མཚོ་བོད་མཐོ་སྒང་ནས་གནའ་ཤུལ་གལ་ཆེན་ཞིག་རྙེད་འདུག
རྩོམ་པ་པོ།:
ཡོང་ཁུངས།:བོད་ལྗོངས་རྒྱང་སྒྲོག་བརྙན་འཕྲིན་འཕྲིན་སྟེགས།
དུས་ཚོད།:2024-07-22 09:40:11
ཀློག་གྲངས།:
ཉེ་དུས། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་ནས་ཤེས་རྟོགས་བྱུང་བར། ཀྲུང་གོ་ཚན་རིག་ཁང་གདོད་མའི་སྒལ་ཚིགས་སྲོག་ཆགས་དང་གདོད་མའི་མིའི་རིགས་ཞིབ་འཇུག་སོའོ་གཉིས་ཞུགས་པའི་མཚོ་བོད་ཚན་རིག་ཞིབ་འཇུག་ཚོགས་པས་མཚོ་བོད་ས་མཐོའི་ལྟེ་བར་གནའ་དཔྱད་གལ་ཆེན་ཞིག་ཤེས་རྟོགས་བྱུང་བ་རེད། ཞིབ་འཇུག་ཚོགས་པ་དེས་བོད་རང་སྐྱོང་ལྗོངས་ཟི་གླིང་བདུད་མཚོའི་ལྷོ་ངོགས་ཀྱི་ཉྭ་དེའུ་གནའ་ཤུལ་གྱི་ས་ཚིགས་གསུམ་པ་ནས་མཚོ་བོད་ས་མཐོའི་མིག་སྔར་ཤེས་རྟོགས་བྱུང་བའི་རྡོ་ཆས་ལག་རྩལ་གྱི་གནའ་ཤུལ་སྔ་ཤོས་དེ་རྙེད་པ་དང་། དེས་མཚོ་བོད་ས་མཐོར་ཡི་གེ་མ་བྱུང་གོང་གི་མིའི་རིགས་ཀྱི་རིག་གནས་ཞིབ་འཇུག་གི་སྟོང་ཆ་བསྐངས་ཡོད་ལ། མིའི་རིགས་གདོད་མའི་དུས་སུ་ས་མཐོར་གནས་སྤོ་བ་དང་འཕེལ་འགྱུར་བྱུང་བའི་ཐད་ལ་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། རྡོ་ཆས་ལག་རྩལ་གནའ་ཤུལ་ནི་མཚོ་བོད་ས་མཐོའི་ཐོག་ཤེས་རྟོགས་བྱུང་བའི་ཡི་གེ་མ་བྱུང་སྔོན་གྱི་མིའི་རིགས་ཀྱི་རིག་གནས་ཤུལ་བཞག་ཕུན་སུམ་ཚོགས་ཤོས་ཀྱི་ཡ་གྱལ་ཞིག་ཡིན་པས། དེར་གནའ་དཔྱད་རིག་པ་བ་རྣམས་ཀྱིས་དོ་ཁུར་ཆེས་ཆེར་གནང་གི་ཡོད། གནའ་ཤུལ་དེ་དག་གིས་མཚོ་བོད་ས་མཐོའི་ཐོག་གི་གདོད་མའི་མི་རྣམས་མཐོ་སྒང་ཐོག་ཏུ་གཞི་ཁྱོན་ཆེ་བའི་གནས་སྤོ་བ་དང་། གཞིས་ཆགས་པ་མཚོན་གྱི་ཡོད། ལོ་མང་རིང་ལེ་ལག་ཚང་བའི་སྔོག་འདོན་བྱས་ནའང་། ཆ་འཇོག་རུང་བའི་ལོ་རབས་གསལ་བོ་ཤེས་པའི་རྡོ་ཆས་ལག་རྩལ་གྱི་གནའ་ཤུལ་དེ་མཚོ་བོད་ས་མཐོར་སྤྱིར་ན་ཤིན་ཏུ་དཀོན་པས། ལྷག་པར་ས་མཐོའི་ལྟེ་བར་ཤེས་རྟོགས་བྱུང་བ་དེ་ཆེས་ངོ་མཚར་ཞིག་ཏུ་གྱུར་ཡོད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།