ཁམས་པའི་བརྙན་འཕྲིན་ཁང་གི་བོད་རབ་རྒྱན་མེ་ཕོ་རྟ་ལོའི་ལོ་གསར་སྤྲོ་ཚོགས་ཆེན་མོ་ཕབ་སྐྲུན་ལེགས་པར་གྲུབ།

རྩོམ་པ་པོ།: ཡོང་ཁུངས།:ཁམས་པའི་བརྙན་འཕྲིན། དུས་ཚོད།:2026-01-30 08:33:14 ཀློག་གྲངས།:
       རྫོགས་ལྡན་དུས་ཀྱི་མཆོད་དབྱངས་འདི་ནས་གྲགས། རྟ་མཆོག་རིན་ཆེན་གོམ་སྟབས་འདི་ནས་བསྒྱུར། སྤྱི་ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན། སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཁམས་པའི་བརྙན་འཕྲིན་ཁང་དང་། མི་རིགས་རླུང་འཕྲིན། ཀྲུང་གུང་རྟའུ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་སྒྲུབ་པའི་བོད་རབ་རྒྱན་མེ་ཕོ་རྟ་ལོའི་ལོ་གསར་སྤྲོ་ཚོགས་ཆེན་མོ་རྫོགས་ལྡན་དུས་ཀྱི་མཆོད་དབྱངས་ཞེས་པ་ཕབ་སྐྲུན་ལེགས་པར་གྲུབ།
       ཐེངས་འདིའི་ལོ་གསར་སྤྲོ་ཚོགས་ཐོག་འཇམ་དབྱངས་སྒྲོལ་མ་དང་ཀུན་དགའ། ཤེར་བསྟན། ཚེ་དབང་ལྷ་མོ། བཀྲ་ཤིས་ཉི་མ། དབྱངས་ཅན་མ། ནོར་བུ་བསམ་འགྲུབ། སྒྲོན་པེ། སངས་རྒྱས་ཚེ་རིང་། ཐར་ཆེན་ལ་སོགས་པ་མང་ཚོགས་ཀྱི་དགའ་བསུ་ཐོབ་པའི་གླུ་པ་གླུ་མ་དང་། དེ་བཞིན་གཤོག་པ་སྔོན་པོ་ཚན་སྡེབ་དང་སྒྲོལ་མ་ཆོས་སྐྱིད། ཆོས་དབྱིངས་མཚོ་ལྟ་བུའི་ན་གཞོན་གླུ་པ་གླུ་མ་མང་པོ་གདན་དྲངས་ནས་གླུ་གར་གྱི་སྟོན་མོ་གྱ་ནོམ་པ་ཞིག་རྒྱ་ཆེའི་གཟིགས་མོ་བ་རྣམས་ཀྱི་མིག་གི་དགའ་སྟོན་དང་རྣ་བའི་གསོས་སུ་ཕུལ་ཡོད་ལ། ཨ་ཁུ་བྱམས་པ་དང་ཉི་སྒྲོན། ལྷག་ཆུང་སོགས་སྒྱུ་རྩལ་པ་ཁག་ཅིག་གིས་གར་ཆུང་སོགས་ཉན་ན་སྣང་བ་སྐྱིད་ཅིང་བལྟས་ན་སེམས་འགུལ་ཐེབས་པའི་ལྟད་མོ་ཕུན་སུམ་ཚོགས་པ་ཞིག་ཚང་མར་གནམ་ལོ་གསར་པའི་ལེགས་སྐྱེས་སུ་ཕུལ་བ་རེད།
       དེ་ཡང་ལོ་རྟག་པ་ནང་བཞིན་ཐེངས་འདིའི་བོད་ཀྱི་ལོ་སར་སྤྲོ་ཚོགས་ཐོག་རྟའུ་རྫོང་གཙོ་བྱས་པའི་ཐོག ལྷ་ས་དང་མངའ་རིས། ནག་ཆུ། ཆབ་མདོ། བདེ་ཆེན། རྫ་ཆུ་ཁ། དེ་མིན་དཀར་མཛེས་ཁུལ་མི་རིགས་གླུ་གར་ཚོགས་པ་དང་། སི་ཁྲོན་མི་རིགས་སློབ་གླིང་སོགས་ཆེད་ལས་ཚོགས་པས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་བྲོ་དང་གཞས། ནང་མ། སྟོད་གཞས། ལྷ་མོ། ལ་གླུ་སོགས་ལྟད་མོ་གྱ་ནོམ་པ་ཕུལ་ནས། ཡུལ་ལུང་མི་འདྲ་བའི་ཡུལ་སྲོལ་གོམས་གཤིས་དང་དམངས་ཁྲོད་སྒྱུ་རྩལ་གྱི་དགྱེས་སྟོན་ཆེན་མོ་ཞིག་བཤམས་པ་རེད།
       བོད་རབ་རྒྱན་མེ་ཕོ་རྟ་ལོའི་ལོ་སར་སྤྲོ་ཚོགས་ཆེན་མོ་རྫོགས་ལྡན་དུས་ཀྱི་མཆོད་དབྱངས་ཞེས་པ་བོད་ཀྱི་ལོ་སར་ཚེས་པ་གཅིག་སྟེ་སྤྱི་ཟླ་གཉིས་པའི་ཚེས་བཅོ་བརྒྱད་ཀྱི་སྔ་དྲོའི་ཆུ་ཚོད་དགུ་པའི་སྟེང་དུ། ཁམས་པའི་བརྙན་འཕྲིན་དང་ཁམས་པའི་བརྙན་འཕྲིན་ཁང་གི་འཕྲིན་ལམ་ཁག་ནས་དུས་མཉམ་དུ་རྒྱལ་ཕྱི་ནང་གི་གཞིས་བྱེས་སྤུན་ཟླ་ཡོངས་ཀྱི་སྤྱན་ལམ་དུ་གཏང་རྒྱུ་ཡིན་པས། ཁྱེད་ཀྱིས་དུས་ལྟར་གཟིགས་པར་དགའ་བསུ་ཞུའོ། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།