«ཞིང་ལས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་གང་མགྱོགས་བྱས་ནས། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།»

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-07-26 07:16:49 ཀློག་གྲངས།:
       ཞིང་ལས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་མིག་སྔར་གྲོང་གསེབ་དར་རྒྱས་གཏོང་རྒྱུ་དམ་འཛིན་གང་ལེགས་བྱེད་དགོས། “ཞིང་གསུམ”ལས་དོན་གྱི་གཙོ་གནད་ལ་ལོ་རྒྱུས་རང་བཞིན་གྱི་སྤོ་སྒྱུར་མངོན་འགྱུར་བྱུང་བས། མི་ཤུགས་ཀྱི་གཏོང་ཆ་དང་། དངོས་ཤུགས་ཀྱི་བཀོད་སྒྲིག ནོར་ཤུགས་ཀྱི་འགན་སྲུང་བཅས་ཚང་མ་གྲོང་གསེབ་དར་རྒྱས་ཀྱི་ཕྱོགས་སུ་སྤོ་སྒྱུར་བྱེད་དགོས། ལས་དོན་འདི་འགོ་བརྩམས་མ་ཐག་པ་ཡིན་པས། དཀའ་ཚེགས་དང་ལྗིད་རྫོབ་ཆེ་བའི་ལས་འགན་ད་དུང་རྗེས་སུ་ཡོད་ཅིང་། ལྷོད་གཡེང་གཏན་ནས་བྱེད་མི་རུང་ལ་འགྲོ་ལམ་དེ་བས་ཀྱང་བརྗེ་མི་རུང་། སྤྱིའི་བླང་བྱ་ནི་སྔར་བཞིན་ཐོན་ལས་དང་། ཤེས་ལྡན་མི་སྣ། རིག་གནས། སྐྱེ་ཁམས། རྩ་འཛུགས་བཅས“དར་སྤེལ་ལྔ”ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དེ་ཡིན། “དར་སྤེལ་ལྔ”ནི་ཕན་ཚུན་འབྲེལ་བ་དང་། ཕན་ཚུན་འདེགས་སྐྱོར། ཕན་ཚུན་སྐུལ་འདེད་བཅས་བྱེད་པའི་གཅིག་གྱུར་དམ་ཚགས་ཀྱི་གོང་བུ་ཞིག་ཡིན་པས། གཅིག་འདོམས་ཀྱིས་བཀོད་སྒྲིག་དང་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་དང་། གཙོ་གནད་དམ་འཛིན་དང་ཆད་སྐྱོན་གསབ་དགོས་པར་་མ་ཟད། ད་དུང་གནད་ལ་འཕིགས་པ་དང་ཡུལ་བབ་དང་བསྟུན་རྒྱུ་ནན་བཤད་དང་། སྒྱུར་གྲངས་ནུས་འབྲས་དང་རྫས་འགྱུར་འགྱུར་འབྱུང་སྐུལ་སློང་བྱས་ཏེ། ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་ནུས་དང་ཕྱོད་ནུས་ཆེ་རུ་གཏོང་དགོས།
—«ཞིང་ལས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་གང་མགྱོགས་བྱས་ནས། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།» (༢༠༢༢ལོའི་ཟླ༡༢ཚེས༢༣ཉིན།«བདེན་འཚོལ»དུས་དེབ༢༠༢༣ལོའི་རྒྱ་ཡིག་པར་གཞི། འདོན་ཐེངས༦པ།
  建设农业强国,当前要抓好乡村振兴。“三农”工作重心已经实现历史性转移,人力投入、物力配置、财力保障都要转移到乡村振兴上来。这件事刚刚破题,更为艰巨繁重的任务还在后面,决不能松劲歇脚,更不能换频道。总的要求仍然是全面推进产业、人才、文化、生态、组织“五个振兴”。“五个振兴”是相互联系、相互支撑、相互促进的有机统一整体,要统筹部署、协同推进,抓住重点、补齐短板,还要强调精准、因地制宜,激发乘数效应和化学反应,提高全面推进乡村振兴的效力效能。
—《加快建设农业强国,推进农业农村现代化》(2022年12月23日),《求是》杂志2023年第6期
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།