• ཅང་སུའུ་ཡི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུངས་བཤད།

    ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་གྱི་རྨང་གཞི་ཞིག་དང་།ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད།དེར་བརྟེན་རྨོ་ཞིང་གི་དམར་ཐིག་ནན་པོར་སྲུང་བ་དང་།འབྲུ་རིགས་འདེབས་ཁྱོན་བརྟན་པོ་ཡོང་བར་བྱེད་པ།ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ།འབྲུ་རིགས་དང་ཞིང་ལས་ཐོན་རྫས་གཙོ་བོ་བརྟན་པོ་དང་བདེ་འཇགས་ངང་མཁོ་སྤྲོད་བྱེད་རྒྱུར་འགན་ལེན་ཏན་ཏིག་བྱེད་དགོས།...

    2025-12-12 11:46:14 མཚོ་སྔོན་པོ་དྲ་བ། 100
  • ཧྲན་ཤིས་སུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད།

    ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་རྗེས་མཐུད་ལས་དོན་ལ་དམ་འཛིན་ནན་པོ་དང་དམ་འཛིན་ཞིབ་ཚགས་བྱེད་པ་དང་།གནད་དོན་བཤེར་འདོན་ངོ་མ་བྱེད་པ།དག་ཐེར་བྱ་ཐབས་ཏན་ཏིག་འདོན་པ་བཅས་བྱས་ནས་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས།སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དང་ཉམས་མྱོང་དུས་ཐོག་ཏུ་ཕྱོགས་སྡོམ་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།...

    2025-12-11 09:31:14 མཚོ་སྔོན་པོ་དྲ་བ། 186
  • ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གནང་བའི་གསུང་བཤད།

    དུས་བབ་གསར་པ་དང་ལས་འགན་གསར་པའི་མདུན་དུ།ངེས་པར་དུ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་།“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ།བརྟན་ཐོག་ཡར་འཕེལ་གྱི་ལས་དོན་གྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ།ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ།...

    2025-12-10 12:51:09 མཚོ་སྔོན་པོ་དྲ་བ། 248
  • བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས་གནང་བའི་གསུང་བཤད།

    རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་གཏོད་ཧུར་ཐག་བྱེད་པ་དང་།རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བ།མི་རིགས་ཁག་དབར་གྱི་འགྲོ་འོང་དང་།སྤེལ་རེས།མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ།བོད་དང་ནང་སའི་དབར་གྱི་དཔལ་འབྱོར་དང་།རིག་གནས།མི་སྣ་བཅས་ཕྱོགས་གཉིས་ཀྱི་སྤེལ་རེས་ལ་སྐུལ་འདེད་གཏོང་དགོས།...

    2025-12-09 09:10:38 མཚོ་སྔོན་པོ་དྲ་བ། 465
  • ཞི་ཅིན་ཕིང་གིས་ཀོང་ཏུང་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད།

    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་།དྲིལ་བསྒྲགས།ལག་བསྟར་བཅས་བྱེད་པ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས།རིམ་པ་མང་པོ་དང་ཐབས་ལམ་མང་པོ་ནས་དྲིལ་བསྒྲགས་དང་གསོ་སྦྱོང་བྱས་པ་བརྒྱུད།རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏ...

    2025-12-08 10:43:48 མཚོ་སྔོན་པོ་དྲ་བ། 434
  • བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས་གནང་བའི་གསུང་བཤད

    རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་ལ་ཤུགས་སྣོན་རྒྱག་པའི་བླང་བྱ་གཞིར་བཟུང་།བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་དགོས། ...

    2025-12-05 08:46:29 མཚོ་སྔོན་པོ་དྲ་བ། 646
  • སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས་གནང་བའི་གསུང་བཤད།

    ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་།སྤྱི་ཚོགས་ལས་དོན་གྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ།སྔར་བས་སེམས་ནུས་གཅིག་སྒྲིལ་གྱིས་མང་ཚོགས་ལ་ཞབས་འདེགས་ཞུས་ཏེ།སྤྱི་ཚོགས་བཅོས་སྐྱོང་གི་རྨང་གཞི་བརྟན་དུ་གཏོང་དགོས།...

