པའི་དམིགས་འབེན་ངེས་གནས་དང་སྔོན་ཐོན་བརྩོན་ལེན་ལྔ་ཞེས་པའི་བྱ་བའི་བླང་བྱར་དམིགས་ཏེ། ཁུལ་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་ལྔ་པ་ལས་གཏན་འཁེལ་བྱས་པའི་འཕར་གཞི་གཅིག་དང་མ་དཔེ་བཞི། ཡར་ཐོན་ལྔའི་འབད་འཐབ་དམིགས་འབེན་དང་ལས་འགན་གཙོ་བོར་གཞི་བཙུགས་ནས་སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་རིམ་སྤར། མཁར་ཤང་འཛུགས་སྐྲུན། དམངས་ཚིས་ལེགས་བཅོས་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། ཁྲིམས་བཀོད་ལྟ་སྐུལ་བྱེད་ཐབས་བེད་སྤྱོད་ཡག་པོ་བྱེད་པ་དང་། དོན་དག་ཆུང་ཆུང་དང་ཞིབ་ཕྲའི་ཁྲིམས་འཛུགས་ལ་རྒྱུན་འཁྱོངས་བྱས་ནས། ཁྲིམས་ལྟར་དོན་དག་གལ་ཆེན་ཁག་གི་ཐག་གཅོད་ཀྱི་འགན་དབང་སྤྱོད་དགོས། དམངས་ཆེན་འཐུས་མི་ཡོངས་ཀྱིས་ལས་གནས་ཀྱི་ལེགས་ཆར་གཞི་ཚུགས་ཏེ། རང་འགུལ་གྱིས་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཕེལ་རྒྱས་ཀྱི་ལག་ལེན་ཁྲོད་ཞུགས་ནས། དེང་རབས་ཅན་གྱི་མཚོ་ལྷོ་གསར་པ་འཛུགས་སྐྲུན་བྱ་ཆེད་ བློ་གྲོས་དང་སྟོབས་ཤུགས་འབུལ་དགོས། གསུམ་ནས་སེམས་པ་དམངས་ལ་ཕྱོགས་པ་དང་དམངས་ལ་བདེ་སྐྱིད་བསྐྲུན་ནས། དམངས་ཚིས་བདེ་སྐྱིད་ཆེ་རུ་གཏོང་བའི་ཐད་དམངས་ཆེན་གྱི་སེམས་ཤུགས་འབུལ་དགོས་ཏེ། དུས་དང་རྣམ་པ་ཀུན་ཏུ་མི་དམངས་ཀྱི་ལངས་ཕྱོགས་བརྟན་པོར་བསྲུངས་ཏེ། མི་དམངས་ལྟེ་བར་འཛིན་པ་དང་། ཅན་བཅུའི་ཏང་འཛུགས་བྱ་བ་དང་ཟུང་འབྲེལ་བྱས་ནས། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་པ་དང་། སློབ་གསོ་དང་སྨན་བཅོས། ལས་ཞུགས། རྒན་གསོ། སྤྱི་ཚོགས་འགན་སྲུང་། སྡོད་ཁང་སོགས་མང་ཚོགས་ཀྱིས་སེམས་ཁུར་བྱེད་བཞིན་པའི་དངོས་ཡོད་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་སྟེ། མང་ཚོགས་ཀྱི་རེ་འབོད་དང་ལེན་གང་ལེགས་བྱ་དགོས་ཤིང་། འཐུས་མི་རྣམས་མི་དམངས་ཀྱི་ཁྲོད་ནས་ཡོང་བ་དང་མི་དམངས་ཀྱི་ཁྲོད་དུ་རྩ་བ་ཚུགས་པའི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ནས་སྲིད་ཇུས་སྒྲོག་འགྲེལ་དང་དོགས་གཞི་སེལ་བ། འགལ་བ་འདུམ་འགྲིག