«ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཐོག་བསམ་བློ་གཅིག་གྱུར་ཏན་ཏིག་བྱེད་དགོས།»

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-09-05 08:11:56 ཀློག་གྲངས།:
       ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་ན་ངེས་པར་དུ་སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་རྒྱུ་དང་མི་དམངས་ཀྱི་ཕན་བདེ་ཆེ་རུ་གཏོང་རྒྱུ་དེ་ཀུན་སློང་དང་དམིགས་ཡུལ་དུ་འཛིན་དགོས། འདི་ནི་ང་ཚོའི་ཏང་གིས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་དགོས་པའི་གཞི་རྩའི་དམིགས་འབེན་གྱི་ལྡོག་མེད་བླང་བྱ་རེད། ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་ན་ངེས་པར་དུ་སྔར་ལས་དྲང་སྙོམས་དྲང་བདེན་ཡོང་བའི་སྤྱི་ཚོགས་ཁོར་ཡུག་བསྐྲུན་རྒྱུར་དམིགས་ནས། དྲང་སྙོམས་དྲང་བདེན་དང་འགལ་བའི་སྣང་ཚུལ་རྒྱུན་ཆད་མེད་པར་ཁྱད་དུ་བསད་དེ་བསྒྱུར་བཅོས་ཀྱི་གྲུབ་འབྲས་དེ་སྔར་ལས་དྲང་སྙོམས་ཀྱི་སྒོ་ནས་མི་དམངས་ཡོངས་ལ་ཕན་པའི་གསོས་སུ་འགྱུར་བར་བྱེད་དགོས། གལ་སྲིད་མི་སེར་རྣམས་ལ་མིག་མཐོང་ལག་ཟིན་གྱི་ཁེ་ཕན་སྐྲུན་མ་ཐུབ་པ་དང་། སྔར་ལས་དྲང་སྙོམས་ཀྱི་སྤྱི་ཚོགས་ཁོར་ཡུག་སྐྲུན་མ་ཐུབ་པ། ཐ་ན་དྲང་སྙོམས་མེད་པ་དེ་བས་མང་བ་བཟོས་པ་ཡིན་ན་བསྒྱུར་བཅོས་དོན་མེད་དུ་གྱུར་པ་དང་རྒྱུན་མཐུད་ཀྱང་ཐུབ་མི་སྲིད།
—«ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཐོག་བསམ་བློ་གཅིག་གྱུར་ཏན་ཏིག་བྱེད་དགོས།» (༢༠༡༣ལོའི་ཟླ༡༡ཚེས༡༢ཉིན།) ཞི་ཅིན་ཕིང་གི«ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་རྒྱུན་འཁྱོངས་བྱེད་དགོས་པའི་སྐོར་གླེང་བ།» ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གི༢༠༡༨ལོའི་རྒྱ་ཡིག་པར་གཞི། ཤོག་ངོས༥༢པ།
  全面深化改革必须以促进社会公平正义、增进人民福祉为出发点和落脚点。这是坚持我们党全心全意为人民服务根本宗旨的必然要求。全面深化改革必须着眼创造更加公平正义的社会环境,不断克服各种有违公平正义的现象,使改革发展成果更多更公平惠及全体人民。如果不能给老百姓带来实实在在的利益,如果不能创造更加公平的社会环境,甚至导致更多不公平,改革就失去意义,也不可能持续。
—《切实把思想统一到党的十八届三中全会精神上来》(2013年11月12日),习近平《论坚持全面深化改革》,中央文献出版社2018年版,第52页
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།