    2025-12-04 09:50:07 མཚོ་སྔོན་པོ་དྲ་བ། 806
  • ཆིང་ཧྭ་སློབ་གྲྭ་ཆེན་མོར་བརྟག་ཞིབ་གནང་སྐབས་ཀྱི་གསུང་བཤད།

    དེང་རབས་ཀྲུང་གོའི་གཞོན་ནུ་ནི་དུས་རབས་གསར་པ་དང་བློ་ཁ་གཅིག་མཐུན་དང་མཉམ་དུ་མདུན་སྐྱོད་བྱེད་མཁན་མི་རབས་ཤིག་ཡིན་པ་དང་།བསྐལ་པ་བཟང་བའི་དུས་སུ་སྐྱེས་པས་ཕྲག་ཐོག་གི་འགན་འཁྲི་ལྕི་པོ་ཡོད།རྒྱ་ཆེའི་གཞོན་ནུ་ཚོས་རྒྱལ་གཅེས་དམངས་གཅེས་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་རིང་དད་སེམས་འཕེལ་བ་དང་།བློ་སྒོ་འབྱེད་པ།སྟོབས་ཤུགས་བསྡུ་ལེན་བཅས་བྱས་ཏེ“གདེང་ཚོད་བཞི”ཟམ་མི་ཆད་པར་བརྟན་དུ་གཏོང་བ་དང་།ཀྲུང་གོ་བ་ཞིག་བྱེད་པའི་བློ་སྟོབས་དང་།དཔའ་ཉམས།གདེང་ཚོད་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ནས།མེས་རྒྱལ་དང་མི་དམངས་ཀྱི་ཆེད་དུ་ནམ་ཡང་འབད་འཐབ་ལྷོད་མེད་དང་ལྷག་བསམ་རྣམ་དག་གིས་ལེགས་སྐྱེས་འབུལ་བའི་ཕུགས་བསམ་བརྟན་པོ་འཛུགས་དགོས།...

    2025-12-03 08:23:50 མཚོ་སྔོན་པོ་དྲ་བ། 792
  • རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད།

    ངལ་རྩོལ་ནི་བདེ་སྐྱིད་ཡོད་དོ་ཅོག་གི་འབྱུང་ཁུངས་རེད།དེར་བརྟེན།དུས་བབ་གསར་པའི་འོག་རང་རྒྱལ་གྱི་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཚོས་མུ་མཐུད་སྔོན་ཐོན་ལ་སློབ་སྦྱོང་དང་སྔོན་ཐོན་གྱི་རྗེས་སུ་སྙེག་པ་དང་།རང་རྟོགས་ངང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བསྟར་བ།ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་ལས་དོན་པའི་བླ་ན་མེད་པའི་སྙིང་སྟོབས་དང་བླ་ན་མེད་པའི་གཤིས་རྒྱུད་ལ་བརྟེན་ནས་རང་ཉིད་ལ་སྐུལ་ལྕག་གཏོང་བ་བཅས་བྱས་ནས།...

    2025-12-02 08:39:23 མཚོ་སྔོན་པོ་དྲ་བ། 869
  • ཞི་ཅིན་ཕིང་གི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་ཉེར་གཉིས་པའི་ཐོག་གི་གསུང་བཤད།

    རང་རྒྱལ་གྱི་ཆོས་ལུགས་ཁག་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭའི་ས་གཞི་ཆེན་པོར་རྩ་བ་ཚུགས་པ་དང་ཀྲུང་ཧྭའི་རིག་གནས་དང་མཉམ་འདྲེས་ཐུབ་ན།གཞི་ནས་སྐྱོན་བྲལ་ངང་རྒྱུན་འཛིན་བྱེད་ཐུབ།ཀྲུང་ཧྭའི་ལོ་ངོ་ལྔ་སྟོང་ཙམ་གྱི་ཤེས་དཔལ་ནང་རྩ་བ་ཚུགས་པ་དང་།རང་རྒྱལ་གྱི་ཆོས་ལུགས་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བར།ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ལ་ཀྲུང་ཧྭའི་རིག་གནས་ཀྱི་མོས་སེམས་ཟབ་ཏུ་གཏོང་བར་ཁྲིད་སྟོན་བྱེད་དགོས།...

