མཚོ་ལྷོ་ཁུལ་གྱི་སྨན་བཅོས་མི་སྣ་མཚོ་ནུབ་ཏུ་བསྐྱོད།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར།
དུས་ཚོད།:2022-08-25 10:55:36
ཀློག་གྲངས།:
ཟླ8པའི་ཚེས23ཉིན། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ནས་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་མྱུར་དུ་སྨན་བཅོས་མི་སྣ20སྐོང་འཐེན་བྱས་ནས། མཚོ་ནུབ་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་རུ་ཁག་བཙུགས་ཏེ། ན་གོར་མོ་གྲོང་ཁྱེར་གྱི་ཁོངས་མི་ཡོངས་ལ་ཉིང་སྐྱུར་བརྟག་དཔྱད་བྱ་བ་སྤེལ་རོགས་བྱས་པ་རེད།

བྱ་བའི་རུ་ཁག་དེ་ཁུལ་རིམ་པའི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་དང་རྫོང་ལྔའི་འཕྲོད་བསྟེན་ཁོངས་གཏོགས་ཀྱི་མི་སྣ་ལས་གྲུབ་པ་དང་དེའི་ནང་ཁུལ་སྨན་ཁང་ནས་མི6དང་ཁུལ་བོད་སྨན་ཁང་ནས་མི4། རྫོང་རེ་རེ་ནས་མི2རེ་བཅས་སྐོང་འཐེན་བྱས་ཤིང་། ཁོང་ཚོ་ན་གོར་མོ་གྲོང་ཁྱེར་དུ་འབྱོར་རྗེས་ན་གོར་མོ་གྲོང་ཁྱེར་གྱི་སྨན་བཅོས་མི་སྣ་དང་མཉམ་དུ་ཉིང་སྐྱུར་བརྟག་དཔྱད་བྱ་རྒྱུ་རེད། རྒྱུས་ལོན་པ་ལྟར་ན་རོགས་སྐྱོར་རུ་ཁག་དེས་འགོག་སྲུང་དངོས་ཟོག་ཁྱོན་སྒམ90ཁྱེར་ནས་ཚེས23ཉིན་གྱི་དགོང་མོའི་ཆུ་ཚོད19སྟེང་གུང་ཧོ་རྫོང་ནས་ལམ་ལ་ཆས་རྒྱུ་རེད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།