རྨ་ཡུལ་ཁྲི་ཀའི་རིག་གནས་ཡུལ་སྐོར་དུས་ཆེན་མགོ་བརྩམས་པ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།
དུས་ཚོད།:2025-04-15 08:44:28
ཀློག་གྲངས།:
རི་ཆུའི་མགོ་ཁུངས། རབ་མཛེས་མཚོ་སྔོན་ཞེས་པའི་ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་འཛད་སྤྱོད་སྐུལ་འདེད་བྱ་འགུལ་དང་མཚོ་ལྷོ་ཁྲི་ཀའི་རྨ་ཆུའི་རིག་གནས་ཡུལ་སྐོར་དུས་ཚིགས་སྐབས་བཅུ་དགུ་བའི་མཛད་སྒོ་བསྡུས་པ།
ཟླ4པའི་ཚེས12ཉིན། ཀྲུང་གུང་མཚོ་ལྷོ་ཁུལ་ཨུ་དང་མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། ཀྲུང་གུང་ཁྲི་ཀ་རྫོང་ཨུ་དང་ཁྲི་ཀ་རྫོང་མི་དམངས་སྲིད་གཞུང་། མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་བཅས་ཀྱིས་འགན་སྒྲུབ་གནང་བའི་རི་ཆུའི་མགོ་ཁུངས། རབ་མཛེས་མཚོ་སྔོན་ཞེས་པའི་མཚོ་ལྷོ་ཁྲི་ཀའི་སྐབས་བཅུ་དགུ་བའི་རྨ་ཆུའི་རིག་གནས་ཡུལ་སྐོར་དུས་ཚིགས་ཀྱི་བྱ་འགུལ་སྤེལ་དེ་རྨ་ཆུའི་ལྗོངས་ཁུལ་གྱི་ཆུ་འཁོར་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཞིང་ཆེན་དང་ཁུལ། རྫོང་བཅས་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་ཀྱི་འཐུས་ཚབ་དང་ཡིད་རྟོན་ཡུལ་སྐོར་སྣེ་ལེན་ཁང་གི་འཐུས་ཚབ་པ་ཡོངས་མཉམ་ཏུ་འཛོམས་ཏེ་སིལ་སྡོང་མེ་ཏོག་དཔྱིད་དཔལ་བུ་མོའི་རྒྱན། རྨ་ཀླུང་རིང་མོ་ལྷུང་ལྷུང་དལ་གྱིས་འབབ་ཅེས་པ་བརྗོད་དོན་ཡིན་པའི་ཡུལ་སྐོར་དགྱེས་སྟོན་ལ་རོལ།

མགོ་རྩོམ་མཛད་སྒོའི་རིག་རྩལ་འཁྲབ་སྟོན་དེ་སིལ་སྡོང་མེ་ཏོག་དཔྱིད་དཔལ་བུ་མོའི་རྒྱན། རྨ་ཀླུང་རིང་མོ་ལྷུང་ལྷུང་དལ་གྱིས་འབབ་ཅེས་པ་བརྗོད་དོན་དུ་བཟུང་སྟེ། ཁྲི་ཀ་རྫོང་གི་ཕུན་སུམ་ཚོགས་པའི་རིག་གནས་ཐོན་ཁུངས་དང་ཟུང་འབྲེལ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་མཛེས་དཔྱོད་ལྟ་བ་དང་མཐུན་པའི་འཁྲབ་སྟོན་གྱི་རྣམ་པས་གསར་རྩོམ་གནང་བས་རྫོང་མཐུག་པའི་ཁྲི་ཀའི་རིག་གནས་ཀྱི་ཉིང་བཅུད་དང་ཁྲི་ཀ་རྫོང་གི་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་སྐབས་སུ་བླངས་པའི་གྲུབ་འབྲས་དེ་མཚོན་པར་བྱས་ཡོད་ལ། དུས་མཚུངས་སུ་མཚོ་སྔོན་བརྙན་འཕྲིན་དང་ཨ་མདོ་བརྙན་འཕྲིན་གཉིས་ཀྱིས་བརྒྱུད་རིམ་ཧྲིལ་བོར་དྲ་ལམ་ནས་ཐད་གཏོང་བྱས།