    2025-12-01 09:43:53 མཚོ་སྔོན་པོ་དྲ་བ། 947
  • ༢༠༢༠ལོའི་ཟླ༥ཚེས༡༡ཉིན་རྒྱལ་ཡོངས་ཀྱི་རྒྱ་ཆེའི་སྨན་གཡོག་ཚོར་དུས་ཆེན་གྱི་རྟེན་འབྲེལ་དང་འཚམས་འདྲི་གནང་སྐབས་ཀྱི་གསུངས་བཤད།

    ནད་སྐྱོང་ལས་དོན་ནི་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་གི་གྲུབ་ཆ་གལ་ཆེན་ཞིག་རེད།རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྒྱ་ཆེའི་སྨན་གཡོག་ཚོར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པ་དང་།སྨན་གཡོག་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་འཕེལ་རྒྱས་ཀྱི་རྨང་གཞིའི་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་དང་།ལྕག་སྐུལ་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ།སྔོན་ཐོན་དཔེ་མཚོན་དྲིལ་བསྒྲགས་བཅས་བྱས་ཏེ།ཡུ...

    2025-11-28 13:06:17 མཚོ་སྔོན་པོ་དྲ་བ། 1175
  • ༢༠༢༠ལོའི་ཟླ༥ཚེས༡༡ཉིན་རྒྱལ་ཡོངས་ཀྱི་རྒྱ་ཆེའི་སྨན་གཡོག་ཚོར་དུས་ཆེན་གྱི་རྟེན་འབྲེལ་དང་འཚམས་འདྲི་གནང་སྐབས་ཀྱི་གསུང་བཤད།

    ནད་སྐྱོང་ལས་དོན་ནི་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་གི་གྲུབ་ཆ་གལ་ཆེན་ཞིག་རེད།རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྒྱ་ཆེའི་སྨན་གཡོག་ཚོར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པ་དང་།སྨན་གཡོག་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་འཕེལ་རྒྱས་ཀྱི་རྨང་གཞིའི་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་དང་།ལྕག་སྐུལ་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ།སྔོ...

    2025-11-27 08:55:33 མཚོ་སྔོན་པོ་དྲ་བ། 1267
  • “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཚོགས་ཆེན་ཐོག་གནང་བའི་གསུང་བཤད།

    ཧྲི་ཁུའུ་མོན་ནས་གནམ་བདེ་སྒོ་མོའི་བར་དང་།ལས་དར་ལམ་ནས་བསྐྱར་དར་ལམ་བར་རང་རེའི་ཏང་གིས་ལོ་བརྒྱ་ལ་ཉེ་བའི་རིང་འབད་བརྩོན་དང་།འཐབ་རྩོད།རང་སྲོག་བློས་བཏང་བ་བཅས་ཚང་མ་ནི་མི་དམངས་ཀྱི་བདེ་སྐྱིད་དང་མི་རིགས་བསྐྱར་དར་ཡོང་བའི་ཆེད་དུ་ཡིན། ཐོག་མའི་བསམ་འདུན་དང་འགན་འཁྲི་དེ་ཐོག་མཐའ་བར་གསུམ་དུ་བརྟན་སྲུང་བྱས་པར་བརྟེན་རང་རེའི་ཏང་གཞི་ནས་དཀའ་ཉེན་ཆེན་པོའི་ཁྲོད་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་པ་དང་།འ...

