«ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པར་ངེས་པར་དུ་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་དགོས།»

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-09-09 08:02:47 ཀློག་གྲངས།:
       བསྒྱུར་བཅོས་ལ་སྐུལ་འདེད་གཏོང་སྐབས་བསམ་བློའི་ཐབས་ཤེས་ཡང་དག་དང་རྩོད་སྒྲུབ་རིག་པ་རྒྱུན་འཁྱོངས་བྱས་ཏེ། བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་བར་གྱི་འབྲེལ་བ་དང་། སྤྱི་ཡོངས་ནས་སྐུལ་འདེད་དང་གཙོ་གནད་ཐོད་བརྒལ་བར་གྱི་འབྲེལ་བ། ཁྱོན་ཡོངས་དང་ཆ་ཤས་བར་གྱི་འབྲེལ་བ། རྩེ་རིམ་ཇུས་འགོད་དང་ཆུ་ལ་དཔགས་ནས་རབ་བརྒལ་བའི་འབྲེལ་བ། སྤོབས་པ་ཆེ་ཙམ་དང་གོམ་པ་བརྟན་ཙམ་སྤོ་དགོས་པའི་འབྲེལ་བ། བསྒྱུར་བཅོས་འཕེལ་རྒྱས་བརྟན་བརླིང་གསུམ་གྱི་འབྲེལ་བ་བཅས་ཐག་གཅོད་ཡག་པོ་བྱེད་པ་དང་། བཀོལ་སྤྱོད་བྱེད་ནུས་དང་ལག་བསྟར་བྱེད་ནུས་ཆེ་རུ་གཏོང་གང་ཐུབ་བྱས་ཏེ། ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དུས་ཐོག་དང་གནད་ལ་འཁེལ་བའི་སྒོ་ནས་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་ཏན་ཏིག་བྱེད་དགོས། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པའི་བསྒྱུར་བཅོས་བྱེད་ཐབས་མང་པོ་ཞིག་ད་ལྟ་སྤྱོད་བཞིན་པའི་བཅའ་ཁྲིམས་ཀྱི་གཏན་འབེབས་དང་འབྲེལ་བ་ཡོད། བསྒྱུར་བཅོས་གལ་ཆེན་ཡིན་ཕྱིན་བཅའ་ཁྲིམས་ཀྱི་གཞི་འཛིན་ས་ཡོད་དགོས། བཅའ་ཁྲིམས་བཟོ་བཅོས་རྒྱག་དགོས་རིགས་སྔོན་ལ་བཅའ་ཁྲིམས་བཟོ་བཅོས་བརྒྱབ་སྟེ་སྔོན་འཛུགས་རྗེས་གཏོར་བྱས་ནས་གོ་རིམ་ལྡན་པའི་སྒོ་ནས་སྤེལ་དགོས། བསྒྱུར་བཅོས་བྱེད་ཐབས་གལ་ཆེན་འགའ་ཞིག་ལ་བཅའ་ཁྲིམས་ཀྱིས་དབང་སྤྲོད་དགོས་རིགས་བཅའ་ཁྲིམས་ཀྱི་གོ་རིམ་ལྟར་སྤེལ་དགོས།
—«ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པར་ངེས་པར་དུ་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་དགོས།» (༢༠༡༣ལོའི་ཟླ༡༡ཚེས༡༢ཉིན།) ཞི་ཅིན་ཕིང་གི«ཏང་གིས་ལས་དོན་མཐའ་དག་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པའི་སྐོར་གླེང་བ།» ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གི༢༠༡༩ལོའི་རྒྱ་ཡིག་པར་གཞི། ཤོག་ངོས༣༧པ།
  在推进改革中,要坚持正确的思想方法,坚持辩证法,处理好解放思想和实事求是的关系、整体推进和重点突破的关系、全局和局部的关系、顶层设计和摸着石头过河的关系、胆子要大和步子要稳的关系、改革发展稳定的关系,着力提高操作能力和执行力,确保中央决策部署及时准确落实到位。这次全会提出的许多改革举措涉及现行法律规定。凡属重大改革要于法有据,需要修改法律的可以先修改法律,先立后破,有序进行。有的重要改革举措,需要得到法律授权的,要按法律程序进行。
—《全面深化改革必须加强和改善党的领导》(2013年11月12日),习近平《论坚持党对一切工作的领导》,中央文献出版社2019年版,第37页
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།