མཚོ་ལྷོ་ཁུལ་གུང་ཧོ་རྫོང་གི་གནས་ཁུལ་བཞི་རུ་དུས་ཚོད་ཉེར་བཞིའི་རིང་ཉིང་སྐྱུར་བརྟག་དཔྱད་བྱེད་ཐུབ།

རྩོམ་པ་པོ།:དྲ་བའི་རྩོམ་སྒྲིག་པ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2022-08-29 16:07:53 ཀློག་གྲངས།:
        ཉེ་ལམ། ཞིང་ཆེན་ནང་ཁུལ་དུ་ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་པ་ཐོན་དང་ཐོན་བཞིན་ཡོད་པ་དང་ས་ཁུལ་སྐོར་ཞིག་ཏུ་རིམས་ནད་བྱུང་ཚད་མང་པའི་རྣམ་པ་མངོན་ཡོད། མིག་སྔར་རྫོང་ཐོག་ཏུ་ཡོང་མཁན་དང་ཕྱིར་ལོག་བྱེད་མཁན་མང་བ། མི་སྣའི་འགུལ་སྐྱོད་ཅུང་ཆེ་བས་རིམས་ནད་ཕྱི་ནས་ནང་དུ་འདྲེན་པར་ཉེན་ཁ་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད། གནས་ཚུལ་དེར་དམིགས་ཏེ་གསེར་ཆེན་རྫོང་གིས་རྒྱ་ཆེའི་ལས་བྱེད་ལས་བཟོ་དང་ཞིང་འབྲོག་མང་ཚོགས། དེ་བཞིན་རང་རྫོང་དུ་ལོག་མཁན་དང་རྫོང་ཐོག་ནས་ཕྱི་ལ་འགྲོ་མི་དག་གིས“གནས་འབྱོར་བརྟག་དཔྱད”དང“བརྟག་དཔྱད་བྱེད་འདོད་ཡོད་པ་ཚང་མར་བརྟག་དཔྱད་བྱེད་པ”ཡི་དགོས་མཁོ་སྐོང་ཕྱིར། རྫོང་ཐོག་གི་གནས་ཁུལ་བཞི་རུ་དུས་ཚོད་ཉེར་བཞིའི་རིང་ཉིང་སྐྱུར་བརྟག་དཔྱད་བྱེད་ཆོག་པའི་མཐུན་རྐྱེན་བསྐྲུན་ཡོད།

ཞིབ་ཕྲའི་ཉིང་སྐྱུར་བརྟག་དཔྱད་བྱ་གནས་དང་འབྲེལ་གནས་ཁ་པར་ཨང་གྲངས་གཤམ་གསལ།
མཚོ་ལྷོ་ཁུལ་མི་དམངས་སྨན་ཁང་། 0974-8522734
མཚོ་ལྷོ་ཁུལ་བོད་སྨན་ཁང་། 0974-8513936དང8063
གུང་ཧོ་རྫོང་ཀྲུང་ལུགས་སྨན་ཁང་མཁར་བྱང་སྨན་ཁུལ་གི་བརྟག་དཔྱད་བྱ་ཡུལ། 13897048690
གུང་ཧོ་རྫོང་བདེ་སྐྱིད་ཐང་གི་བརྟག་དཔྱད་བྱ་ཡུལ། 13897048690

གུང་ཧོ་རྫོང་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ནས།
2022ལོའི་ཟླ8པའི་ཚེས29ཉིན།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།