    2025-11-26 09:16:22 མཚོ་སྔོན་པོ་དྲ་བ། 1332
  • ཀོང་ཤིས་སུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད།

    དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར།གཅིག་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་།འཕེལ་རྒྱས་ཀྱི་བཀོད་པ་གསར་པ་བཏོད་ནས་ས་གནས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྩ་དོན་དང་བླང་བྱར་ངོས་འཛིན་གཏིང་ཟབ་བྱེད་དགོས་ལ།གཉིས་ནས་ས་ཁུལ་དེ་གས་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ཁྲོད་ཞབས་ཞུ་དང་མཉམ་འདྲེས་བྱེད་པའི་ལེགས་ཆ་མི་འདྲ་བར་སྟངས་འཛིན་ཡང་དག་ཀྱིས།ས་གནས་དེ་གའི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དགོས།...

    2025-11-25 09:09:18 མཚོ་སྔོན་པོ་དྲ་བ། 1391
  • ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་ཉེར་གཉིས་པའི་ཐོག་གི་གསུང་བཤད།

    རིམ་ཁག་ཏང་ཨུད་ཀྱིས་ཆོས་ལུགས་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས།དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་།འཐབ་ཇུས་རང་བཞིན་དང་།རྨང་གཞིའི་རང་བཞིན།དངོས་ཡོད་རང་བཞིན་བཅས་ཀྱི་གནད་དོན་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ།ཆོས་ལུགས་ལས་དོན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ།...

    2025-11-24 09:48:27 མཚོ་སྔོན་པོ་དྲ་བ། 1458
  • ཡུན་ནན་དུ་བརྟག་ཞིབ་གནང་སྐབས་གནང་བའི་གསུང་བཤད།

    ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས་སློབ་སྦྱོང་བྱས་ནས།ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲིའི་རིན་ཐང་རྟོགས་དགོས་ལ།ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་སྲུང་བའི་གལ་འགངས་རང་བཞིན་ཡང་རྟོགས་དགོས།ཡུན་ནན་དུ་གཟི་བརྗིད་ལྡན་པའི་གསར་བརྗེའི་སྲོལ་རྒྱུན་ཡོད་ལ།མི་སེམས་འགུལ་བའི་གཏམ་རྒྱུད་ཀྱང་མང་པོ་ཡོད།གཏམ་རྒྱུད་འདི་དག“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ...

    2025-11-21 09:32:01 མཚོ་སྔོན་པོ་དྲ་བ། 1670
  • རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་ནང་སོག་གི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གསུང་བཤད།

    ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་གསར་བརྗེ་དང་།འཛུགས་སྐྲུན།སྒྱུར་བཅོས་བཅས་བྱས་པའི་རྩ་བའི་དམིགས་ཡུལ་ནི་མི་དམངས་འཚོ་བ་སྐྱིད་པོ་ཞིག་སྐྱེལ་རྒྱུའི་ཆེད་དུ་ཡིན་ཞིང་།འགྲན་སློང་དང་གནོན་ཤུགས་ཆེན་པོ་ག་ཚོད་འཕྲད་པ་དང་བློས་གཏོང་ཆེན་པོ་ཇི་ཙམ་བྱེད་དགོས་རུང་།དམིགས་ཡུལ་འདིར་ཐོག་མཐའ་བར་གསུམ་དུ་འགྱུར་བ་ཕྱིན་མེད་ལ།གཡོ་འགུལ་སྤུ་ཙམ་ཡང་ཐེབས་མྱོང་མེད།...

    2025-11-20 08:07:23 མཚོ་སྔོན་པོ་དྲ་བ། 1708
  • ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་ཉེར་གཉིས་པའི་ཐོག་གི་གསུང་བཤད།

    ཁྲིམས་བཞིན་ཆོས་ལུགས་ལས་དོན་བཅོས་སྐྱོང་བྱེད་པ་ནི་ཆོས་ལུགས་ཁྱབ་ཁོངས་ཀྱི་འགལ་ཟླ་དང་གནད་དོན་སྣ་ཚོགས་ཐག་གཅོད་ཡང་དག་བྱེད་པའི་རྩ་བའི་ཐབས་ལམ་རེད།དེས་ན།འབྲེལ་ཡོད་ཁྲིམས་སྲོལ་དང་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་།ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ།ཁྲིམས་སྒྱུར་ནན་པོ་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས།...

