སློབ་གྲྭ་དང་བྱིས་གཉོར་ཁང་གི་བདེ་འཇགས་སྐོར་གྱི་གཏན་འབེབས་བཅུ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
དུས་ཚོད།:2024-03-26 08:36:12
ཀློག་གྲངས།:
སློབ་གྲྭ་ཆུང་འབྲིང་དང་བྱིས་གཉོར་ཁང་གི་མེ་ཟོན་བདེ་འཇགས་དོ་དམ་ལ་ཤུགས་སྣོན་ཆེད། ཉེ་ཆར་སློབ་གསོ་པུའུ་དང་རྒྱལ་ཁབ་མེ་ཟོན་རོགས་སྐྱོབ་ཅུའུ་ཡིས«སློབ་གྲྭ་ཆུང་འབྲིང་དང་བྱིས་གཉོར་ཁང་གི་མེ་ཟོན་བདེ་འཇགས་ཀྱི་གཏན་འབེབས་བཅུ»ཞིབ་འཇུག་ཐོག་བཟོས་པ་མ་ཟད། ད་དུང་བརྡ་ཐོ་བཏང་ནས་ས་གནས་ཁག་གི་སློབ་གསོ་སྲིད་འཛིན་ལས་ཁུངས་དང་མེ་ཟོན་རོགས་སྐྱོབ་ལས་ཁུངས་ཀྱིས་ས་གནས་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་འོག་འབྲེལ་ཡོད་ལས་ཁུངས་དང་མཉམ་དུ་ཁྲིམས་དང་སྒྲིག་སྲོལ་ལྟར་སློབ་གྲྭ་ཆུང་འབྲིང་དང་བྱིས་གཉོར་ཁང་གི་མེ་ཟོན་བདེ་འཇགས་ཀྱི་མཛུབ་ཁྲིད་དང་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ། འགན་འཁྲི་ལེགས་པོར་མི་བསྒྲུབས་པ་དང་མེ་སྐྱོན་ལས་འཛོལ་ཐོན་རིགས་ལ«ས་གནས་ཀྱི་འགོ་ཁྲིད་ལས་བྱེད་པའི་བདེ་འཇགས་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས»ཀྱི་གཏན་འབེབས་ལྟར་འགན་འཁྲི་བདའ་འདེད་ནན་པོ་གཏང་དགོས་པའི་བླང་བྱ་བཏོན།
སློབ་གྲྭ་ཆུང་འབྲིང་དང་བྱིས་གཉོར་ཁང་གི་མེ་ཟོན་བདེ་འཇགས་སྐོར་གྱི་གཏན་འབེབས་དོན་ཚན་བཅུ།
དོན་ཚན་དང་པོ། སློབ་གྲྭ་ཆུང་འབྲིང་དང་བྱིས་གཉོར་ཁང་གི་ཁྲིམས་བཀོད་འཐུས་མི་དང་། འགན་འཁུར་བ་གཙོ་བོའམ་ཡང་ན་དངོས་སུ་ཚོད་འཛིན་བྱེད་མཁན་བཅས་ནི་ལས་ཁུངས་དེའི་མེ་ཟོན་བདེ་འཇགས་ཀྱི་འགན་འཁུར་བ་ཡིན་པས་ལས་ཁུངས་དེའི་མེ་ཟོན་བདེ་འཇགས་ལ་ཁྱོན་ཡོངས་ནས་འགན་འཁུར་དགོས། སློབ་གྲྭ་ཆུང་འབྲིང་དང་བྱིས་གཉོར་ཁང་གིས་རིམ་པ་བཞིན་དང་ལས་གནས་ཀྱི་མེ་ཟོན་བདེ་འཇགས་འགན་འཁྲིའི་ལམ་ལུགས་