ངོས་འཛིན་གཅིག་མཐུན་ཡོང་བ་སོགས་ཀྱི་བྱ་བ་སོ་སོར་སྣེ་ཁྲིད་དེ་ལེགས་པར་བསྒྲུབས་ནས། མི་དམངས་ཀྱིས་ང་རང་འཐུས་མིར་བདམས་ན། མི་དམངས་ཀྱི་ཆེད་དུ་ཞབས་འདེགས་བཟང་པོ་སྒྲུབ་ཐུབ་པར་བྱ་དགོས། བཞི་ནས་རྩ་བ་བརྟན་པོ་དང་རྨང་གཞི་སྲ་བརྟན། ལག་ལེན་དངོས་སྒྲུབ་བཅས་བྱས་ཏེ། འགན་སྒྲུབ་ནུས་པ་མཐོར་འདེགས་སུ་གཏོང་བའི་ཐད་དམངས་ཆེན་གྱི་སྣང་བརྙན་བཟང་བོ་བསྐྲུན་དགོས་ཏེ། མུ་མཐུད་དུ་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་། དམངས་ཆེན་གྱི་རྩ་འཛུགས་ལམ་ལུགས་དང་ཚོགས་འདུའི་ལམ་ལུགས། གྲོས་རིམ། འཁོར་སྐྱོད་ལམ་སྲོལ་བཅས་འཐུས་ཚང་དུ་བཏང་ནས། དམངས་ཆེན་བྱ་བ་དེ་ལམ་ལུགས་ཅན་དང་ཚད་ལྡན་ཅན། གོ་རིམ་ཅན་བཅས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས། འཐུས་མིའི་དཔུང་སྡེ་འཛུགས་སྐྲུན་དམ་འཛིན་བྱེད་པ་དང་། སློབ་སྦྱོང་སློབ་གསོར་ཤུགས་སྣོན་བྱེད་པ། འགན་འཁྲི་སྒྲུབ་པའི་ནུས་པ་མཐོ་རུ་གཏོང་བ་བཅས་བྱས་ཏེ། ཆབ་སྲིད་བརྟན་པོ་དང་མི་དམངས་ལ་ཞབས་འདེགས་ཞུ་བ། ཁྲིམས་སྐྱོང་ལ་བརྩི་བཀུར་དང་དམངས་གཙོ་དར་སྤེལ། འགན་འཁྲི་སྒྲུབ་པ་བཅས་ཀྱི་དམངས་ཆེན་བྱ་བའི་དཔུང་སྡེ་ཞིག་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་བྱ་དགོས། ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་ལག་བསྟར་བྱས་ནས་འཐུས་མི་ཡོངས་ལ་འཐུས་མིའི་ཐོབ་ཐང་ལ་གཅེས་སྤྲས་དང་འཐུས་མིའི་འགན་འཁྲི་ནན་སྲུང་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། དུས་རབས་གསར་པའི་དམངས་ཆེན་འཐུས་མིའི་སྣང་བརྙན་བཟང་པོ་བསྐྲུན་དགོས་ཞེས་ནན་གྱིས་བསྟན།
ཞུང་ཡོན་ལའེ་ཡིས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུས་སྔར་བཞིན་ཏང་གིས་དམངས་ཆེན་བྱ་བར་མགོ་ཁྲིད་པར་ཤུགས་སྣོན་བྱས་ཏེ། དམངས་ཆེན་གྱིས་ཁྲིམས་ལྟར་འགན་དབང་སྤྱོད་པ་དང་ལས་དོན་སྤེལ་བ། ནུས་པ་འདོན་པ་བཅས་ལ་རྒྱབ་སྐྱོར་དང་འགན་ལེན་གང་ལེགས་བྱ་དགོས། སྲིད་གཞུང་གཅིག་དང་ཨུ་ཡོན་ལྷན་ཁང་གཅིག