    2025-11-19 09:55:28 མཚོ་སྔོན་པོ་དྲ་བ། 1790
  • ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་ཉི་ཤུ་པའི་ཐོག་གི་གསུང་བཤད།

    དམངས་དོན་ཁྲིམས་གཞུང་ལག་བསྟར་ཡག་པོ་བྱེད་པར།ངེས་པར་དུ་དམངས་དོན་ཁྲིམས་གཞུང་མང་ཚོགས་ཁྲོད་དུ་དྲིལ་བསྒྲགས་ཡག་པོ་བྱེད་དགོས་པ་དང་མང་ཚོགས་ཚོས་གསལ་པོ་ཤེས་པ་བྱེད་དགོས།དམངས་དོན་ཁྲིམས་གཞུང་གི་ཁྲིམས་ལུགས་ཁྱབ་གདལ་ལས་དོན་རྒྱ་ཁྱབ་སྤེལ་རྒྱུ་དེ“ལོ་ལྔ་ཚན་བཅུ་བཞི་པའི”དུས་སྐབས་ཀྱི་ཁྲིམས་ལུགས་ཁྱབ་གདལ་ལས་དོན་གྱི་གཙོ་གནད་ལ་བརྩིས་ནས་དམ་འཛིན་བྱེད་པ་དང་།...

    2025-11-18 09:47:29 མཚོ་སྔོན་པོ་དྲ་བ། 1826
  • ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གི་གསུང་བཤད།

    ཏང་གི་ལོ་རྒྱུས་དང་།ཀྲུང་གོ་གསར་པའི་ལོ་རྒྱུས།སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས།སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་བ་དང་བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་སློབ་གསོ་གཏིང་ཟབ་སྤེལ་ནས།མི་རིགས་ཁག་གི་མང་ཚོགས་ལ་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་།ལོ་རྒྱུས་ཀྱི་ལྟ་བ།མི་རིགས་ཀྱི་ལྟ་བ།རིག་གནས་ཀྱི་ལྟ་བ།ཆོས་ལུགས་ཀྱི་ལྟ་བ་བཅས་འཛུགས་པར་ཁྲིད་སྟོན་བྱེད་དགོས།...

    2025-11-17 09:25:27 མཚོ་སྔོན་པོ་དྲ་བ། 1942
  • ཀྲུང་གོའི་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤིས་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ༧༥འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད།

    ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ༧༥སོང་རིང་།ཀྲུང་གོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།དེ་ཡང་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་འབད་འབུངས་སྟོབས་བརྩོན་དང་དཀའ་སྤྱད་ལས་གཏོད་བྱས་ནས།འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་བཏོད་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྲུབ་འབྲས་ལྡན་པའི་ངང་བཏོད་...

    2025-11-14 09:01:09 མཚོ་སྔོན་པོ་དྲ་བ། 2161
  • རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད།

    རང་རེའི་ཏང་བཙུགས་ནས་ལོ་ངོ་བརྒྱ་འཁོར་བ་དང་།ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ༧༠འཁོར་བ།སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ༤༠ལྷག་ཙམ་སོང་བའི་ལོ་རྒྱུས་ནི་བགེགས་མེད་བདེ་བགྲོད་ཅིག་གཏན་ནས་མིན།དཀའ་སྤྱད་དང་དུ་བླངས་ནུས་ན།མི་འགྲུབ་བྱ་བ་ཅི་ཡང་མེད།ང་ཚོས་རྒྱལ་ཕྱི་རྒྱལ་ནང་གི་དུས་བབ་ཆེན་པོར་རྩོད་སྒྲུབ་ངོས་འཛིན་དང་སྟངས་འཛིན་གྱིས་འཐབ་ཇུས་རང་བཞིན་དང་།ཁྱོན་ཡོངས་རང་བཞིན།སྔ...

