སློབ་མའི་ཚེ་སྲོག་བདེ་འཇཊ་དང་འབྲེལ་བའི་དོན་དག་གལ་ཆེན་ཞིག

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུ དུས་ཚོད།:2022-08-02 08:41:57 ཀློག་གྲངས།:
        གསར་འགོད་པས་ཚེས29ཉིན་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། སློབ་གསོ་པུའུ་དང་སྤྱི་བདེ་པུའུ། དམངས་སྲིད་པུའུ། ཆུ་བེད་པུའུ། ཞིང་ལས་དང་གྲོང་གསེབ་པུའུ་སོགས་སྡེ་ཁག་ལྔ་ཡིས་མཉམ་འབྲེལ་ཐོག་བརྡ་ཐོ་པར་འགྲེམ་བྱས་ནས། སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཆུར་མ་ལྷུང་བ་བྱེད་པའི་ལས་དོན་ལེགས་པར་བསྒྲུབས་ནས། སློབ་མའི་ཚེ་སྲོག་བདེ་འཇགས་ལ་འགན་སྲུང་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་འདུག
        ཤེས་རྟོགས་བྱུང་བར། ཉེ་ཆར་ས་གནས་ཁག་གི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཆུར་ལྷུང་བའི་དོན་རྐྱེན་མང་པོ་ཐོན་ཡོད་པ་དང་། ལྷག་པར་དུ་སྤྱི་ལོ2022ལོའི་ཟླ7པ་ནས་བཟུང་། ས་གནས་མང་པོར་རྒྱུན་མཐུད་མི3ཡན་ཆུར་ལྷུང་ནས་རྐྱེན་ལམ་དུ་ཤོར་བའི་དོན་རྐྱེན་ཐོན་ཏེ། སློབ་གྲྭ་འབྲིང་ཆུང་གི་སློབ་མ་མང་པོ་ཞིག་འདས་གྲོངས་སུ་ཕྱིན་ཡོད་པས། དེས་ས་གནས་ཁ་ཤས་ཀྱི་སློབ་མ་ཆུར་ལྷུང་བ་སྔོན་འགོག་བྱེད་པའི་སློབ་གསོ་དོན་ཐོག་ཏུ་མི་འཁྱོལ་བ་དང་། ཁྱིམ་བདག་གིས་ལྟ་སྐྱོང་འགན་འཁྲི་ཡག་པོ་མི་འཁུར་བ། གྲོང་གསེབ་ས་ཁུལ་གྱི་སྒོ་འབྱེད་ཆུ་ཁོངས་སུ་སྐོར་ཞིབ་འགོག་སྲུང་བྱ་རྒྱུ་མི་འདང་བ་སོགས་མངོན་གསལ་དོད་པའི་གནད་དོན་མང་པོ་གནས་པ་མངོན་ཡོད།
        དེའི་ཐད་བརྡ་ཐོའི་ནང་། ས་གནས་ཁག་གིས་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོང་གསེབ་ས་ཁུལ་གྱི་སློབ་གྲྭ་དང་གྲོང་ཚོའི་མཐའ་འཁོར། སློབ་མ་སློབ་གྲྭར་འགྲོ་ས་དང་ཁྱིམ་དུ་ལོག་སའི་ལམ་བར་གྱི་ཆུ་ཁོངས་གཙོ་གནད་དུ་བཟུང་ནས། མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྐྱོང་ལས་དོན་རེ་རེ་བཞིན་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པའི་ནན་སྟོན་བྱས་ཡོད།
