ངོས་དང་པོ > ཆེད་དོན། > བྱ་འགུལ་སྣ་ཚོགས། > རྒྱལ་ཡོངས་བོད་ཀྱི་རིག་གནས་བརྙན་ཐུང་འགྲན་སྡུར་སྐབས་གཉིས་པའི་བྱ་དགའ་སྤྲོད་པའི་མཛད་སྒོ་ཟི་ལིང་དུ་བསྡུས།
རྒྱལ་ཡོངས་བོད་ཀྱི་རིག་གནས་བརྙན་ཐུང་འགྲན་སྡུར་སྐབས་གཉིས་པའི་བྱ་དགའ་སྤྲོད་པའི་མཛད་སྒོ་ཟི་ལིང་དུ་བསྡུས།
རྩོམ་པ་པོ།:
ཡོང་ཁུངས།:ཨ་མདོ་བརྙན་འཕྲིན།
དུས་ཚོད།:2025-11-21 08:58:27
ཀློག་གྲངས།:
ཟླ་བཅུ་གཅིག་པའི་ཚེས་བཅུ་དགུ་ཉིན། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་གཙོ་སྒྲུབ་དང་ཨ་མདོ་བརྙན་འཕྲིན་གྱིས་འགན་སྒྲུབ་བྱས་པའི་མི་རིགས་ཀྱི་ཕུལ་བྱུང་རིག་གནས་དར་སྤེལ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བ་བརྗོད་གཞི་ཡིན་པའི་རྒྱལ་ཡོངས་བོད་ཀྱི་རིག་གནས་བརྙན་ཐུང་འགྲན་སྡུར་སྐབས་གཉིས་པའི་བྱ་དགའ་སྤྲོད་པའི་མཛད་སྒོ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་གཏོང་ཚོམས་ཆེན་དུ་བསྡུས།

ཐེངས་འདིའི་འགྲན་སྡུར་ཁྲོད་ནང་དོན་ལ་ཀྲུང་ཧྭའི་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དང་བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སོགས་པར་འབྲེལ་བའི་འགྲན་ཞུགས་བརྩམས་ཆོས་སུམ་བརྒྱ་ལྷག་འབྱོར་བའི་ནང་། ཆེད་ལས་ཀྱི་དཔྱད་འདེམས་དང་དྲ་ལམ་གྱི་ཀློག་གྲངས་བརྒྱུད་མཐར་ཨང་དང་པོ་གསུམ་དང་ཨང་གཉིས་པ་དྲུག ཨང་གསུམ་པ་དགུ། ཕུལ་བྱུང་བརྩམས་ཆོས་བཅུ་གཉིས་བཅས་སྤྱི་བསྡོམས་པས་བརྩམས་ཆོས་སུམ་ཅུ་ལ་བྱ་དགའ་ཐོབ་ཡོད་པ་རེད།

བྱ་དགའ་ཨང་དང་པོ་ཐོབ་མཁན་དང་བྱ་དགའ་གནང་མཁན་གྱི་མཉམ་པར།

བྱ་དགའ་ཨང་གཉིས་པ་ཐོབ་མཁན་དང་བྱ་དགའ་གནང་མཁན་གྱི་མཉམ་པར།

བྱ་དགའ་ཨང་གསུམ་པ་ཐོབ་མཁན་དང་བྱ་དགའ་གནང་མཁན་གྱི་མཉམ་པར།

ཕུལ་བྱུང་བྱ་དགའ་ཐོབ་མཁན་དང་བྱ་དགའ་གནང་མཁན་གྱི་མཉམ་པར།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号