བཟོས་ནས། མེ་ཟོན་ལས་དོན་ཁོངས་གཏོགས་དོ་དམ་ལས་ཁུངས་ཁ་གསལ་བཟོས་ཏེ་ལས་ཁུངས་ཁག་དང་། དགེ་རྒན་དང་། ལས་བཟོ། བདེ་སྲུང་། ཐབ་ཚང་བཅས་ཀྱི་ལས་བྱེད་པ། ཉལ་ཁང་གི་དོ་དམ་པ། གློག་ལས་པ། མེ་ཟོན་ཚོད་འཛིན་ཁང་བཅས་ཀྱི་ལས་རེས་བཀོལ་སྤྱོད་པ་སོགས་ལས་གནས་ཀྱི་ལས་ཀ་བའི་མེ་ཟོན་བདེ་འཇགས་འགན་འཁྲི་ཞིབ་ཕྲ་བཟོ་དགོས། སློབ་གྲྭའི་ཚོད་ལྟ་ཁང་གིས་ཉེན་ཆེའི་རྫས་འགྱུར་དངོས་རྫས་གསོག་འཇོག་དང་། དོ་དམ། བེད་སྤྱོད་བཅས་ཀྱི་བདེ་འཇགས་ལམ་ལུགས་བཟོས་ནས་ལག་བསྟར་བྱས་ཏེ་ཚོད་ལྟ་ཁང་གི་སློབ་ཁྲིད་བརྒྱུད་རིམ་གྱི་བདེ་འཇགས་བཀོལ་སྤྱོད་དོ་དམ་འགན་འཁྲི་ཁ་གསལ་བཟོ་དགོས།
དོན་ཚན་གཉིས་པ། སློབ་གྲྭ་ཆུང་འབྲིང་དང་བྱིས་གཉོར་ཁང་གིས་ཁྲིམས་ལྟར་འཛུགས་སྐྲུན་ལས་གཞིའི་མེ་ཟོན་ཇུས་འགོད་ལ་ཞིབ་བཤེར་དང་། མེ་ཟོན་ལ་ཞིབ་བཤེར་རྩིས་ལེན། ཐོ་འགོད་ཟུར་བཤེར་བཅས་ཀྱི་འགྲོ་ལུགས་གཉེར་དགོས་པ་ལས། རང་དགར་ཨར་སྐྲུན་གྱི་བེད་སྤྱོད་ནུས་པ་དང་སྤྱོད་སྒོ་འགྱུར་ལྡོག་གཏོང་མི་ཆོག སློབ་མའི་ཉལ་ཁང་དང་བྱིས་གཉོར་ཁང་པ་ས་འོག་ཁང་པའམ་ཡང་ན་ས་འོག་ཁང་པ་ཕྱེད་ཙམ་བཀོད་སྒྲིག་བྱེད་མི་ཆོག་པ་དང་། བྱིས་གཉོར་ཁང་གི་བྱིས་པའི་ཁང་པ་ཐོག་བརྩེགས་བཞི་དང་བཞི་ཡན་བཀོད་སྒྲིག་བྱེད་མི་ཆོག སློབ་གྲྭ་ཆུང་འབྲིང་དང་བྱིས་གཉོར་ཁང་ནང་གི་རྒྱན་སྤྲོས་མཛེས་བཟོའི་རྒྱུ་ཆའི་འབར་ནུས་ལ་ཚོད་འཛིན་ནན་པོ་བྱེད་དགོས་པ་མ་ཟད། «ཨར་སྐྲུན་གྱི་མེ་ཟོན་ཀུན་སྤྱོད་ཚད་གཞི»དང«ཨར་སྐྲུན་ནང་གི་མཛེས་བཟོའི་ཇུས་འགོད་ཚད་གཞི»ཡི་གཏན་འབེབས་དང་མཐུན་དགོས་པ་སྟེ། འབར་སླ་བ་དང་འབར་ཐུབ་པའི་རྒྱུ་ཆ་དང་། ཚོན་ལྕགས་དང་ངར་ལྕགས་ཀྱིས་བརྩིགས་པའི་ཁང་པ། ལོགས་བཀར་ཅས་བེད་སྤྱོད་བྱ་མི་ཆོག།