        སྐོར་ཞིབ་སྔོན་འགོག་ཚོད་འཛིན་ཤུགས་ཆེར་གཏོང་བ་དང་། ཆུ་དང་མཚེའུའི་བདག་པོའི་ལམ་ལུགས་ཀྱི་སྟེགས་བུའི་བྱེད་ནུས་འདོན་སྤེལ་བྱས་ནས་ཉེན་ཁའི་ཆུ་ཁོངས་ཀྱི་སྐོར་ཞིབ་དོ་དམ་ཤུགས་ཆེར་བཏང་ཐོག་སློབ་མས་རང་དགར་ཆུ་རྐྱལ་ཆུ་རྩེད་བྱེད་པ་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས།
        འགོག་སྲུང་སྒྲིག་བཀོད་ཤུགས་ཆེར་གཏོང་བ་དང་། མིས་སྲུང་བ་དང+ལག་རྩལ་གྱིས་སྲུང་བ+དངོས་པོས་སྲུང་བ་བཅས་ཀྱི་རིམ་བརྩེགས་དང་ཕན་ཚུན་ཁ་གསབ་ཀྱི་བྱེད་ཐབས་བརྒྱུད་ནས། གཙོ་གནད་ཆུ་ཁོངས་ཀྱི་འགྲམ་རྒྱུད་ཡོངས་སུ་ཁེབས་པར་ཁག་ཐེག་བྱེད་དགོས།
        དྲིལ་བསྒྲགས་སློབ་གསོ་ཤུགས་ཆེར་གཏོང་བ་དང་། དཔེ་མཚོན་དོན་རྐྱེན་གྱོད་དཔེར་དབྱེ་ཞིབ་བྱས་ནས། ཆུར་ལྷུང་བ་སྔོན་འགོག་བྱེད་པའི་ཤེས་བྱ་དང་རོགས་སྐྱོབ་ཤེས་བྱ་སྒྲོག་འགྲེལ་བྱེད་པ་པ་དང་། ཐེངས་གྲངས་མང་ཞིང་ཁེབས་རྒྱ་ཆེ་བའི་ཆུར་ལྷུང་སྔོན་འགོག་གི་དྲིལ་བསྒྲགས་སློབ་གསོ་རྒྱ་ཆེར་སྤེལ་དགོས།
        དོ་ཁུར་དང་གཅེས་སེམས་ཤུགས་ཆེར་གཏོང་བ་དང་། གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་དང་དཀའ་གནས་སུ་ལུས་པའི་བྱིས་པ་གཙོ་གནད་དུ་བཟུང་ནས། ཁྱིམ་ཚང་དང་སློབ་གྲྭ། སྤྱི་ཚོགས་བཅས་བར་གྱི་སྦྲེལ་མཐུད་མཉམ་ལས་ཤུགས་ཆེར་གཏོང་བ་དང་། དུས་ཐོག་ཏུ་བདེ་འཇགས་དྲན་སྐུལ་དང་གཅེས་སེམས་རོགས་སྐྱོར་ལེགས་པར་བསྒྲུབ་དགོས་ཞེས་བསྟན་ཡོད།
        བརྡ་ཐོའི་ནང་། ས་གནས་ཁག་གིས་གཤོང་འགོག་ཟུང་འབྲེལ་བྱེད་ཤུགས་ཆེ་རུ་བཏང་ནས། སློབ་གྲྭ་འབྲིང་ཆུང་གི་སློབ་མར་ཁ་ཕྱོགས་ནས་ཆུ་རྐྱལ་སློབ་གསོ་དང་རང་སྐྱོབ། ཕན་ཚུན་སྐྱོབ་རོགས་བཅས་ཀྱི་རྩལ་ནུས་གསོ་སྦྱོང་རྒྱ་ཆེར་སྤེལ་རྒྱུ་དང་། ཆ་རྐྱེན་འཛོམས་པའི་ས་ཁོངས་སུ་ཆུ་རྐྱལ་དང་ཆུ་རྩེད་ལ་འཚམ་པའི་གནས་ཁང་དང་དེ་བསྟུན་གྱི་སྒྲིག་ཆས་འཛུགས་པ། གཟའ་མཇུག་དང་དུས་སྟོན་གུང་གསེང་སྐབས་སུ་གྲོང་གསེབ་སློབ་མར་ཕྱོགས་བསྡུས་བྱང་ཚད་གསོ་སྐྱོང་དང་གཅེས་སེམས་འཆང་བ། སེམས་ཁམས་སེམས་གསོ་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ནས། སློབ་སྦྱོང་དང་སྤྲོ་གསེང་རོལ་རྩེད་ཀྱི་དགོས་མཁོ་སྐོང་དགོས་ལ། ལྟ་སྐུལ་སློབ་སྟོན་དཔྱད་ཞིབ་ཤུགས་ཆེར་གཏོང་བ་དང་། འགན་འཁྲི་དངོས་འཛུགས་བྱས་ནས། བྱེད་ཐབས་ཁག་དོན་འཁྱོལ་དམིགས་ཟིན་བྱེད་པར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།