མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་བརྗོད་དོན་བཤམས་སྟོན་ཁང་ཐོག་མ་ཁྲི་ཀ་རུ་བཙུགས་པ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2022-07-29 10:55:24 ཀློག་གྲངས།:13167
        ཟླ7པའི་ཚེས27ཉིན། ཁྲི་ཀ་རྫོང་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་བརྗོད་དོན་བཤམས་སྟོན་ཁང་སྒོ་ཕྱེ་བའི་མཛད་སྒོ་སྤེལ། མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ལུའི་ཀང་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པའམ་ཞིང་ཆེན་ཕྱི་སྡོད་བོད་རིགས་སྤུན་ཟླ་བྱ་བའི་གཞུང་ལས་ཁང་གི་ཀྲུའུ་རེན། ཞིང་ཆེན་སྲིད་གཞུང་ཕྱི་སྡོད་རང་མིའི་ལས་དོན་གཞུང་ལས་ཁང་གི་ཀྲུའུ་རེན་ཉིང་ཧའེ་དབྱིན་གཉིས་ཀྱིས་ཁྲི་ཀ་རྫོང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་བརྗོད་དོན་བཤམས་སྟོན་ཁང་གི་ཡོལ་རས་ཕྱེ། ཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གི་མགོ་ཁྲིད་པ་དང་། ཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་ལས་ཁུངས་སོ་སོ་དང་མི་དམངས་ཚོགས་པ་སོ་སོའི་འགན་འཁུར་བློ་མཐུན་བཅས་བསྡོམས་པས་མི200ལྷག་སྒོ་འབྱེད་མཛད་སྒོར་ཞུགས་པར་མ་ཟད་བརྗོད་དོན་བཤམས་སྟོན་ཁང་དུ་ལྟ་སྐོར་བྱས།
སྒོ་འབྱེད་མཛད་སྒོ་མཇུག་བསྒྲིལ་རྗེས་སྐུ་མགྲོན་རྣམས་ཀྱིས་བཤམས་སྟོན་ཁང་དུ་ལྟ་སྐོར་བྱེད་པ།
        མཚམས་སྦྱོར་བྱས་པ་ལྟར་ན། བཤམས་སྟོན་ཁང་དེ2021ལོའི་ལོ་མགོར་འཛུགས་སྐྲུན་བྱེད་མགོ་བརྩམས་པ་དང་། བརྗོད་དོན་བཤམས་སྟོན་ཁང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ1338ཡོད་ཅིང་། བཤམས་ཁུལ་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ1180ཡོད། བསྡོམས་པས་མ་དངུལ་སྒོར་ཁྲི500བཏང་། འབུར་བརྐོས་དང་དངོས་རྫས། བརྙན་རིས། རི་མོ། ཡི་གེ་བཅས་ཐེག་བྱད་བྱས་ཏེ། ཏང་དང་མི་དམངས་ཀྱི་དབུགས་ལམ་གཅིག་གྱུར། འཕེལ་རྒྱས་དང་ཡར་ཐོན་གྱི་བདེ་སྡུག་མཉམ་མྱོང་།སོ་སྲུང་རོགས་རེས་ཀྱིས་སེམས་པ་ཏང་ལ་ཕྱོགས་པ་བཅས་ལེའུ་གསུམ་གྱི་ཚན་པ་བཅུ་ལ་བགོས་ནས་བཤམས་ཡོད།
        མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ལུའི་ཀང་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པའམ་ཞིང་ཆེན་ཕྱིར་སྡོད་བོད་རིགས་སྤུན་ཟླ་བྱ་བའི་གཞུང་ལས་ཁང་གི་ཀྲུའུ་རེན། ཞིང་ཆེན་སྲིད་གཞུང་ཕྱིར་སྡོད་རང་མིའི་ལས་དོན་གཞུང་ལས་ཁང་གི་ཀྲུའུ་རེན་ཉིང་ཧའེ་དབྱིན་གཉིས་ཀྱིས་ཁྲི་ཀ་རྫོང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་བརྗོད་དོན་བཤམས་སྟོན་ཁང་གི་ཡོལ་རས་ཕྱེ།
སྒོ་འབྱེད་མཛད་སྒོ་མཇུག་བསྒྲིལ་རྗེས་སྐུ་མགྲོན་རྣམས་ཀྱིས་བཤམས་སྟོན་ཁང་དུ་ལྟ་སྐོར་བྱེད་པ།
        བརྗོད་དོན་བཤམས་སྟོན་ཁང་འགྲུབ་པ་དེ་ནི་ཁྲི་ཀ་རྫོང་གི་བཅོས་བསྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་སྟོན་པའི“སྒེའུ་ཁུང”ལྟ་བུར་གྱུར་ནས། མི་རིགས་འགྲིག་མཐུན་དང་ཆོས་ལུགས་ཞི་མཐུན། སྤྱི་ཚོགས་འཆམ་མཐུན་བཅས་ལ་ཡར་སྐུལ་བྱེད་པར་ནང་སྐྱེས་ཀྱི་སྒུལ་ཤུགས་དྲག་པོ་བསྩལ་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མཚོ་ལྷོ་དཔེ་གཞི་བསྐྲུན་ངེས་ཡིན།
མགོ་ཁྲིད་གཙོ་བོས་བཤམས་སྟོན་ཁང་ལ་ལྟ་སྐོར་བྱེད་པ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།