ངོས་དང་པོ > སྐབས་དོན། > སྣ་ཚོགས། > ༄༅། །རིམས་འགོག་ཡུལ་དངོས་སུ་ན་གཞོན་དང་བླངས་པས་ལང་ཚོའི་སྟོབས་ཤུགས་མངོན།
༄༅། །རིམས་འགོག་ཡུལ་དངོས་སུ་ན་གཞོན་དང་བླངས་པས་ལང་ཚོའི་སྟོབས་ཤུགས་མངོན།
རྩོམ་པ་པོ།:བསོད་རྡོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2022-08-19 07:19:10
ཀློག་གྲངས།:
བསྟུད་མར་ཉིན་འགའི་རིང་ལ། གཏེར་ལེན་ཁ་གྲོང་ཁྱེར་གྱི་ཉིང་སྐྱུར་བརྟག་བཤེར་ས་ཚུགས་དང་། སྡོད་དམངས་སྡེ་ཁུལ་གྱི་རིམས་འགོག་ཡུལ་དངོས་སུ། ན་གཞོན་དང་བླངས་ཚོགས་པ་ཞིག་གི་གྲིབ་གཟུགས་ཡལ་མེད་དུ་སྣང་ལ། ཁོ་ཚོས་རང་འགུལ་ངང་རིམས་ནད་འགོག་སྲུང་གི་ཡུལ་དངོས་སུ་འགན་འཁྲི་དང་དུ་བླངས་ནས་ལང་ཚོའི་སྟོབས་ཤུགས་ཕུལ།

ད་ལོར་མོ་ལོ་ཉེར་ལྔར་བསླེབས་པའི་ཡུན་ཞན་ཅོན་ནི་གཏེར་ལེན་ཁ་གྲོང་ཁྱེར་གྱི་ན་གཞོན་རིམས་འགོག་འཕྲལ་སྒྲུབ་དང་བླངས་རུ་ཁག་གི་ཁོངས་མི་ཡིན་ལ། དུས་མཚུངས་སུ་གུང་གཞོན་ཚོགས་པ་གཏེར་ལེན་ཁ་གྲོང་ཁྱེར་ཏང་ཨུའི་ལས་བྱེད་མི་སྣ་ཞིག་ཀྱང་ཡིན། ཟླ8པའི་ཚེས12ཉིན་ཉིང་སྐྱུར་བཤེར་འཇལ་སྐོར་ཐེངས་དང་པོ་བྱས་པའི་ཚུན་ལ། མོས་དུད་ཁྱིམ་ཐོ་འགོད་ཀྱི་འགན་འཁྲི་དང་དུ་བླངས་ནས་དྲ་ལམ་དུ་སྐད་འཇོག་པའི་ལས་ཀ་དང་རིམས་འགོག་དང་བླངས་པ་བསྡུ་བའི་ལས་ཀ་སོགས་དང་དུ་བླངས། རྒྱུན་པར་བསྟུད་མར་དུས་ཚོད་ལྔ་དང་དྲུག་ལྷག་གི་རིང་ལ་བྱ་བ་སྒྲུབ་བཞིན་ཡོད་པས། སྐབས་ལན་རེར་ཆུ་ཁམ་གང་ཡང་འཐུང་ཁོམ་མེད་པ་རེད།
གཏེར་ལེན་ཁ་གྲོང་ཁྱེར་གྱི་ན་གཞོན་རིམས་འགོག་འཕྲལ་སྒྲུབ་དང་བླངས་རུ་ཁག་གི་ཁོངས་མི་ཡུན་ཞན་ཅོན་གྱིས་བཤད་རྒྱུར། རང་ཉིད་ན་གཞོན་དང་བླངས་པ་ཞིག་དང་གུང་གཞོན་ཚོགས་མི་ཞིག་ཡིན་པའི་ཆ་ནས། རང་ས་གནས་དཀའ་ཁག་ལ་འཕྲད་དེ་དགོས་མཁོ་བྱུང་ཚེ། དང་བླངས་ནང་ཞུགས་ཏེ། གློ་བུར་བའི་རིམས་ནད་ལ་གདོང་གཏོད་རྒྱུ་ནི་རང་གིས་བསམ་ན་བྱ་བ་ཧ་ཅང་གལ་ཆེན་ཞིག་ཡིན་ལ། ན་གཞོན་གྱི་ལང་ཚོ་དགོས་མཁོ་ཆེ་བའི་ས་ཆར་ཕུལ་བ་དང་། ན་གཞོན་དང་བླངས་པའི་འགན་འཁྲི་རིམས་ནད་ཡུལ་དངོས་སུ་དོན་འཁྱོལ་བྱུང་ནས། རིམས་ནད་འགོག་སྲུང་ལ་ལང་ཚོའི་བྱས་རྗེས་འཇོག་རྒྱུ་དེ་བས་གལ་ཆེ་ཟེར།

