མཚོ་ལྷོ་ཁུལ་གྱིས་ལས་གཞི31དང་སྒོར་དུང་ཕྱུར79.55ཡི་ཆིངས་ཡིག་བཞག་པ།

རྩོམ་པ་པོ།:འདི་ག་རྩོམ་སྒྲིག་ཁང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2022-07-25 14:41:38 ཀློག་གྲངས།:
ཆིངས་ཡིག་འཇོག་སའི་ཡུལ་དངོས།
        ཟླ7པའི་ཚེས23ཉིན། ཀྲུང་གོ.མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས23པ་དང་། ཀྲུང་གོ(མཚོ་སྔོན)རྒྱལ་སྤྱིའི་སྐྱེ་ཁམས་དངོས་མང་འགྲེམ་སྟོན་ཚོགས་འདུ་སྐབས་གཉིས་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཚོགས་རའི་ཆིངས་ཡིག་འཇོག་པའི་མཛད་སྒོ་ཟི་ལིང་དུ་སྤེལ། ཅང་སུའུ་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་གཞོན་པ་ཝང་ཀྲི་ཀྲུང་དང་། མཚོ་ལྷོ་ཁུལ་ཨུའུ་ཧྲུའུ་ཅི་ལིས་ཀང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀརྨ་ཕུན་ཚོགས། ཁུལ་དམངས་ཆེན་རྒྱུན་ཨུའུ་ཀྲུའུ་རེན་མཱ་ཅན་ཧུང་། ཁུལ་སྲིད་གྲོས་ཀྲུའུ་ཞི་ཚེ་རིང་བཅས་ཆིངས་ཡིག་འཇོག་པའི་མཛད་སྒོར་ཞུགས།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་ཁུལ་དཔོན་གཞོན་པ་ཁྲིན་ཧྲོའུ་ཧྲན་གྱི་འགོ་འཛིན་བྱེད་བཞིན་པ།
        ཐེངས་འདིའི་མཚོ་ལྷོ་ཁུལ་གྱི་ཚོགས་རར་བསྡོམས་པས་ལས་གཞི31ལ་ཆིངས་ཡིག་བཞག་ཅིང་། དངུལ་གྲངས་སྒོར་དུང་ཕྱུར79.55ཡི་ཆིངས་ཡིག་བཞག ཆིངས་ཡིག་འཇོག་པའི་ལས་གཞི་ལ་རིག་ནུས་རླུང་འཕྲུལ་བཟོ་སྐྲུན་གྱི་སྤྱིའི་སྒྲིག་ཆས་བཟོ་གྲྭ་དང་གཞི་གྲངས་ལྟེ་གནས་ཀྱི་རིམ་འདས་རྩིས་འཁོར་དང་སྤྲིན་རྩིས། ལྗང་མདོག་ཐཱན་ཉུང་གཞི་གྲངས་ཆེན་མོའི་ལྟེ་གནས+ནུས་ཁུངས་གཞི་གཅིག་ཅན། ཆིང་ནུས་ཐོན་ལས་དཔེ་སྟོན་ཁུལ་གྱི་ཆིང་བཟོ་དང་མཉམ་བསྲེས་མཱེ་ལྕགས་ལྗང་མདོག་འཛུགས་སྐྲུན་རྒྱུ་ཆས་དང་འཁོར་མདའ་རྡུང་བཟོ་སོགས་ཡོད། གན་རྒྱའི་ཆིངས་ཡིག་བཞག་པའི་ལས་གཞི་ལ་ཐོན་ལས་རིགས་སྣ་མང་བ་དང་དངུལ་གཏོང་གྲངས་འབོར་ཆེ་བ། ཚན་རྩལ་འདུས་ཚད་མཐོ་བ་སོགས་ཀྱི་ཁྱད་ཆོས་ལྡན།
ཁུལ་དཔོན་གཞོན་པ་ཏོའུ་ཅིན་ཕེན།
        ལས་གཞི་ལ་ཆིངས་ཡིག་བདེ་བླག་གིས་བཞག་པ་ནི་མཚོ་ལྷོ་ཁུལ་དང་ཁེ་ལས་སོ་སོའི་བར་གྱི་མཛའ་མཐུན་མཉམ་ལས་ཀྱི་མགོ་ཚུགས་སྟངས་ཤིག་ཡིན་ལ། རྗེས་ཕྱོགས་ཀྱི་མཚོ་ལྷོ་ཁུལ་གྱི་འཕེལ་རྒྱས་ལ་སྒུལ་ཤུགས་དྲག་པོ་བསྩལ་ཞིང་། མཚོ་ལྷོ་ཁུལ་གྱིས་ཀྱང་དངུལ་གཏོང་ཁེ་ལས་ལ་སྔར་ལས་རྒྱ་ཆེ་བའི་འཕེལ་རྒྱས་ཀྱི་བར་སྟོང་འདོན་སྤྲོད་བྱེད་ངེས་ཡིན་ཞིང་། དེ་ལྟར་ཕྱོགས་གཉིས་བར་ཕན་ཚུན་ཕན་ཞིང་མཉམ་རྒྱལ་འཕེལ་རྒྱས་ཡོང་བ་མངོན་འགྱུར་བྱེད་ངེས་ཡིན།
ཡོང་ཁུངས། མཚོ་ལྷོ་ཚགས་པར།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།