བྱ་འགུལ་སྐབས་སུ་རང་བྱུང་ལྗོངས་བལྟ་དང་ཁྱད་ལྡན་ཟས་རིགས། སྐྱེ་ཁམས་ཚན་རིག་ཁྱབ་གདལ་དང་དམངས་སྲོལ་ཉམས་རོལ། དགའ་སྐྱིད་མཉམ་འདྲེས་དང་ཤུལ་བཞག་རིག་གནས་བཅས་དོན་ཚན་ཆེན་མོ་དྲུག་གཞིར་བཟུང་སྟེ། ནུས་ཤུགས་ཡོད་རྒུས་ཁྱད་ཆོས་འབུར་དུ་ཐོན་པ་དང་ནང་དོན་ཕུན་སུམ་ཚོགས་པ། ཡུལ་སྐོར་བའི་ཟབ་ཞུགས་རང་བཞིན་དང་དགའ་སྐྱིད་རང་བཞིན། ཉམས་རོལ་རང་བཞིན་ཆེ་བའི་ཡུལ་སྐོར་ཐོན་རྫས་བཅས་དྲིལ་སྒྲོག་དང་འོས་སྦྱོར་བྱས་ནས་གནམ་འོག་རྨ་ཆུ་ཁྲི་ཀའི་ཡུལ་ན་དྭངས་ཞེས་པའི་སྤུས་རྟགས་ཀྱི་འགུག་ཤུགས་ཆེ་རུ་བཏང་ཞིང་། རྨ་ཆུའི་རིག་གནས་ཡུལ་སྐོར་དུས་ཚིགས་ཀྱི་བྱ་འགུལ་གྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་རིག་གནས་ཡུལ་སྐོར་གཞི་གཅིག་ཏུ་འཕེལ་རྒྱས་སུ་གཏོང་བ། རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་ཆེན་པོ་བཅས་མངོན་འགྱུར་བྱས་པ་ཡིན་ལ། རྨ་ཆུའི་རིག་གནས་རྒྱུན་འཛིན་དང་དར་སྤེལ་དུ་གཏོང་བ། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བཏབ་པའི་ལག་ལེན་ཞིག་ཀྱང་ཡིན།

རྒྱུས་ལོན་བྱས་པ་ལྟར་ན། རྨ་ཆུའི་རིག་གནས་ཡུལ་སྐོར་དུས་ཚིགས་སྐབས་བཅུ་དགུ་བའི་མགོ་རྩོམ་མཛད་སྒོ་གཟབ་རྒྱས་ངང་བསྡུས་པར་བསྟུན་ནས་རིམ་སྤེལ་བྱ་འགུལ་ཡང་རིམ་བཞིན་དུ་མགོ་བརྩམས། བྱ་འགུལ་སྐབས་སུ་རིགས་སོ་སོའི་མང་ཚོགས་དང་ཡུལ་སྐོར་བ་རྣམས་ཀྱིས་རྨ་ཆུ་དང་སིལ་སྡོང་མེ་ཏོག་ལ་རོལ་མྱོང་བྱ་ཆོག་པ་ལས་གཞན། ད་རུང་ཁྱད་ཆོས་ལྡན་པའི་ལུས་རྩལ་འགྲན་བསྡུར་དང་རིག་གནས་བརྗོད་དོན་བྱ་འགུལ་ལ་ཉམས་རོལ་བྱེད་ཐུབ། དེ་དག་ནི་ཤུལ་བཞག་རིག་གནས་དང་ཞིང་ལས་ཁྱད་ལྡན་ཐོན་རྫས། རིག་གསར་ཐོན་རྫས་ཚོང་ར། 2025ལོའི་མཚོ་སྔོན་ཁྲི་ཀའི་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་གྱི་རྨ་ཆུའི་འཁྲབ་སྟོན་གྱི་རྒྱལ་ཁབ་རིམ་པའི་ཤུལ་བཞག་རིག་གནས་ཀྱི་རྩེད་རིག་གདན་ཞུ་འགྲན་བསྡུར། གནམ་འོག་རྨ་ཆུ་ཁྲི་ཀའི་ཡུལ་ན་དྭངས་ཅེས་པའི་མཛའ་གཞས་འགྲན་བསྡུར། ཁྲི་ཀའི་ཡིག་གཟུགས་རི་མོའི་བྱ་འགུལ། གློག་སྒྲའིDJརོལ་དབྱངས་དུས་ཆེན། མཚོ་སྔོན་གྱི་འགྲོས་ཆུང་། ཟློས་གར། ཤུལ་བཞག་རིག་གནས་འཁྲབ་སྟོན། ཁྲི་ཀ་རྫོང་གི་ན་གཞོན་གླུ་བའི་གླུ་ལེན་ཆེད་ཚོགས། རྒྱལ་ཡོངས་ཀྱི་ཡིད་རྟོན་སྣེ་ལེན་ཁང་གི་རི་ཆུའི་མགོ་ཁུངས་དང་རབ་མཛེས་མཚོ་སྔོན། དག་གཙང་མཚོ་ལྷོ་ཞེས་པའི་ཡུལ་སྐོར་ངོ་སྤྲོད་ཁྱབ་སྤེལ་བྱ་འགུལ། དཔྱིད་དུས་ཀྱི་བརྙན་ཕབ་བྱ་འགུལ་དང་ཁྲི་ཀ་རྫོང་གི2025ལོའི་དཔྱིད་དུས་ཀྱི་གྲོང་གསེབ་དགོང་ཚོགས། ཁྲི་ཀ་རྫོང་གི་སིལ་སྡོང་མེ་ཏོག་རྟགས་མའི་ཞིང་ཆེན་ཡོངས་ཀྱི་མདའ་འཕེན་གདན་ཞུ་འགྲན་བསྡུར་སྐབས་གསུམ་པ་དང་ཁྲི་ཀ་རྫོང་གི་རྨ་ཆུ་རྟགས་མའི་ཞིང་ཆེན་ཡོངས་ཀྱི་གཟེབ་གྲུག་གདན་ཞུ་འགྲན་བསྡུར་སྐབས་བཅོ་ལྔ་བ། ཁྲི་ཀ་རྫོང་གི་སིལ་སྡོང་མེ་ཏོག་རྟགས་མའི་ཞིང་ཆེན་ཡོངས་ཀྱི་ན་གཞོན་ལོ་ཆུང་ཆུ་རྐྱལ་འགྲན་བསྡུར་ཐོག་མ། ཁྲི་ཀ་རྫོང་གི་མི་རིགས་མཐུན་སྒྲིལ་རྟགས་མའི་ཞིང་ཆེན་ཡོངས་ཀྱི་རྟ་རྒྱུག་གདན་ཞུ་འགྲན་བསྡུར་སྐབས་གསུམ་པ། མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་བདེ་ཐང་རྒྱུག་འགྲན་དང་དམངས་ཡོངས་ཀྱི་མདོག་ལྡན་རྒྱུག་འགྲན་སྐབས་དགུ་བ(ཁྲི་ཀའི་ས་ཚིགས)སོགས་རིམ་སྤེལ་བྱ་འགུལ་ཁག་བཅུ་དྲུག་བསྡུས།

ཐེངས་འདིའི་རིམ་སྤེལ་བྱ་འགུལ་ནི་སིལ་སྡོང་མེ་ཏོག་དང་རྨ་ཆུ་སྔོན་མོར་བརྟེན་ནས་གནམ་འོག་གི་རྨ་ཆུ་ཁྲི་ཀའི་ཡུལ་ན་དྭངས་ཅེས་པའི་སྤུས་རྟགས་ཀྱི་ཤུགས་རྐྱེན་དང་རིག་གནས་ཡུལ་སྐོར་གྱི་སྙན་གྲགས་གཏོད་རྒྱུ་དང་། ནུས་ཤུགས་ཡོད་རྒུས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་སའི་གནས་མཆོག་གཏོད་པ། ཕྱོགས་ཡོངས་ཀྱི་དྲིལ་སྒྲོག་དང་འོས་སྦྱོར་བྱས་ནས་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། ཀུན་སྤྱོད་སྣ་མང་གི་རིག་གནས་དང་ཡུལ་སྲོལ་གང་ལེགས་མངོན་པར་བྱས་ནས་ཕྱི་ཕྱོགས་ཀྱི་རྒྱུས་ལོན་བྱེད་ཐབས་རྒྱ་བསྐྱེད་དགོས། མ་དངུལ་གཏོང་བའི་ཐབས་ལམ་ལ་བརྟེན་ནས་རྫོང་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་བྱ་གཞག་སྒོ་ཀུན་ནས་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་སྟེ། སྣ་མང་ཉམས་ལེན་བཅས་ཀྱི་རྨ་ཆུའི་རིག་གནས་ཡུལ་སྐོར་བྱ་འགུལ་གྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་སྤུས་རྟགས་གཏོད་རྒྱུར་གཞོལ་འདེགས་བྱས་ཡོད། ཁྲི་ཀ་རྫོང་དེ་ཞིང་ཆེན་ཡོངས་ཀྱི་དཔྱིད་ཀའི་ཡུལ་སྐོར་གྱི་གླེང་གཞིར་བསྒྱུར་ནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། དུས་མཚུངས་སུ་མཛད་སྒོའི་ཡུལ་དངོས་སུ་ཁྲི་ཀ་རྫོང་གི་ཚོང་འགུག་དངུལ་འདྲེན་ལས་གཞིར་གན་རྒྱ་བཞག་སྟེ། རིག་གནས་གནས་སྐོར་ཁྱབ་གདལ་དུ་གཏོང་བ་དང་ཡུལ་སྐོར་འོས་སྦྱོར་པར་རྟགས་མ་གནང་བ་སོགས་ཀྱི་བྱ་འགུལ་སྤེལ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།