ཉིང་སྐྱུར་བཤེར་འཇལ་ས་ཚུགས་སུ་ཡུན་ཞན་ཅོན་གྱིས་ཡུལ་དངོས་སྒྲིག་ལམ་ལ་རོགས་འདེགས་བྱེད་པ་ལས་གཞན། ད་དུང་རིག་ནུས་ཁ་པར་མེད་པ་དང་ཁ་པར་བཀོལ་མི་ཤེས་པའི་རྒན་པ་དག་ལ་ཨང་བཤེར་བྱེད་རོགས་བྱས་ཏེ་སྒེར་གྱི་ཆ་འཕྲིན་ཁ་སྐོང་བཞིན་ཡོད་ལ། མོའི་ཁ་པར་ནང་དུ་རྒན་པ་བཅུ་ཕྲག་ལྷག་གི་བཤེར་ཨང་གསོག་ཉར་བྱས་ཡོད། ཉིང་སྐྱུར་བཤེར་འཇལ་གྱི་བྱ་བ་ལེགས་པོ་ཡོང་ཆེད། ཡུན་ཞན་ཅོན་དང་ན་གཞོན་འཕྲལ་སྒྲུབ་དང་བླངས་རུ་ཁག་གི་དང་བླངས་པ་ཚོས་རང་ཉིད་ཀྱི་འགོག་སྲུང་བཟང་བོ་བྱེད་པའི་དུས་མཚུངས་སུ། ཧུར་ཐག་སྒོས་མང་ཚོགས་ཀྱིས་བཏོན་པའི་དོགས་གཞི་ལ་དྲིས་ལན་འདེབས་ཀྱིན་ཡོད། རྒན་པ་དང་སྦྲུམ་མ། བྱིས་པ་དང་འགྲོ་སྐྱོད་སྟབས་མི་བདེ་བའི་མི་སྣར་ཁོ་ཚོས་རང་འགུལ་སྒོས་བཀག་མེད་བགྲོད་ལམ་བཟོས་ནས་སྟབས་བདེ་བསྐྲུན་ཞིང་། ཉིང་སྐྱུར་བཤེར་འཇལ་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བར་འགན་སྲུང་ལེགས་པོ་བྱས།

ཡུན་ཞན་ཅོན་ནི་དང་བླངས་པ་མང་པོའི་ཁྲོད་ཀྱི་བསྡུས་གཟུགས་དེ་ཡིན་ལ། ཐེངས་འདིའི་རིམས་འགོག་འཐབ་རྩོད་ཁྲོད། རྒྱ་ཆེའི་དང་བླངས་པ་ཚོས་རང་ཉིད་ཀྱི་རྣམ་དག་གི་སྦྱོར་བ་དངོས་ཀྱིས་རིམས་ནད་འགོག་སྲུང་ལ་ཅི་ནུས་ཀྱིས་བྱས་རྗེས་བཞག་དང་འཇོག་བཞིན་མཆིས་སོ། །
གསར་འགོད་པ། བསོད་རྡོ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།