ངོས་དང་པོ > ཆེད་དོན། > བྱ་འགུལ་སྣ་ཚོགས། > བོད་ཡིག་ཡིག་གཟུགས་རྒྱུན་སྤེལ་ཞིབ་འཇུག་ཚོགས་པས་ཚོགས་འདུ་བསྡུས་པ།
བོད་ཡིག་ཡིག་གཟུགས་རྒྱུན་སྤེལ་ཞིབ་འཇུག་ཚོགས་པས་ཚོགས་འདུ་བསྡུས་པ།
རྩོམ་པ་པོ།:ཐུབ་བསྟན།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2025-04-14 08:38:36
ཀློག་གྲངས།:
མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་ཞིབ་འཇུག་ཚོགས་པའི་སྐབས་བརྗེའི་ཚོགས་འདུ་དང་སྐབས་གཉིས་པའི་འཐུས་མིའི་ཚོགས་ཆེན་ཐེངས་དང་པོ་ཟི་ལིང་དུ་བསྡུས།
མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་། ཞིང་ཆེན་དམངས་སྲིད་ཐིང་བཅས་ཀྱི་ཐུགས་ཁུར་མཛུབ་སྟོན་འོག་དང་། ཚོགས་མི་ཡོངས་ཀྱི་ཐུན་མོང་འབད་བརྩོན་འོག མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་ཞིབ་འཇུག་ཚོགས་པའི་ལས་འཛིན་ལྷན་ཚོགས་སྐབས་དང་པོས་བྱ་བའི་ལས་འགན་སོ་སོ་བདེ་བླག་ངང་འགྲུབ་སྟེ། ཟླ4པའི་ཚེས12ཉིན། མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་ཞིབ་འཇུག་ཚོགས་པའི་སྐབས་བརྗེའི་ཚོགས་འདུ་དང་སྐབས་གཉིས་པའི་འཐུས་མིའི་ཚོགས་ཆེན་ཐེངས་དང་པོ་རྒྱལ་ཁའི་ངང་ཟི་ལིང་དུ་བསྡུས། ཐེངས་འདིའི་ཚོགས་ཆེན་ལ་ཞིང་ཆེན་གྱི་འབྲེལ་ཡོད་ལས་ཁུངས་ཀྱི་མགོ་ཁྲིད་དང་ཆེད་ལས་མཁས་པ་ཉི་ཤུ་ཡས་མས་དང་། ཚོགས་ཞུགས་མི་སྣ་བདུན་ཅུ་ལྷག་འཛོམས་ཡོད།

ཚོགས་འདུའི་སྟེང་། མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་ཞིབ་འཇུག་ཚོགས་པའི་སྐབས་དང་པོའི་ལས་འཛིན་ཚོགས་གཙོ་དོན་གྲུབ་ཚེ་རིང་གིས་སྐབས་དང་པོའི་ལས་འཛིན་ལྷན་ཚོགས་ཀྱི་མངགས་བཅོལ་ལྟར་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་ཕུལ་བ་དང་། ཚོགས་གཙོ་གཞོན་པ་ཟུར་གཙང་གཡང་འབུམ་གྱིས་ནོར་དོན་བྱ་བའི་སྙན་ཞུ་ཕུལ། དེ་མིན་དག་སྒྲིག་བྱས་རྗེས་ཀྱི་སྒྲིག་སྲོལ་དང་མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་ཞིབ་འཇུག་ཚོགས་པའི་འདེམ་བསྐོ་བྱེད་ཐབས་དང་། ཚོགས་མི་དོ་དམ་བྱེད་ཐབས། ནོར་དོན་དོ་དམ་བྱེད་ཐབས། ཚོགས་དངུལ་དོ་དམ་བྱེད་ཐབས་སོགས་ཞིབ་བཤེར་གཏན་འབེབས་བྱས་པ་དང་། ཞིབ་འཇུག་ཚོགས་པའི་སྐབས་གཉིས་པའི་ལས་འཛིན་ཚོགས་པའི་ཚོགས་གཙོ་དང་། ཚོགས་གཙོ་གཞོན་པ། དྲུང་ཡིག་ཆེན་མོ། དྲུང་ཡིག་ཆེན་མོ་གཞོན་པ། ལས་དོན་ལྟ་རྟོག་པ། ལས་འཛིན་ཚོགས་པའི་ཚོགས་མི་སོགས་བདམས་ཐོན་བྱུང་ཞིང་། རྗེས་ཕྱོགས་ཀྱི་ལོ་ལྔའི་རིང་གི་ཞིབ་འཇུག་ཚོགས་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་བྱ་བའི་གཙོ་གནད་གསལ་བོར་གཏན་ལ་ཕབ།

གཞན་ཡང་དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་དང་། བརྩོན་འགྲུས་རབ་རྒྱས། མི་ཕམ་རྣམ་རྒྱལ། འདན་མ་འཇམ་དབྱངས་ཚུལ་ཁྲིམས། ཨ་རོལ་ཚང་། མཁར་རྩེ་རྒྱལ། དགེ་བཤེས་འཇིགས་མེད་བློ་གྲོས། ངག་དབང་བརྩོན་འགྲུས། བསྟན་པ་རྒྱ་མཚོ་བཅས་ཞིབ་འཇུག་ཚོགས་པའི་སྐབས་གཉིས་པའི་བློ་འདོན་པར་གདན་ཞུ་བྱས་ཤིང་། མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་ཞིབ་འཇུག་ཚོགས་པའི་སྐབས་དང་པོ་དང་སྐབས་གཉིས་པའི་ལས་འཛིན་ཚོགས་གཙོ་དོན་གྲུབ་ཚེ་རིང་གིས་ཁོང་ཚོར་བློ་འདོན་པའི་གདན་ཞུའི་དཔང་ཡིག་ཕུལ།

མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་ཞིབ་འཇུག་ཚོགས་པ་ནི2019ལོའི་ཟླ4པར་ཚུགས་ཤིང་། ད་ལྟའི་བར་མི་སྒེར་ཚོགས་མི200ལྷག་དང་། ཚོགས་པའི་ཚོགས་མི12བར་འཕེལ་རྒྱས་བྱུང་ཡོད་ཅིང་།ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར2དང་། རང་སྐྱོང་ཁུལ6། ཞིང་ཆེན་ནང་ཁུལ་གྱི་སློབ་གྲྭ་ཆེན་མོ3།རིག་གནས་ལས་ཁུངས10ལ་ཁེབས་ཡོད། ལས་འཛིན་ལྷན་ཚོགས་སྐབས་དང་པོས་ཐོག་མཐའ་བར་གསུམ་དུ“མི་རིགས་རིག་གནས་ཀྱི་ནོར་བུ་རྒྱུན་འཛིན་དང་། བོད་ཡིག་ཡིག་གཟུགས་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ”དམིགས་ཡུལ་དུ་བཟུང་ཞིང་། “སྲུང་སྐྱོབ་དང་། རྒྱུན་འཛིན། ཞིབ་འཇུག ཁྱབ་སྤེལ”བཅས་ལས་འགན་ཆེན་མོ་བཞི་ལ་དམིགས་ནས། རྩ་འཛུགས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་སྟེ། ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་དང་། རྒྱུན་འཛིན་སྲུང་སྐྱོབ་གཏིང་ཟབ་ཏུ་སྤེལ་ཏེ། ཁྱད་ལྡན་བྱ་འགུལ་སྤེལ་བ། རིག་གཞུང་ཞིབ་འཇུག་ལ་སྐུལ་འདེད་བཏང་སྟེ། ཆེད་ལས་ཆུ་ཚད་མཐོ་རུ་བཏང་བ། སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཆེ་རུ་བཏང་ནས། རིག་གནས་བརྒྱུད་སྒྲོག་ལ་རོགས་འདེགས་བྱས་པ། འཇོན་མི་སྐྱེད་སྲིང་ལ་མཐོང་ཆེན་བྱས་ཏེ། གསར་གཏོད་ཀྱི་གསོན་ཤུགས་ལ་སྐུལ་སློང་བྱས་པ་བཅས་ཕྱོགས་ལྔའི་ཐད་ནས་གྲུབ་འབྲས་བླངས་ཡོད།

བོད་ཡིག་ཡིག་གཟུགས་ནི། ཀྲུང་ཧྭའི་ཡིག་གཟུགས་སྒྱུ་རྩལ་ཁྱིམ་ཚང་ཆེན་མོའི་ནང་གི་ཁོངས་མི་གལ་ཆེན་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་རྒྱགས་ཕྱེ་ཡིན། ཚོགས་མི་ཡོངས་ཀྱིས་མགྲིན་གཅིག་ཏུ་ཏང་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག ང་ཚོས་སྔར་ལས་ལག་རྡང་མཉམ་སྦྲེལ་གྱིས་མཚོ་སྔོན་བོད་ཡིག་ཡིག་གཟུགས་ཀྱི་འཕེལ་རྒྱས་ལ་སྟོབས་ཤུགས་འབུལ་རྒྱུ་ཡིན་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལེའུ་གསར་པ་འབྲི་རྒྱུ་ཡིན་ཞེས་བསྟན། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།