དོན་ཚན་གསུམ་པ། སློབ་མའི་ཉལ་ཁང་གི་རྒྱ་ཁྱོན་དེ་ངེས་པར་དུ«སློབ་གྲྭ་ཆུང་འབྲིང་གི་ཇུས་འགོད་ཚད་ལྡན»(GB50099-2011)དང་། «གྲོང་གསེབ་ཀྱི་བཅའ་སྡོད་སློབ་གྲྭའི་འཚོ་བའི་འཕྲོད་བསྟེན་སྒྲིག་ཆས་འཛུགས་སྐྲུན་དང་དོ་དམ་ཚད་ལྡན»(སློབ་གསོ་དང་། ལུས་རྩལ། སྒྱུ་རྩལ(2011)ཨང5པ)ཡི་བླང་བྱ་ལག་བསྟར་ནན་པོ་བྱེད་དགོས། ཚད་གཞི་དང་མི་མཐུན་པའམ་ཡང་ན་རང་འདོད་ཀྱིས་སྡོད་ཁང་འཕར་སྣོན་དང་། མལ་ཁྲི་ཁ་སྣོན་བྱས་རིགས་ངེས་པར་དུ་བླང་བྱ་ལྟར་དག་ཐེར་ཡོ་བསྲང་དོན་ཐོག་ཏུ་འཁྱོལ་དགོས།
དོན་ཚན་བཞི་པ། སློབ་གྲྭ་ཆུང་འབྲིང་དང་། བྱིས་གཉོར་ཁང་གི་གློག་སྐུད་དང་། རྫབ་རླངས་སྦུག་ལམ་བཅས་ཇུས་འགོད། དེ་མིན་གློག་རླངས་སྒྲིག་དུས་དེའི་སྐོར་གྱི་ཇུས་འགོད་ཨར་ལས་ཀྱི་ཐོབ་ཐང་དང་རྫབ་རླངས་ཇུས་འགོད་ཨར་ལས་ཀྱི་ཐོབ་ཐང་ལྡན་པའི་ལས་ཁུངས་སམ་ཡང་ན་ལས་སྒྲུབ་མི་སྣར་ལག་བསྟར་བྱེད་དུ་འཇུག་དགོས་པ་དང་། གློག་རླངས་སྒྲིག་ཆས་དང་གློག་སྐུད། རྫབ་རླངས་ཐབ་ཆས། གློག་སྒོ། སྦུ་གུ་སོགས་ཚད་ལྡན་ཅན་སྤྱོད་དགོས་པ་མ་ཟད། དུས་ཚོད་གཏན་འཁེལ་ནང་ཞིབ་བཤེར་བྱེད་དགོས། སློབ་མའི་ཉལ་ཁང་དུ་གློག་བཀག་སྲུང་སྐྱོབ་སྒྲིག་ཆས་འཇོག་དགོས། སློབ་མའི་ཉལ་ཁང་དང་བྱིས་གཉོར་ཁང་གི་བྱིས་པའི་ཁང་པར་ཡང་ལཱ་དང་། སྦྲང་སྤོས། མེ་ཐབ་སོགས་མེ་དང་གློག་གི་དྲོད་གཏོང་ཡོ་ཆས་སྤྱོད་མི་རུང་། གློག་སྒུལ་རྐང་འཁོར་དང་དོ་སྙོམས་རླངས་འཁོར། དེ་བཞིན་གློག་རྡོ་གསོག་བྱེད་གློག་ཆས་བཅས་སྤྱི་གཞུང་གི་སྒོ་ནང་དང་། ཐོག་ཁང་གི་སྐས་དང་སྐས་བར། ཁ་གྲམ་འགྲོ་ལམ། ཉེན་མེད་ཐོན་སྒོ། དེ་བཞིན་ཁང་ནང་སོགས་སུ་བཞག་ནས་གློག་གསོག་མི་རུང་།
དོན་ཚན་ལྔ་པ། སློབ་གྲྭ་ཆུང་འབྲིང་དང་བྱིས་གཉོར་ཁང་གིས་མེ་འགུལ་ལ་ཞིབ་མཆན་འགོད་པའི་ལམ་ལུགས་བཙུགས་ནས་ལག་བསྟར་བྱ་དགོས་པ་དང། གློག་གིས་ཚ་ལ་རྒྱག་པ་དང་། དབུགས་ཀྱིས་ཚ་ལ་རྒྱག་པ། གཏུབ་གཅོད་ལ་སོགས་མེ་ལ་བརྟེན་དགོས་པའི་ལས་ཀ་སྒྲུབ་དགོས་ན། ཐོག་མར་མེ་བཀོལ་སྤྱོད་ཀྱི་ཞིབ་མཆན་འགོད་དགོས། ཡུལ་དངོས་ཀྱི་འབར་ཐུབ་པའི་དངོས་པོ་གཙང་བཤེར་བྱས་ནས་ཡུལ་དངོས་ཀྱི་བདེ་འཇགས་ལྟ་སྐྱོང་བྱེད་ཐབས་ལག་སྟར་བྱེད་དགོས། གློག་རླངས་ཀྱིས་ཚ་ལ་རྒྱག་པའི་ལས་སྒྲུབ་པས་ཐོབ་ཐང་ལག་ཁྱེར་ཁྱེར་ནས་ལས་གནས་སུ་ལས་ཀ་བསྒྲུབ་དགོས། ཨར་ལས་བྱ་ཡུལ་དུ་མེ་ལས་བྱེད་པ་དང་མེ་སྟག་འཁྱེར་ནས་ལས་ཀ་བྱེད་སྐབས། མེ་སྐྱོན་དང་འབར་གས་ཀྱི་ཉེན་ཁ་ཡོད་ན་གཏན་ནས་བསྒྲུབ་མི་ཆོག སློབ་གྲྭ་ཆུང་འབྲིང་དང་བྱིས་གཉོར་ཁང་གི་སློབ་ཁང་ལ་སོགས་བྱེད་ནུས་ཅན་གྱི་ཁང་པར་རྒྱུན་གཏན་གྱི་སློབ་ཁྲིད་དང་། རང་སྦྱོང་། བཟའ་བཅའ། ངལ་གསོ་བཅས་བྱེད་པའི་དུས་སུ་མེ་ལས་བྱ་མི་རུང་།
དོན་ཚན་དྲུག་པ། སློབ་གྲྭ་ཆུང་འབྲིང་གི་སློབ་ཁྲིད་ཐོག་ཁང་དང་། དཔེ་མཛོད་ཁང་། ཟ་ཁང་། ཐུན་མོང་གི་ཉལ་ཁང་། དེ་བཞིན་བྱིས་གཉོར་ཁང་གི་བྱིས་པའི་སྡོད་ཁང་བཅས་ཀྱི་ཐོག་ཁང་རེར་མ་མཐར་ཡང་བདེ་འཇགས་ཐོན་སྒོ2དང་། ཁ་གྲམ་སྐས་ལམ2ཡོད་དགོས་པ་མ་ཟད། ནུས་པ་ཐོན་སའི་ས་ཁོངས་གཞན་དག་དང་ཕན་ཚུན་གཡར་སྤྱོད་བྱེད་མི་རུང་བ་མ་ཟད། ཚད་གཞི་ལྟར་མེ་ཟོན་འཕྲལ་སྡོམ་གློག་སྒྲོན་དང་ཁ་འགྲེམ་མཛུབ་སྟོན་མཚོན་རྟགས་བཀོད་སྒྲིག་བྱེད་དགོས།
དོན་ཚན་བདུན་པ། སློབ་གྲྭ་འབྲིང་ཆུང་དང་བྱིས་གཉོར་ཁང་གིས་རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་མེ་གསོད་མེ་འགོག་གི་སྒྲིག་བཀོད་ཡོ་བྱད་བཀོད་སྒྲིག་དང་། དུས་བཀག་ལྟར་སྲུང་སྐྱོང་དང་ཉམས་གསོ། ཞིབ་བཤེར་ཚད་ལེན་བཅས་བྱས་ཏེ་བེད་སྤྱོད་ལེགས་པོ་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས། སློབ་མའི་ཉལ་ཁང་ངམ་ཡང་ན་ཉིན་གུང་ངལ་གསོ་ཁང་དུ་ངེས་པར་དུ་མེ་སྐྱོན་རང་འགུལ་ཉེན་བརྡ་གཏོང་བའི་མ་ལག་གམ་ཡང་ན་དྲ་སྦྲེལ་བྱེད་ནུས་ལྡན་པའི་ཁེར་རྐྱང་གི་མེ་སྐྱོན་བརྟག་དཔྱད་ཚད་ལེན་བརྡ་གཏོང་འཕྲུལ་ཆས་སྒྲིག་སྦྱོར་བྱེད་དགོས། མེ་ཟོན་ཚོད་འཛིན་ཁང་གི་ལས་རེས་མི་སྣར་འབྲིང་རིམ་མེ་ཟོན་སྒྲིག་ཆས་བཀོལ་སྤྱོད་ཀྱི་ལག་ཁྱེར་ཡོད་དགོས་པ་མ་ཟད། ཆུ་ཚོད24རིང་ལ་མི་གཉིས་ཀྱི་ལས་རེས་བྱེད་དགོས།
