མཚོ་སྔོན་ཞིང་ཆེན་གེ་སར་ཞིབ་འཇུག་གྲུབ་འབྲས་བྱ་དགའ་སྐབས་གསུམ་པའི་གཟེངས་རྟགས་གནང་པའི་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2022-08-03 22:07:23 ཀློག་གྲངས།:
        ཟླ8པའི་ཚེས3ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི་མཚོ་སྔོན་ཞིང་ཆེན་གེ་སར་ཞིབ་འཇུག་གྲུབ་འབྲས་བྱ་དགའ་སྐབས་གསུམ་པའི་གཟེངས་རྟགས་གནང་པའི་ཚོགས་འདུ་མཚོ་སྔོན་མཛེས་རྩལ་ཁང་དུ་འཚོགས་པ་དང་། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་ཞི་ཏུང་ཅེ་རེན་དང་། ཏང་ཙུའུ་ཁོངས་མིའམ་ཀྲུའུ་ཞི་གཞོན་པ་ཆིན་ཀོང་མིང་། ཀྲུའུ་ཞི་གཞོན་པ་ཀུའུ་ཞའོ་ཧེང་། ཏང་ཙུའུ་ཁོངས་མིའམ་ཀྲུའུ་ཞི་གཞོན་པ་ལི་གོ་ཆོན། སྐོར་ཞིབ་པ་མ་ཅིན་པིའོ། ཞིང་ཆེན་དྲིལ་སྒྲོག་པུའུ་རིག་རྩལ་ཁྲུའུ་ཡི་ཁྲུའུ་ཀྲང་ལུའོ་ཁྲེང་ཧྲན་བཅས་ཚོགས་འདུར་ཞུགས་ཤིང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་མེ་སྒྲོན་གྱིས་ཚོགས་འདུར་མགོ་འཛིན་བྱས།
        ཚོགས་འདུའི་སྟེང་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཁོངས་མིའམ་ཀྲུའུ་ཞི་གཞོན་པ་ཆིན་ཀོང་མིང་གིས་བྱ་དགའ་ཐོབ་མཁན་གྱི་མིང་ཐོ་ཁྱབ་སྒྲོག་བྱས་ཤིང་། ཆེད་རྩོམ་གྱི་རིགས་དང་དཔྱད་རྩོམ་གྱི་རིགས་སོ་སོར་བྱ་དགའ་ཨང་དང་པོ་ཐོབ་མཁན1རེ་དང་། ཨང་གཉིས་པ་ཐོབ་མཁན2རེ། ཨང་གསུམ་པ་ཐོབ་མཁན3རེ་བཅས་ཁྱོན་སྡོམ་མི12ལ་གེ་སར་ཞིབ་འཇུག་གྲུབ་འབྲས་ཀྱི་བྱ་དགའི་གཟེངས་རྟགས་གནང་ཞིང་། དཔྱད་འདེམས་ཚོགས་པའི་འཐུས་ཚབ་པ་དང་བྱ་དགའ་ཐོབ་མཁན་གྱི་འཐུས་ཚབ་པས་སྔ་གཞུག་ཏུ་གཏམ་བཤད།
        ཚོགས་ཐོག་ཏུ། ཚང་མས་གཅིག་མཐུན་དུ་གེ་སར་སྒྲུང་ནི་རང་རྒྱལ་གྱི་བོད་རིག་པ་ཞིབ་འཇུག་དང་མཚན་ཉིད་སྤྱི་ཚོགས་ཚན་རིག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། གེ་སར་སྒྲུང་ཐད་ཀྱི་བྱ་བ་ལེགས་པོར་སྒྲུབ་པ་དང་གེ་སར་སྒྲུང་ལ་ཞིབ་འཇུག་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་མི་རིགས་ཚང་མར་སྤྱི་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པ། ཕྱི་ཕྱོགས་སུ་དྲིལ་སྒྲོག་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དུ་དོན་སྙིང་གལ་ཆེན་ལྡན་ཡོད་པར་འདོད།
        ཐེངས་འདིའི་བྱ་དགའི་དཔྱད་འདེམས་ཀྱི་ཁྱབ་ཁོངས་དང་ས་ཁོངས་ལ་ཚད་བཀག་མེད་པར་རྒྱལ་ནང་དུ་ཡོངས་འགྲེམས་བྱས་པའི་གེ་སར་ཞིབ་འཇུག་དང་འབྲེལ་བའི་ཆེད་རྩོམ་དང་དུས་དེབ། དཔྱད་རྩོམ་སོགས་ཀྱི་ཞིང་ཆེན་ཕྱི་ནང་གི་མི་སྒེར་དང་ཚོགས་པ་གང་མང་འདུས་ཡོད་པས། འདི་ནི་གེ་སར་ཞིབ་འཇུག་བྱ་བའི་ཐད་ཀྱི་སྔར་མེད་གསར་གཏོད་ཅིག་དང་འཕེལ་རྒྱས་གསར་པ་ཞིག་ཏུ་གྱུར་ཡོད། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།