ངོས་དང་པོ > ཆེད་དོན། > ཉིན་རེའི་ཞལ་གསུང་། > «ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་རྒྱུ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྐུལ་སྤེལ་གཏོང་རྒྱུ་དེ་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་སྤྱིའི་དམིགས་འབེན་དུ་འཛིན་དགོས།»
«ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་རྒྱུ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྐུལ་སྤེལ་གཏོང་རྒྱུ་དེ་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་སྤྱིའི་དམིགས་འབེན་དུ་འཛིན་དགོས།»
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-08-29 08:21:06
ཀློག་གྲངས།:
རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་ནི་དུས་རབས་ཀྱི་འགྱུར་ལྡོག་ལ་བསྟུན་ནས་ལག་ལེན་གོང་འཕེལ་ཡོང་བའི་བླང་བྱ་དང་མི་མཐུན་པའི་སྒྲིག་སྲོལ་དང་ལམ་སྲོལ། བཅའ་ཁྲིམས་དང་ཁྲིམས་སྲོལ་བསྒྱུར་བཅོས་བྱེད་དགོས་པར་མ་ཟད། སྒྲིག་སྲོལ་དང་ལམ་སྲོལ། བཅའ་ཁྲིམས་དང་ཁྲིམས་སྲོལ་གསར་པ་ཡང་རྒྱུན་ཆད་མེད་པར་བཙུགས་ནས་ཕྱོགས་གང་ཐད་ཀྱི་ལམ་ལུགས་སྔར་བས་ཚན་རིག་དང་མཐུན་པ་དང་། སྔར་བས་འཐུས་ཚང་ཡོང་བར་བྱས་ཏེ། ཏང་དང་རྒྱལ་ཁབ་དང་སྤྱི་ཚོགས་བཅས་ཀྱི་ལས་དོན་བཅོས་སྐྱོང་བྱེད་པ་དེ་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་སུ་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་ཡིན། བཅོས་སྐྱོང་ནུས་པ་འཛུགས་སྐྲུན་བྱ་རྒྱུར་དེ་བས་ཀྱང་མཐོང་ཆེན་བྱས་ཏེ། ལམ་ལུགས་ལྟར་དོན་དག་སྒྲུབ་པ་དང་བཅའ་ཁྲིམས་ལྟར་དོན་དག་སྒྲུབ་པའི་འདུ་ཤེས་ཟབ་ཏུ་གཏོང་དགོས་པ་དང་། ལམ་ལུགས་དང་བཅའ་ཁྲིམས་སྤྱད་དེ་རྒྱལ་ཁབ་སྐྱོང་མཁས་དགོས་ཐོག ཕྱོགས་གང་ཅིའི་ཐད་ཀྱི་ལམ་ལུགས་ཀྱི་དགེ་མཚན་རྒྱལ་ཁབ་སྐྱོང་བའི་ཕན་ནུས་ལ་སྒྱུར་དགོས་པ་དང་། ཏང་གི་ཚན་རིག་དང་མཐུན་པར་སྲིད་སྐྱོང་དང་། དམངས་གཙོས་སྲིད་སྐྱོང་། ཁྲིམས་ལྟར་སྲིད་སྐྱོང་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས།
—«ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་རྒྱུ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྐུལ་སྤེལ་གཏོང་རྒྱུ་དེ་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་སྤྱིའི་དམིགས་འབེན་དུ་འཛིན་དགོས།» (༢༠༡༣ལོའི་ཟླ༡༡ཚེས༡༢ཉིན།) ཞི་ཅིན་ཕིང་གི«མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པའི་སྐོར་གླེང་བ།» ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གི༢༠༢༡ལོའི་རྒྱ་ཡིག་པར་གཞི། ཤོག་ངོས༤༧པ།
推进国家治理体系和治理能力现代化,就是要适应时代变化,既改革不适应实践发展要求的体制机制、法律法规,又不断构建新的体制机制、法律法规,使各方面制度更加科学、更加完善,实现党、国家、社会各项事务治理制度化、规范化、程序化。要更加注重治理能力建设,增强按制度办事、依法办事意识,善于运用制度和法律治理国家,把各方面制度优势转化为管理国家的效能,提高党科学执政、民主执政、依法执政水平。
—《把完善和发展中国特色社会主义制度,推进国家治理体系和治理能力现代化作为全面深化改革的总目标》(2013年11月12日),习近平《论坚持人民当家作主》,中央文献出版社2021年版,第47页
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།