དོན་ཚན་བརྒྱད་པ། སློབ་གྲྭ་ཆུང་འབྲིང་དང་བྱིས་གཉོར་ཁང་གིས་ངེས་པར་དུ་དུས་བཀག་ཐོག་དགེ་རྒན་ལས་བཟོ་དང་བདེ་སྲུང་བའི་མེ་ཟོན་བདེ་འཇགས་ཀྱི་སྐོར་ནས་གསོ་སྦྱོང་བྱེད་དགོས། ཉལ་ཁང་གི་དོ་དམ་པས་ངེས་པར་དུ་ཆེད་དོན་མེ་ཟོན་བདེ་འཇགས་སྐོར་གྱི་གསོ་སྦྱོང་དང་ལེན་ཞུ་དགོས་ཤིང་། ངེས་པར་དུ་མེ་སྐྱོན་ཉེན་བརྡ་གཏོང་བ་དང་། མེ་སྐྱོན་ཐོག་མར་སེལ་བ། སློབ་མ་སྒྲིག་འཛུགས་བྱས་ནས་བྱིས་པ་ཁ་གྲམ་ནས་སྲོག་ཐར་ཐུབ་པའི་ནུས་པ་ལྡན་དགོས། སློབ་གྲྭ་ཆུང་འབྲིང་དང་བྱིས་གསོ་ཁང་གིས་སློབ་མ་དང་བྱིས་པའི་ལོ་ཚོད་དང་རྒྱུས་ལོན་གྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། མེ་དང་། གློག མེ་སྐྱོན་ཉེན་བརྡ། སྲོག་ཐར་རང་སྐྱོབ་བཅས་གཙོ་བོར་འཛིན་པའི་མེ་གསོད་མེ་འགོག་གི་བདེ་སྲུང་གསོ་སྐྱོང་སྦྱོང་བརྡར་གྱི་སློབ་གསོ་སྒྲིག་འཛུགས་ཐོག་སྤེལ་ཏེ། མེ་གསོད་མེ་འགོག་གི་བདེ་སྲུང་རྒྱུན་ཤེས་ངེས་པར་དུ་ཁོང་དུ་ཆུད་དགོས།
དོན་ཚན་དགུ་པ། སློབ་གྲྭ་ཆུང་འབྲིང་ཆུང་དང་བྱིས་གཉོར་ཁང་གིས་སློབ་མའི་ཤེས་རྟོགས་ཀྱི་ཁྱད་ཆོས་དང་ཨར་སྐྲུན་བྱ་ཡུལ་གྱི་ཞིབ་ཕྲའི་གནས་ཚུལ་ལ་དམིགས་ཏེ། དོན་དངོས་དང་འཚམ་པའི་མེ་གསོད་དང་འཕྲལ་སྡོམ་ཁ་འགྲེམ་སྔོན་ཇུས་བཟོས་ནས་ཉིན་མོ་དང་མཚན་མོའི་གནས་ཚུལ་དབྱེ་བ་དང་། འགན་འཁྲི་ཁག་བགོས་དང་ལས་རེས་པའི་བཀོད་སྒྲིག་གྲངས་འབོར་དམའ་ཤོས་དང་འཕྲལ་སྡོམ་ཐག་གཅོད་གོ་རིམ་ཁ་གསལ་བཟོ་དགོས། སློབ་གྲྭ་ཆུང་འབྲིང་དང་བྱིས་གཉོར་ཁང་གིས་མེ་ཟོན་ས་ཚིགས་ཆུང་གྲས་བཙུགས་ཏེ། སློབ་སྐབས་རེར་ཉུང་མཐའ་ཡང་དགེ་རྒན་དང་ལས་བཟོ་པ། བདེ་སྲུང་བ། སློབ་མ་དང་བྱིས་པ་བཅས་སྒྲིག་འཛུགས་བྱས་ཏེ་མི་སྣ་ཡོངས་ཀྱི་མེ་ཟོན་ནང་སྦྱོང་ཐེངས1བྱས་ནས་མེ་སྐྱོན་ཐོན་སྐབས་འཕྲལ་མར“119”ཡི་མེ་སྐྱོན་ཉེན་བརྡ་གཏོང་ཐུབ་པ་དང་། སྐར་མ་གཅིག་ནང་མགྱོགས་མྱུར་དང་ལེན་ཐུབ་པ། སྐར་མ3ནང་གོ་རིམ་ལྡན་པའི་ངང་ཁ་འགྲེམ་པ། སྐར་མ་ལྔའི་ནང་མེ་སྐྱོན་ཡུལ་དངོས་ལ་ཡོང་ནས་མེ་གསོད་ཐུབ་པ་བྱ་དགོས།
དོན་ཚན་བཅུ་པ། སློབ་གྲྭ་ཆུང་འབྲིང་དང་བྱིས་གཉོར་ཁང་གི་མེ་ཟོན་བདེ་འཇགས་འགན་འཁུར་བའམ་ཡང་ན་དོ་དམ་པས་ཟླ་རེར་ཉུང་མཐའ་ཡང་མེ་ཟོན་ཞིབ་བཤེར་ཐེངས་གཅིག་སྒྲིག་འཛུགས་བྱས་ནས་མི་སྣ་བཀོད་སྒྲིག་བྱས་ཏེ། ཉིན་རེའི་མེ་ཟོན་སྐོར་ཞིབ་བྱེད་དགོས་པ་དང་། ཞིབ་བཤེར་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་དང་། དག་ཐེར། ཉེན་ཟོན་བྱེད་ཐབས་འདོན་དགོས། ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་དང་ཞག་སྡོད་ལམ་ལུགས་ཀྱི་བྱིས་གཉོར་ཁང་གིས་ངེས་པར་དུ་སློབ་མའི་གྲངས་འབོར་ལ་གཞིགས་ནས་ཉལ་ཁང་དོ་དམ་པས་ཆུ་ཚོད24རིང་ལ་ལས་རེས་བྱེད་དགོས་པ་དང་། མཚན་མོར་ཆུ་ཚོད2རེའི་ནང་སྐོར་ཞིབ་ཐེངས་རེ་བྱེད་དགོས།
གཏན་འབེབས་འདི་རིམ་པ་ཁག་གི་སློབ་གྲྭ་ཆུང་འབྲིང་དང་བྱིས་གཉོར་ཁང་རིགས་ཁག་གིས་སྤྱོད་བྱ་ཡིན། གོང་རིམ་ལས་ཁུངས་ཀྱིས་ཞིབ་བཤེར་དང་ལྟ་སྐུལ་ཞིབ་བཤེར་བྱེད་སྐབས་གཏན་འབེབས་འདིའི་བླང་བྱ་ལས་འགལ་ཡོད་པ་ཤེས་ཚེ། སློབ་སྤྱི་དང་ཡོན་ཀྲང་གིས་འགན་འཁྲི་གཙོ་བོ་འཁུར་བ་མ་ཟད་ད་དུང་ཁྲིམས་དང་སྒྲིག་སྲོལ་ལྟར་འགན་འཁྲི་བདའ་འདེད་གཏང་དགོས།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
-
མདོ་དབུས་མཐོ་སྒང་ནས་ལོ་ངོ་དུང་ཕྱུར2.2ཟིན་པའི་ཆུ་སྲིན་ཧྲ་ཡུས་ཀྱི་འགྱུར་རྡོ་རྙེད།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།