«ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་ཉི་ཤུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་སྐབས་ལྔ་པའི་འགན་བཞེས་མཛད་སྒོའི་ཐོག་གི་གསུང་བཤད།»

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-01-15 08:51:53 ཀློག་གྲངས།:
       ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལམ་ལུགས་ཀྱི་གདེང་ཚོད་བརྟན་པོ་བཅངས་པ། རྒྱ་ཆེའི་སྤུན་ཟླ་ཨའོ་མོན་པས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ལ་སེམས་གཏིང་ནས་གོང་བཀིར་ཞུས་པ་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ནི་ཨའོ་མོན་དུས་ཡུན་རིང་པོར་དར་རྒྱས་བརྟན་བརླིང་མཐའ་འཁྱོངས་བྱེད་པའི་ལམ་ལུགས་ཡག་ཤོས་ཡིན་པ་ཁས་ལེན་གྱི་ཡོད། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ལག་ལེན་བསྟར་བའི་བརྒྱུད་རིམ་ནང་དུ། དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གིས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱེད་པ་དང་ཨའོ་མོན་དུས་ཡུན་རིང་པོར་དར་རྒྱས་བརྟན་བརླིང་ཡོང་བ་སྲུང་སྐྱོང་བྱེད་པ་གཉིས་གཅིག་གྱུར་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། བློ་རྩ་བརྟན་པོའི་ངང་གནས་སྐབས་ཀྱི་དཀའ་ཚེགས་ལ་གཉའ་སྒུར་ནས་གཡོ་འགུལ་མ་བཏང་ཞིང་། ཕྱིའི་བར་ཆད་ལ་མགོ་མི་རྨོངས་པ་བྱས་ནས། རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་གལ་ཆེན་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་རབ་དང་རིམ་པ་ལས་བྱུང་བའི་གོ་སྐབས་སྟངས་འཛིན་བྱེད་མཁས་པོ་དང་། བབ་བསྟུན་འཕྲལ་སྒྲུབ་བྱས་ནས་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་འདྲེས་ཐབས་བྱེད་པའི་གོ་རིམ་ནང་དུ་རང་ཉིད་ཀྱི་སྔར་ལས་ལྷག་པའི་འཕེལ་རྒྱས་མངོན་འགྱུར་བྱས་ཡོད།
       ཨའོ་མོན་གྱི་ལམ་ལྷོང་ལག་ལེན་ལས་ང་ཚོར་ར་སྤྲོད་བྱས་ཡོད་དོན། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཡིད་ཆེས་བརྟན་པོས་ལག་བསྟར་བྱས་ཕྱིན། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་གསོན་ཤུགས་དང་ཁྱད་འཕགས་རང་བཞིན་སྒོ་ཀུན་ནས་མངོན་ཡོང་གི་རེད།
—«ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་ཉི་ཤུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་སྐབས་ལྔ་པའི་འགན་བཞེས་མཛད་སྒོའི་ཐོག་གི་གསུང་བཤད།» (༢༠༡༩ལོའི་ཟླ༡༢ཚེས༢༠ཉིན།«ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་གྱི་ཚད་ལྡན་ཡིག་ཆ་གལ་ཆེན་གཅེས་བསྒྲིགས།» (བར་ཆ།) ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གི༢༠༢༡ལོའི་རྒྱ་ཡིག་པར་གཞི། ཤོག་ངོས༣༥༡པ་ནས༣༥༢པའི་བར།
  始终坚定“一国两制”制度自信。广大澳门同胞发自内心拥护“一国两制”,认同“一国两制”是澳门保持长期繁荣稳定的最佳制度。在践行“一国两制”过程中,特别行政区政府和社会各界坚持把维护国家主权、安全、发展利益和维护澳门长期繁荣稳定统一起来,意志坚定,从不为一时之曲折而动摇,从不为外部之干扰而迷惘,善于把握国家重大发展战略和一系列政策支持带来的机遇,乘势而上,在融入国家发展大局中实现自身更好发展。
  澳门的成功实践告诉我们,只要对“一国两制”坚信而笃行,“一国两制”生命力和优越性就会充分显现出来。
—《在庆祝澳门回归祖国二十周年大会暨澳门特别行政区第五届政府就职典礼上的讲话》(2019年12月20日),《十九大以来重要文献选编》(中),中央文献出版社 2021 年版,第351-352页
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།