ངོས་དང་པོ > སྐབས་དོན། > སྣ་ཚོགས། > ༄༅། །སྲིད་པ་རྒད་པོ་རྟགས་མའི་བོད་ཀྱི་གཏམ་དཔེ་གདན་ཞུའི་འགྲན་སྡུར་སྐབས་བཞི་བ་སྤེལ་བའི་བརྡ་སྦྱོར།
༄༅། །སྲིད་པ་རྒད་པོ་རྟགས་མའི་བོད་ཀྱི་གཏམ་དཔེ་གདན་ཞུའི་འགྲན་སྡུར་སྐབས་བཞི་བ་སྤེལ་བའི་བརྡ་སྦྱོར།
རྩོམ་པ་པོ།:
ཡོང་ཁུངས།:གངས་ལྗོངས་མེ་ལོང་།
དུས་ཚོད།:2022-07-14 08:32:35
ཀློག་གྲངས།:
སྲིད་པ་རྒད་པོ་རྟགས་མའི་བོད་ཀྱི་གཏམ་དཔེ་འགྲན་སྡུར་སྐབས་དང་པོ་དང་གཉིས་པ། གསུམ་པ་བཅས་སྤེལ་བ་ཡིས། བོད་གངས་ཅན་ལྗོངས་སུ་སྲོལ་རྒྱུན་རིག་གནས་ཀྱི་བཅུད་དང་། ངག་རིག་སྒྱུ་རྩལ་གྱི་རང་མདངས་རབ་ཏུ་མངོན་པར། མགོ་ནག་བོད་པ་རྣམས་ཀྱི་དགའ་བའི་དབང་བོ་མ་ལུས་ཡང་ཡང་འཕྲོག་ཅིང་། བློ་ཡིད་སེམས་གསུམ་གྱི་དབུས་སུ་གཞན་དུ་མེད་པའི་རིག་གནས་ཀྱི་ཞིམ་མངར་འཁྱིལ་བས། བསྟོད་པའི་མཐེ་བོང་ཡང་ཡང་བསྒྲེངས་ཤིང་། མུ་མཐུད་དུ་བསྒྲུབ་པར་རེ་བ་འབྲུག་སྒྲ་བཞིན་ཡང་ཡང་གྲགས་པ་ན། སྲིད་པ་རྒད་པོ་རྟགས་མའི་བོད་ཀྱི་གཏམ་དཔེ་གདན་ཞུའི་འགྲན་སྡུར་སྐབས་བཞི་བ་ད་ལོའི་སྤྱི་ཟླ་བདུན་པའི་ཟླ་མཇུག་ཏུ་མཛེས་སྡུག་དཔལ་དུ་བཞད་པའི་རྩེ་གཞུང་རྩྭ་ཐང་ནས་སླར་ཡང་སྐྱེ་རྒུའི་གསོས་སུ་འབྱོན་ཞིང་། སྲིད་ཞིའི་རྒྱན་དུ་བལྟམས་ནས། ངོ་མཚར་དཔལ་དུ་འབར་བའི་དམངས་ཁྲོད་རིག་གནས་ཀྱི་གཟི་བྱིན་ངོམས་པར་བྱ་རྒྱུ་ཡིན་ཞིང་། ལྷག་པར་དུ་གངས་ལྗོངས་མེ་ལོང་དྲ་བས་རྒྱ་ཆེའི་དྲ་དམངས་རྣམས་ཀྱི་འདོད་པའི་རྩེ་དང་བསམ་པའི་དང་ག་རུ་ཐེངས་འདིའི་གཏམ་དཔེ་འགྲན་སྡུར་གྱི་བརྒྱུད་རིམ་མཐའ་དག་དྲ་ལམ་ནས་ཐད་གཏོང་བྱས་ཏེ། བསྐལ་བ་ཡག་གི་དབྱར་གཞུང་སྐྱིད་པོར་རིག་གནས་ཀྱི་གསོལ་སྟོན་རྒྱ་ཆེན་པོ་བཤམ་རྒྱུ་ཡིན་པས། མོས་ལྡན་དག་གིས་དུས་ལྟར་ཐད་གཏོང་ལ་གཟིགས་པར་དགའ་བསུ་ཞུ།
དམངས་ཁྲོད་ཀྱི་རིག་གནས་བླ་ན་མེད་པ་འདི་ཉིད། གྲ་མ་ཆག་ཅིང་གྲུ་མི་ཉམས་པར་རྒྱུད་འཛིན་གོང་སྤེལ་གཏོང་ཆེད། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་མཚོ་སྔོན་ཞིང་ཆེན་མི་རིགས་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས། རྩེ་ཁོག་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། རྩེ་ཁོག་རྫོང་སྲིད་པ་རྒད་པོ་སྲོལ་རྒྱུན་རིག་གནས་དར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་བཅས་ཀྱིས་འགན་སྒྲུབ་བྱས་པའི་སྲིད་པ་རྒད་པོ་རྟགས་མའི་བོད་ཀྱི་གཏམ་དཔེ་གདན་ཞུའི་འགྲན་སྡུར་སྐབས་བཞི་བ་སྤྱི་ཟླ7པའི་ཟླ་མཇུག་ཏུ་གཤམ་གསལ་གྱི་སྟེགས་བུ་དག་ནས་ཐད་གཏོང་བྱ་རྒྱུ་ཡིན།
ཐད་གཏོང་སྟེགས་བུ།
མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གངས་ལྗོངས་མེ་ལོང་དྲ་བ།
གངས་ལྗོངས་མེ་ལོངAPP
ཉིན་རེའི་གངས་ལྗོངས་འཁྱུག་དབྱིངས།
ཉིན་རེའི་གངས་ལྗོངས་སྐད་འཕྲིན་བརྙན་ལམ།
མཚོ་སྔོན་བོད་སྐད་རླུང་འཕྲིན་འཁྱུག་དབྱིངས།
མཚོ་སྔོན་བོད་སྐད་རླུང་འཕྲིན་སྐད་འཕྲིན་བརྙན་ལམ།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།