༢༠༢༢ལོའི་ལོ་འཁོར་གྱི་རྒྱལ་ཡོངས་དཔེ་ཁྲིད་མི་སྐྱོང་གི་དཔེ་བཟང་འདེམས་པའི་བྱེད་སྒོའི་བརྡ་སྦྱོར།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2022-08-03 10:51:38 ཀློག་གྲངས།:14083
        དགེ་རྒན་དུས་ཆེན་ཐེངས་སོ་བརྒྱད་པར་རྟེན་འབྲེལ་ཞུ་བ་དྲིལ་སྒྲོག་བྱས་ནས་དུས་རབས་གསར་པའི་མི་དམངས་དགེ་རྒན་གྱི་དཔེ་ཁྲིད་མི་སྐྱོང་གི་བྱས་རྗེས་ཉམས་འགྱུར་མངོན་པར་བྱེད་པ་དང་། རྒྱ་ཆེའི་དགེ་རྒན་གྱིས་བྱ་སྤྱོད་ངོ་མའི་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་བ་བྱེད་པར་སྐུལ་ལྕག་གཏོང་བ། ཏང་དང་མི་དམངས་ཀྱིས་བློ་ཡིད་ཚིམ་པའི“དགེ་རྒན་ཡག་པོ་བཞི་ལྡན”ཞིག་བྱེད་པར་བརྩོན་ལེན་བྱེད་པ། སྤྱི་ཚོགས་ཡོངས་སུ་དགེ་རྒན་ལ་གུས་བཀུར་དང་སློབ་གསོར་མཐོང་ཆེན་གྱི་རྣམ་པ་ཟབ་མོ་ཞིག་སྔར་བས་གཏོད་པ་བཅས་ཀྱི་ཆེད་དུ། ༢༠༢༢ལོའི་རྒྱལ་ཡོངས་དཔེ་ཁྲིད་མི་སྐྱོང་གི་དཔེ་བཟང་འདེམས་སྒྲུག་བྱེད་སྒོ་སྤེལ་རྒྱུའི་གཏན་འཁེལ་བྱས།
གཅིག འོས་འདེམས་ཁྱབ་ཁོངས།
        ཞིང་ཆེན་དང་པུའུ་རིམ་པ་ཡན(ཚུད་པ)གྱི་གཟི་བརྗིད་མཚན་སྙན་ཐོབ་མྱོང་བར་མ་ཟད། དཔེ་ཁྲིད་མི་སྐྱོང་ཐད་བྱས་རྗེས་མངོན་གསལ་འཇོག་མཁན་གྱི་རིམ་པ་ཁག་དང་རིགས་སོ་སོའི་སློབ་གྲྭའི་དགེ་རྒན་ཡིན།
གཉིས། འདེམས་སྒྲུག་མི་གྲངས།
        རིམ་པ་འོག་མ་ནས་གོང་མའི་བར་དང་རིམ་པ་བཞིན་འོས་སྦྱོར་བྱེད་པའི་བྱེད་ཐབས་སྤྱད་དེ། ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)སོ་སོ་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གིས་འོས་སྦྱོར་བྱས་ཏེ་འོས་མི་བདམས་རྗེས། དེའི་ཁྲོད་ནས་རྒྱལ་ཡོངས་ཀྱི་དཔེ་ཁྲིད་མི་སྐྱོང་གི་དཔེ་བཟང10གདམ་རྒྱུ།
གསུམ། འདེམས་སྒྲུག་ཆ་རྐྱེན།
        ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ་དང་། ཏང་དང་མི་དམངས་ཀྱི་སློབ་གསོའི་བྱ་གཞག་ལ་ལྷག་བསམ་རྣམ་དག་བྱེད་པ། རྒྱལ་ཁབ་ཀྱི་སློབ་གསོའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་སྒྲུབ་པ། “དགེ་རྒན་ཡག་པོ་བཞི་ལྡན”དང“ལམ་སྣེ་ཁྲིད་མཁན་བཞི”། “ཕན་ཚུན་གཅིག་གྱུར་བཞིའི”བླང་བྱ་ལག་ལེན་བསྟར་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། དཔེ་ཁྲིད་མི་སྐྱོང་གི་གྲུབ་འབྲས་མངོན་གསལ་དོད་པོ་ལྡན་པ་དང་བྱས་རྗེས་མངོན་གསལ་བཞག་ཡོད་པ། བྱས་རྗེས་ཀྱིས་མི་སེམས་སྒུལ་བ། སྤྱི་ཚོགས་ཀྱི་མཚན་སྙན་མཐོ་བ། ཤུགས་རྐྱེན་གལ་ཆེན་ལྡན་པ། མི་དམངས་མང་ཚོགས་ཀུན་གྱིས་ཁས་ལེན་ཐོབ་པ་བཅས་ཡིན།
བཞི། བྱེད་སྒོའི་གོ་རིམ།
        1. འོས་མི་འོས་སྦྱོར།