ཁང་གཉིས་བཅས་ཀྱིས་རང་རྟོགས་སྒོས་དམངས་ཆེན་གྱི་ལྟ་སྐུལ་དང་ལེན་བྱེད་པ་དང་། ཁྲིམས་ལྟར་དམངས་ཆེན་ལ་བྱ་བའི་སྙན་ཞུ་འབུལ་བ། དམངས་ཆེན་གྱི་གྲོས་ཆོད་དང་ཐག་གཅོད་དོན་འཁྱོལ་ནན་མོ་བྱས་ཏེ། ཁྲིམས་ལྟར་སྲིད་འཛིན་པ་དང་ཁྲིམས་ལྟར་ལྟ་ཞིབ་བྱེད་པ། དྲང་གཞག་གིས་ཁྲིམས་འཛིན་པ་བཅས་ཀྱི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་སུ་གཏོང་དགོས། རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་དམངས་ཆེན་གྱི་ཁྲིམས་ལྟར་འགན་དབང་སྒྲུབ་པར་རྒྱབ་སྐྱོར་བྱེད་པ་དང་། སྤུས་ཚད་མཐོན་པོས་འཐུས་མིའི་གྲོས་གཞི་དང་གྲོས་མགོ་ཐག་གཅོད་བྱས་ཏེ། དམངས་ཆེན་འཐུས་མིས་འགན་འཁྲི་སྒྲུབ་པར་ཆ་རྐྱེན་བཟང་པོ་བསྐྲུན་དགོས། འཐུས་མི་རྣམ་པས་འགན་འཁྲི་གང་ལེགས་སྒྲུབ་པ་དང་། མི་དམངས་ཀྱི་ཚབ་བྱས་ནས་བསམ་ཚུལ་དང་མི་དམངས་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པ། མི་དམངས་ལ་ཞབས་འདེགས་ཞུ་བའི་ཁྲོད་དུ་འཐུས་མིའི་རིན་ཐང་མངོན་པ་དང་དུས་རབས་ཀྱི་རྣམ་པ་མངོན་པར་བྱ་དགོས་ཞེས་བླང་བྱ་བཏོན། གསར་དུ་བདམས་ཐོན་བྱུང་བའི་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚེ་བརྟན་སྒྲོལ་མས་མཇུག་སྒྲིལ་ཚོགས་ཆེན་ལ་མགོ་འཛིན་གནང་ཞིང་། མོས་ཐེངས་འདིའི་ཚོགས་ཆེན་གྱིས་ཁུལ་ཨུའི་འཕར་གཞི་གཅིག་དང་མ་དཔེ་བཞི། ཡར་ཐོན་ལྔ་ཞེས་པའི་འབད་འཐབ་དམིགས་འབེན་ལ་དམིགས་ནས། བསམ་བློ་སྔར་ལས་གཅིག་གྱུར་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ། ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་སྟེང་གཏན་འཁེལ་བྱས་པའི་འབད་འཐབ་དམིགས་ཚད་དང་ཐེངས་འདིའི་ཚོགས་ཆེན་སྟེང་གཏན་འཁེལ་བྱས་པའི་ལས་འགན་ཁག་ཕྱོགས་ཡོངས་ནས་ལེགས་འགྲུབ་འབྱུང་བའི་ལས་འགན་ཆེ་ལ་འགན་འཁྲི་ལྕི་བས། ངེས་པར་དུ་ཁུལ་ཡོངས་ཀྱི་ལྟེ་བའི་སྤྱི་ཡོངས་ལ་དམ་པོར་དམིགས་ནས་ཁྲིམས་གྱིས་གཏན་འཁེལ་བྱས་པའི་འགན་འཁྲི་ཁྲིམས་ལྟར་སྒྲུབ་པ་དང་། སྐབས་བསྟུན་ཡར་བརྩོན་གྱིས་ལམ་བུ་གསར་པ་གཏོད་པ་དང་དངོས་སྒྲུབ་གཙིགས་འཛིན་གྱིས་དུས་རབས་གསར་པའི་མཚོ་ལྷོའི་དམངས་ཆེན་གྱི་བྱ་གཞག་གོང་དུ་སྤེལ་དགོས་ཞེས་བསྟན།

