ངོས་དང་པོ > ཆེད་དོན། > ཉིན་རེའི་ཞལ་གསུང་། > «ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་ཉི་ཤུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་ལྔ་པའི་སྲིད་གཞུང་གི་འགན་བཞེས་མཛད་སྒོའི་ཐོག་གནང་བའི་གསུང་བཤད།»
«ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་ཉི་ཤུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་ལྔ་པའི་སྲིད་གཞུང་གི་འགན་བཞེས་མཛད་སྒོའི་ཐོག་གནང་བའི་གསུང་བཤད།»
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-01-14 08:40:29
ཀློག་གྲངས།:
རྒྱལ་ཁབ་ཅིག་ལ་ལམ་ལུགས་གཉིས་ནི་ཀྲུང་གོའི་གསར་གཏོད་རླབས་པོ་ཆེ་ཞིག་དང་། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེའི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པར་བཏོན་པའི་བསམ་གཞིགས་གསར་པ་དང་ཇུས་གཞི་གསར་པ། ཀྲུང་ཧྭ་མི་རིགས་ཀྱིས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཡོང་བར་ཕུལ་བའི་ལེགས་སྐྱེས་གསར་པ་བཅས་ཡིན་ཞིང་། དེར་ཆུ་བོ་ཐམས་ཅད་རྒྱ་མཚོར་འབབ་པ་ལྟ་བུའི་དཀྱེལ་ཆེ་བའི་ཀྲུང་གོའི་བློ་གྲོས་དྲིལ་ཡོད། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཁབ་ཅིག་ལ་ལམ་ལུགས་གཉིས་ཀྱི་ལག་ལེན་སྐུལ་སྤེལ་གཏིང་ཟབ་གཏོང་བ་དེ་ནི་ཞང་ཀང་གྲོང་མིའི་ཁེ་ཕན་དང་མཐུན་པ་དང་། ཞང་ཀང་དར་རྒྱས་དང་བརྟན་བརླིང་ཡོང་བའི་དོན་དངོས་ཀྱི་དགོས་མཁོ་དང་མཐུན་ལ། རྒྱལ་ཁབ་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཞིང་། རྒྱལ་ཡོངས་མི་དམངས་ཀྱི་ཐུན་མོང་གི་རེ་འདོད་དང་མཐུན་པ་རེད། དེར་བརྟེན། ངས་འདི་ལྟར་གསལ་པོར་བཤད་ཡོད། ཀྲུང་དབྱང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་ལག་བསྟར་བྱེད་སྐབས་གནད་གཉིས་རྒྱུན་འཁྱོངས་བྱེད་དགོས་པ་སྟེ། གཅིག་ནི་བློ་བརྟན་འགྱུར་མེད་ཡོང་དགོས་པ་དང་། འགྱུར་ལྡོག་མི་གཏོང་རྒྱུ་དང་གཡོ་འགུལ་མི་བྱེད་རྒྱུ་དེ་ཡིན། གཉིས་ནི་ཆ་ཚང་ཞིང་གནད་ལ་འཁེལ་དགོས་པ་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞང་ཀང་དུ་ལག་ལེན་བྱེད་སྐབས་ངོ་བོ་དང་རྣམ་པ་མི་འགྱུར་བ་འགན་ལེན་ཏན་ཏིག་བྱས་ནས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཕྱོགས་སུ་མདུན་སྐྱོད་བྱེད་དགོས་པ་དེ་ཡིན།
—«ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་ཉི་ཤུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་ལྔ་པའི་སྲིད་གཞུང་གི་འགན་བཞེས་མཛད་སྒོའི་ཐོག་གནང་བའི་གསུང་བཤད།» (༢༠༡༧ལོའི་ཟླ༧ཚེས༡ཉིན།) «ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཡིག་ཆ་གལ་ཆེན་གཅེས་བསྒྲིགས།» (སྨད་ཆ།) ཀྲུང་དབྱང་ཡིག་ཆ་ཚད་ལྡན་དཔེ་སྐྲུན་ཁང་གི༢༠༡༨ལོའི་རྒྱ་ཡིག་པར་གཞི། ཤོག་ངོས༧༨༤པ།

“一国两制”是中国的一个伟大创举,是中国为国际社会解决类似问题提供的一个新思路新方案,是中华民族为世界和平与发展作出的新贡献,凝结了海纳百川、有容乃大的中国智慧。坚持“一国两制”方针,深入推进“一国两制”实践,符合香港居民利益,符合香港繁荣稳定实际需要,符合国家根本利益,符合全国人民共同意愿。因此,我明确讲过,中央贯彻“一国两制”方针坚持两点,一是坚定不移,不会变、不动摇;二是全面准确,确保“一国两制”在香港的实践不走样、不变形,始终沿着正确方向前进。
—《在庆祝香港回归祖国二十周年大会暨香港特别行政区第五届政府就职典礼上的讲话》(2017年7月1日),《十八大以来重要文献选编》(下),中央文献出版社2018年版,第784页
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།