        ཞིང་ཆེན་སོ་སོའི(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)སློབ་གསོ་ཐིང་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་སློབ་གསོ་ཅུའུ་ཡིས་འོས་མི་འོས་སྦྱོར་བྱེད་པར་མ་ཟད། ཞིང་ཆེན་རིམ་པའི་ཏང་ཨུ་དྲིལ་སྒྲོག་སྡེ་ཁག་གིས་བསམ་འཆར་བསྡུ་ལེན་བྱེད་དགོས།
        2. འདེམས་སྒྲུག་འོས་མི་གཏན་འཁེལ།
        བྱེད་སྒོ་སྒྲིག་འཛུགས་ཨུ་ལྷན་གྱིས་ས་གནས་ཁག་གིས་འོས་སྦྱོར་བྱས་པའི་འོས་མིར་ཞིབ་བཤེར་ནན་ཏན་བྱས་ནས། རྒྱལ་ཡོངས་དཔེ་ཁྲིད་མི་སྐྱོང་གི་དཔེ་བཟང་འོས་མི64གཏན་འཁེལ་བྱེད་དགོས།
        3. བྱས་རྗེས་ཡོངས་བསྒྲགས།
        མི་དམངས་ཉིན་རེའི་ཚགས་པར་དང་འོད་ཟེར་ཉིན་རེའི་ཚགས་པར། ཀྲུང་གོའི་སློབ་གསོའི་ཚགས་པར་ཐོག་འོས་མིའི་མིང་ཐོ་དང་ངོ་སྤྲོད་མདོར་བསྡུས་བཅས་འགོད་དགོས་པ་དང་། སློབ་གསོ་པུའུ་ཡི་གཙོ་ཆེའི་དྲ་ཚིགས་དང་མི་དམངས་དྲ་བ། ཞིན་ཧྭ་དྲ་བ། འོད་ཟེར་དྲ་བ། ཀྲུང་གོ་ན་གཞོན་དྲ་ཚིགས། ཀྲུང་དབྱང་རླུང་འཕྲིན་དྲ་བ། ཀྲུང་གོའི་དྲ་བ། ཀྲུང་གོའི་སློབ་གསོའི་གསར་འགྱུར་དྲ་བ། ཀྲུང་གོའི་སློབ་གསོ་དྲ་བའི་བརྙན་འཕྲིན་ལས་ཁུངས། ཞིན་ལང་དྲ་བ། ཐེང་ཞུན་དྲ་བ། སིའུ་ཧུའུ་དྲ་བ་སོགས་ཀྱི་དྲ་ངོས་སུ་འོས་མིའི་མིང་ཐོ་དང་བྱས་རྗེས་ཞིབ་ཕྲ་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་ཁྱབ་སྒྲོག་བྱེད་པ་དང་། ཁྱབ་སྒྲོག་དུས་ཡུན་ནི་ཟླ8པའི་ཚེས2ཉིན་ནས་ཟླ8པའི་ཚེས16ཉིན་བར་ཡིན།
        ཁྱབ་སྒྲོག་བྱེད་རིང་། རྒྱ་ཆེའི་དགེ་སློབ་དང་ཁྱིམ་བདག སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱིས་དཔེ་བཟང་འོས་མིའི་བྱས་རྗེས་ལ་སློབ་སྦྱོང་དང་རྒྱུས་ལོན་བྱེད་པར་དགའ་བསུ་ཞུ་རྒྱུ་མ་ཟད། དངོས་ཐོག་བདེན་འཚོལ་དང་བདེན་པ་དྲང་གཞག་གིས་དཔྱད་མོལ་དང་ལྟ་སྐུལ་ཡང་བྱ་རྒྱུ་རེད། གལ་ཏེ་འོས་མིར་བསམ་འཆར་མི་མཐུན་པ་ཡོད་ན། རྒྱལ་ཡོངས་དཔེ་ཁྲིད་མི་སྐྱོང་གི་དཔེ་བཟང་འདེམས་སྒྲུག་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་ལ་ཞུ་དགོས།
        གློག་རྡུལ་ཡིག་ཟམ། jsszhc@moe.edu.cn
        ཁ་པར་ཨང་གྲངས། 010—66096771
        4. མཇུག་འབྲས་གཏན་འཁེལ།
        འདེམས་སྒྲུག་ཨུ་ལྷན་གྱིས་ཡོངས་བསྒྲགས་བརྡ་ལན་དང་དོན་དངོས་གནས་ཚུལ་ལ་གཞིགས་ནས། འོས་མི64ཡི་ནང་ནས་རྒྱལ་ཡོངས་ཀྱི་དཔེ་ཁྲིད་མི་སྐྱོང་གི་དཔེ་བཟང10གདམ་རྒྱུ།
ལྔ། དྲིལ་སྒྲོག་གཟེངས་བསྟོད།
        དགེ་རྒན་དུས་ཆེན་རིང་། རྒྱལ་ཡོངས་དཔེ་ཁྲིད་མི་སྐྱོང་གི་དཔེ་བཟང10ལ་དྲིལ་སྒྲོག་གཟེངས་བསྟོད་བྱ་རྒྱུ་རེད།
རྒྱལ་ཡོངས་དཔེ་ཁྲིད་མི་སྐྱོང་གི་དཔེ་བཟང་འདེམས་སྒྲུག་ཨུ་ཡོན་ལྷན་ཁང་།
2022ལོའི་ཟླ8པའི་ཚེས2ཉིན།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།