    2025-11-13 10:19:51 མཚོ་སྔོན་པོ་དྲ་བ། 2238
  • “འགོ་ཁྲིད་མི་སྣའི་གནམ་གཤིས་དབུ་ཚོགས”ལ་ཞུགས་སྐབས་གནང་བའི་གསུང་བཤད།

    རང་བྱུང་ཁམས་ཀྱིས་མིའི་རིགས་བསྐྱངས་དང་སྐྱོང་བཞིན་ཡོད་པས།མིའི་རིགས་ཀྱིས་རང་བྱུང་ཁམས་རྩ་བར་བཟུང་སྟེ་རང་བྱུང་ཁམས་ལ་བརྩི་འཇོག་དང་།རང་བྱུང་ཁམས་ལ་བསྟུན་པ།རང་བྱུང་ཁམས་ལ་སྲུང་སྐྱོང་བཅས་བྱེད་དགོས།གལ་ཏེ་རང་བྱུང་ཁམས་ལ་བརྩི་འཇོག་མི་བྱེད་པ་དང་རང་བྱུང་ཁམས་ཀྱི་ཆོས་ཉིད་དང་རྒྱབ་འགལ་བྱས་ཚེ།རང་བྱུང་ཁམས་ཀྱིས་འཁོན་ལན་སློག་སྲིད།རང་བྱུང་ཁམས་ལ་གཏོར་སྐྱོན་ཆེན་པོ་ཕོག་ན།མི...

    2025-11-12 09:26:56 མཚོ་སྔོན་པོ་དྲ་བ། 2291
  • ཞི་ཅིན་ཕིང་གི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་ཉེར་གཉིས་པའི་ཐོག་གི་གསུང་བཤད།

    ཆོས་ལུགས་ལས་རིགས་ཀྱིས་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་རང་ངོས་སྒྱུར་བཅོས་ལ་སྐུལ་སློང་བྱེད་པ་དེ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བའི་ངོས་ནས་བརྗོད་ན་གལ་འགངས་ཆེ་བས།ཆོས་ལུགས་ལས་རིགས་ཀྱིས་བསྟན་དོན་འདུལ་ཁྲིམས་དང་།དོ་དམ་ལམ་ལུགས།གུས་ལུགས་གོམས་སྲོལ།བྱ་སྤྱོད་ཚད་གཞི་སོགས་ཀྱི་ཐད་ཀྲུང་གོའི་ཁྱད་ཆོས་མངོན་པ་དང་དུས་རབས་ཀྱི་བླང་བྱ་དང་འཚམ་པ་བྱས་ཏེ།རང་ངོས་སློབ་གསོ་དང་།རང་ངོས་དོ་དམ།རང་ངོས་གཅུན་འདོམས་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱེད་དགོས།...

    2025-11-11 10:08:54 མཚོ་སྔོན་པོ་དྲ་བ། 2379
  • ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་བཅོས་སྐྱོང་གི་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད།

    ལོ་རྒྱུས་ནི་བསླབ་གཞི་ཡག་ཤོས་ཤིག་ཡིན་ལ།བསམ་པའི་རྒྱགས་ཕྱེ་ཡག་ཤོས་ཀྱང་ཡིན།རང་རེའི་ཏང་གིས་སྣེ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་བྱས་པར་གྲུབ་འབྲས་ལྡན་པའི་ཉམས་མྱོང་ཐོབ་ཡོད་ལ།ནོར་འཁྲུལ་གྱི་བསླབ་བྱའང་ཐོབ་མྱོང་ཡོད།ལྷག་པར་དུ་ལོ་བཅུའི་ནང་འཁྲུག་རིང་།ཁྲིམས་ལུགས་ལ་གཏོར་སྐྱོན་ཚབས་ཆེན་ཕོག་པས་ཏང་དང་མི་དམངས་ཀྱིས་བློས་གཏོང་མང་པོ་བྱེད་དགོས་བྱུང་ཡོད།...

    2025-11-10 11:01:18 མཚོ་སྔོན་པོ་དྲ་བ། 2470

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།