ཚེ་བརྟན་སྒྲོལ་མས་བགྲོད་ལམ་གསར་པ་གཏོད་པ་དང་མགོ་གསར་པ་བཙུགས་ནས་སྐབས་གསར་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་དེ་མིན་དམངས་ཆེན་འཐུས་མི་ཡོངས་ཀྱིས་ལངས་ཕྱོགས་བརྟན་པོས་ཆབ་སྲིད་ལ་མཐོང་ཆེན་བྱ་དགོས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་སེམས་ཤུགས་གཅིག་སྒྲིལ་ཡོང་བར་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་འདུ་ཤེས་བཞི་སྔར་བས་ཇེ་དྲག་ཏུ་གཏོང་བ། ཡིད་ཆེས་བཞི་ཇེ་བརྟན་དུ་བཏང་སྟེ་སྲུང་སྐྱོང་གཉིས་སྒྲུབ་ཐུབ་པར་བྱས་ཏེ། ཐོག་མཐའ་བར་གསུམ་དུ་བློ་དཀར་བ་དེ་མཚོ་ལྷོའི་དམངས་ཆེན་གྱི་ཆེས་མངོན་གསལ་དོད་པའི་ཆབ་སྲིད་ཀྱི་རྨང་གཞི་རུ་འགྱུར་བར་བྱ་དགོས། ཁྱོན་ཡོངས་ལ་གཞིགས་ནས་འགན་ནུས་ལེགས་པོར་བསྒྲུབ་དགོས་ཏེ། ཁུལ་ཨུའི་འཕར་གཞི་གཅིག་དང་མ་དཔེ་བཞི ཡར་ཐོན་ལྔའི་འབད་འཐབ་དམིགས་ཚད་ལ་དམ་པོར་དམིགས་ནས་རང་འགུལ་ངང་དམངས་ཆེན་གྱི་བྱ་གཞག་དེ་ཁུལ་ཡོངས་ཀྱི་བྱ་བའི་ཁྱོན་ཡོངས་ལ་མཉམ་འདྲེས་ཐུབ་པར་བྱས་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བསྩལ་བའི་འགན་འཁྲི་ལྷག་བསམ་རྣམ་དག་གིས་སྒྲུབ་ནས་མི་དམངས་ཀྱི་ཆེད་དུ་སྲིད་འབྲས་ལེན་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་འབྲས་ལེན་པར་འབད་པ་བྱས་ཏེ། དུས་ནམ་ཡང་དངོས་སྒྲུབ་འགན་འཁུར་དེ་མཚོ་ལྷོའི་དམངས་ཆེན་གྱི་ཆེས་ལེགས་པའི་འགན་སྒྲུབ་ཀྱི་བྱ་སྤྱོད་དུ་འགྱུར་བར་བྱ་དགོས། ཐོག་མའི་བསམ་འདུན་ཡིད་ལ་དམ་པོར་བཅངས་ནས་དམངས་ཀྱི་སེམས་ཁྲལ་སེལ་དགོས་ཏེ། ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བྱས་ནས་དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ལེགས་པོར་བསྐྱོད་དེ་མང་ཚོགས་ཀྱི་སེམས་འདུན་དེ་བྱ་སྤྱོད་དངོས་ལ་འགྱུར་བར་བྱེད་པ་དང་། མང་ཚོགས་ཀྱི་རེ་སྒུག་དེ་འཕེལ་རྒྱས་ཀྱི་གྲུབ་འབྲས་སུ་འགྱུར་བར་བྱས་ཏེ། དུས་ནམ་ཡང་དམངས་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་རྒྱུ་དེ་མཚོ་ལྷོའི་དམངས་ཆེན་གྱི་ཆེས་རྣམ་དག་གི་རང་རྟོགས་དོན་གཉེར་ཞིག་ཏུ་འགྱུར་བར་བྱ་དགོས། མཉམ་ཤུགས་གཅིག་ཏུ་བསྒྲིལ་དགོས་ཏེ་དུས་རབས་གསར་པའི་དམངས་ཆེན་གྱི་བྱ་བའི་ལས་འགན་ལ་གཞི་བཙུགས་ནས། སྐབས་རིམ་བྱུང་གི་དམངས་ཆེན་དང་དམངས་ཆེན་འཐུས་མིའི་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་བྱས་ཏེ། ཁུལ་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་སྟོབས་ཤུགས་དང་འབྲེལ་བ་དམ་ཟབ་དང་མཐུན་སྒྲིལ། སྐུལ་སློང་བཅས་བྱས་ཏེ། མཐུན་སྒྲིལ་གྱི་རྣམ་པས་འཕེལ་རྒྱས་ཀྱི་སྒུལ་ནུས་གཅིག་སྡུད་དང་འབད་འཐབ་ཀྱི་རྣམ་པས་དུས་རབས་ཀྱི་ལས་འགན་ལྕི་མོ་ཕྲག་ཏུ་འཁུར་ནས། དུས་ནམ་ཡང་མཐུན་སྒྲིལ་ཡར་བརྩོན་བྱ་རྒྱུ་དེ་མཚོ་ལྷོའི་དམངས་ཆེན་གྱི་ཆེས་བཟང་པོའི་དུས་རབས་ཀྱི་ཁྱད་ཆོས་ཤིག་ཏུ་འགྱུར་བར་བྱ་དགོས་ཞེས་བསྟན།
ཚོགས་འདུ་ལས་དམངས་ཆེན་འཐུས་མི་ཡོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག དམིགས་ཚད་གཏན་འཁེལ་དང་ནུས་ཤུགས་ཡོད་རྒུས་མདུན་སྐྱོད་བྱས་ཏེ། ཁྱོན་ཡངས་པའི་གུང་ཧོ་གཤོང་སའི་ལྗང་མདོག་དར་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་འཕར་གཞི་གསར་པ་གང་མགྱོགས་སྒོས་ཆགས་པར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོའི་གྲུབ་འབྲས་ལེན་པར་མཐུན་སྒྲིལ་འབད་འབུངས་བྱ་དགོས་ཞེས་འབོད་སྐུལ་བཏང་།ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས། མཚོ་ལྷོ་ཡན་ལག་དམག་ཁུལ་བཅས་ཀྱི་འབྲེལ་ཡོད་མགོ་ཁྲིད་དང་། ཁུལ་དུ་ཡོད་པའི་ཞིང་ཆེན་སྐབས་བཅུ་བཞི་པའི་དམངས་ཆེན་འཐུས་མི། ཁུལ་ཨུའི་འབྲེལ་ཡོད་པུའུ་ཨུ་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ལས་ཁུངས། ཁུལ་མི་དམངས་སྲིད་གཞུང་ལས་དོན་སྡེ་ཁག་གི་འགན་འཁུར་བ། ཁུལ་སྲིད་གཞུང་གི་ཐད་གཏོགས་ལས་ཁུངས་དང་མི་དམངས་ཚོགས་པ་ཁག་གི་འགན་འཁུར་བ། ཁུལ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བ། རང་ཁུལ་དུ་སྡོད་པའི་ཞིང་ཆེན་གྱི་ལས་ཁུངས་དང་ཁུལ་གཏོགས་ཁེ་ལས་ཁག་ཅིག་གི་འགན་འཁུར་བ། ཤང་དང་གྲོང་བརྡལ་ཁག་གི་དམངས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཀྲུའུ་ཞི་བཅས་ཚོགས་འདུར་ཟུར་ཞུགས་བྱས་ཡོད།
ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་མཇུག་སྒྲིལ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号