“རིག་གཏེརAIཡི་འཇུག་ཐབས”ཞེས་པ་ཁྱབ་བསྒྲགས་བྱས་འདུག

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། དུས་ཚོད།:2026-09-23 08:35:34 ཀློག་གྲངས།:
       ཟླ9པའི་ཚེས20ཉིན། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སློབ་གྲྭ་བཙུགས་ནས་ལོ70འཁོར་བའི་ཚོགས་ཆེན་ཐོག མཚོ་སྔོན་དགེ་འོས་སློབ་ཆེན་གྱིས“རིག་གཏེརAIཡི་འཇུག་ཐབས”དང་དེ་བཞིན་ལེ་ལག་ཚང་བའི་བོད་ཡིག་ཡིག་མཛོད་ཁྱབ་བསྒྲགས་བྱས་པ་རེད།
       ངོ་སྤྲོད་བྱས་པར་གཞིགས་ན། དེ་ནི་ཀྲུང་གོའི་བོད་སྐད་ཀྱི་སྐད་བརྡ་མང་པོའི་དཔེ་རྣམ་ཡོངས་ཀྱིAIའཇུག་ཐབས་ཐོག་མ་དེ་ཡིན་པ་རེད། ནང་འཇུག་བྱེད་སྟངས་དེ་བོད་སྐད་རིག་ནུས་རྒྱལ་ཡོངས་གཙོ་གནད་ཚོད་ལྟ་ཁང་གིས་ཞིབ་འཇུག་གསར་སྤེལ་བྱས་པ་ཞིག་ཡིན་པ་དང་། ཚོད་ལྟ་ཁང་གི་རང་བརྟེན་ཤེས་བྱའི་ཐོན་དབང་གི་དཔེ་དབྱིབས་ཆེན་པོ་དང་དེ་བཞིན་འབྲེལ་ཡོདAIརྨང་གཞིའི་སྒྲིག་བཀོད་ལ་བརྟེན་ནས་ལག་ཐོགས་ཁ་པར་དང་གློག་ཀླད་སོགས་མཐའ་སྣེ་ཚང་མར་ཁྱབ་ནས་སྐད་དང་། ཡི་གེ པར་རིས་སོགས་དཔེ་དབྱིབས་མང་པོ་ནང་འཇུག་བྱ་རྒྱུར་རྒྱབ་སྐྱོར་བྱེད་ཐུབ་པ་མ་ཟད། རྩིས་ཁྲའི་ཨང་གྲངས་གཅིག་གྱུར་བརྒྱུད་ཚིག་མཛོད་དང་ནང་འཇུག་བྱེད་སྟངས་བཀོལ་སྤྱོད་བྱས་ཆོག
       བོད་སྐད་རིག་ནུས་རྒྱལ་ཡོངས་གཙོ་གནད་ཚོད་ལྟ་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་རྡོ་ལྷས་ངོ་སྤྲོད་བྱས་པར་གཞིགས་ན། “རིག་གཏེརAIཡི་འཇུག་ཐབས”དེར་བོད་སྐད་མཐེབ་གཞོང་དང་། ལ་ཐིན་ཡི་གེའི་བརྒྱུད་འབྲི། རྒྱ་བོད་དབྱིན་གསུམ་གྱི་སྐད་བརྡ་མཉམ་བསྲེས། པར་རིས་དབྱེ་འབྱེད། AIརམ་འདེགས་སོགས་ཀྱི་བྱེད་ནུས་ལྡན་ཡོད། སྐད་བརྡ་ནང་འཇུག་བྱེད་སྐབས་མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་ཆེན་པོ་གསུམ་བེད་སྤྱོད་བཏང་ཆོག་ལ། རྒྱ་བོད་དབྱིན་གསུམ་གྱི་སྐད་བརྡ་ཡང་བེད་སྤྱོད་བཏང་ཆོག རིག་ནུས་རམ་འདེགས་ཐད། འཇུག་ཐབས་དེས་རང་འགུལ་ངང་ནོར་འཁྲུལ་བཟོ་བཅོས་དང་། མ་ཡིག་རྩོམ་སྒྲིག ཕྱོགས་གཉིས་ཕན་ཚུན་ཡིག་སྒྱུར་བཅས་ལ་རམ་འདེགས་བྱེད་ཐུབ་པ་དང་འབྲེལ་དངོས་གཞི་དང་། མཛའ་མཐུན། རིག་གཞུང་སོགས་སྐད་བརྡའི་ཉམས་འགྱུར་སྣ་ཚོགས་སྤྱོད་ཐུབ་ཀྱི་ཡོད། ཚིག་མཛོད་འདིའི་ནང་སློབ་གསོ་དང་བཅའ་ཁྲིམས། རྩོམ་རིག་སོགས་རིག་ཚན23ཚུད་པ་མ་ཟད། ད་དུང་སྤྱོད་མཁན་གྱི་རྒྱུན་སྤྱོད་ཐ་སྙད་དང་ཡི་གེ་མཚོན་ཚུལ་སློབ་སྦྱོང་དང་ཉར་ཚགས་བྱས་ཡོད།
       ཡོངས་བསྒྲགས་ཚོགས་འདུའི་ཐོག་ད་དུང་རིག་གཏེར་གྱི་དཔེ་དབྱིབས་ཆེན་མོ་འགྲེམས་སྟོན་བྱས་ཡོད། དཔེ་དབྱིབས་དེར་ཁྱོན་པར་གཞི9ཡོད་པ་དང་། སློབ་གསོ་དང་། ཚན་ཞིབ། སྲིད་དོན་སོགས་ལས་རིགས་མི་འདྲ་བར་བཀོལ་སྤྱོད་བྱས་ཆོག
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།