དེབ་གསར«སྲིད་པའི་བྲོ་རྒན་པད་ལུང་བྲོ་བོ་ཆེ»པར་སྐྲུན་འགྲེམས་སྤེལ་བྱས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2026-01-06 08:40:57 ཀློག་གྲངས།:
       ཉེ་ཆར། ཡུལ་ཤུལ་ཁུལ་ཁྲི་འདུ་རྫོང་གི་ཀུན་དགའ་ནོར་བུས་སྒྲིག་རྩོམ་བྱས་པའི་དེབ་གསར«སྲིད་པའི་བྲོ་རྒན་པད་ལུང་བྲོ་བོ་ཆེ»ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས།
       དེབ་འདིའི་ནང་། བོད་ཀྱི་བྲོའི་བྱུང་འཕེལ་ནས་མགོ་བརྩམས་ཏེ་ཐོག་མར་པད་ལུང་བྲོ་བོ་ཆེ་ཡི་བྱུང་འཕེལ་སྐོར་བརྗོད་ཡོད་པ་དང་། བར་དུ་པད་ལུང་བྲོ་བོ་ཆེ་ཡི་འཆམ་གྱེར་ཚིག་གསུམ་བྱེ་བྲག་ཏུ་བསྟན་ཞིང་། རྩོད་སྒྲུབ་དངོས་གཙོ་རིང་ལུགས་ཀྱི་རིགས་ལམ་ངོས་ནས་རྗེས་སོར་པད་ལུང་བྲོ་བོ་ཆེ་ཇི་ལྟར་རྒྱུད་འཛིན་དང་དར་སྤེལ་བྱ་ཚུལ་སྐོར་བརྗོད་ཡོད། མཇུག་མཐར་པད་ལུང་བྲོ་བོ་ཆེ་ཡི་བྲོ་ཚིག་དུ་མ་བོད་རྒྱ་ཤན་སྦྱར་གྱི་ཚུལ་དུ་སྤེལ་འདུག ཟུར་ལྟའི་ལེ་ཚན་དུ་མཁས་པའི་དཔྱད་གླེང་དང་དོན་ཆེན་གནད་བསྡུས་ཞེས་དོན་ཚན་གཉིས་སུ་དབྱེ་སྟེ་པད་ལུང་བྲོ་བོ་ཆེ་དང་འབྲེལ་བའི་རྒྱུ་ཆ་མང་པོ་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་བསྟར་ཡོད།
       དཔེ་དེབ་འདིའི་རྣམ་པའི་ཆ་ནས་བོད་རྒྱ་ཡིག་རིགས་ཟུང་འབྲེལ་དང་རི་མོ་དང་ཡི་གེ་ཟུང་དུ་སྦྲེལ་བས་འདྲ་ཡིག་ཟུང་འབྲེལ་ཅན་དུ་གྲུབ་པ་མ་ཟད། ནང་དོན་གྱི་ཆ་ནས་རྗོད་བྱེད་ཀྱི་ཚིག་སྦྱོར་ཁ་ལ་བདེ་ཞིང་བརྗོད་བྱའི་སྙིང་པོ་ཡིད་ལ་འཛིན་བདེ་བ་ཅན་གྱི་ཁྱད་ཆོས་ཀྱིས་ཕྱུག་པས། བོད་ཀྱི་ཞབས་བྲོ་སྒྱུ་རྩལ་སྤྱི་དང་སྒོས་སུ་སྒ་ཁྲི་འདུའི་ཕྱོགས་སུ་དར་ཁྱབ་ཆེ་བའི་པད་ལུང་བོ་ཆེའི་རིག་གནས་ལོ་རྒྱུས་སྐོར་ཤེས་རྟོགས་དང་ཞིབ་འཇུག་བྱ་འདོད་པ་རྣམས་ལ་མཚོན་ན་རྒྱུ་ཆ་ཤིན་ཏུ་རྩ་ཆེན་ཡིན་ནོ། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།