ངོས་དང་པོ > ཆེད་དོན། > ཉིན་རེའི་ཞལ་གསུང་། > «མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འདུ་ཤེས་དར་སྤེལ་གཏོང་དགོས།»
«མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འདུ་ཤེས་དར་སྤེལ་གཏོང་དགོས།»
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-03-21 08:13:18
ཀློག་གྲངས།:
གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྒྲིག་སྲོལ་ནང་གི་དྲང་གཞག་དང་ལུགས་མཐུན་མིན་པའི་བཀོད་སྒྲིག་བསྒྱུར་བཅོས་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩའི་རྩ་འཛུགས་དང་འཛམ་གླིང་དངུལ་ཁང་སོགས་རྒྱལ་སྤྱིའི་དཔལ་འབྱོར་དང་དངུལ་རྩའི་རྩ་འཛུགས་ཀྱིས་རྒྱལ་སྤྱིའི་གནས་སྟངས་འགྱུར་ལྡོག་ཏན་ཏིག་མཚོན་པར་སྐུལ་འདེད་བྱེད་ཅིང་། ཁྱད་པར་དུ་གསར་དར་ཚོང་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་གཏམ་དབང་ཇེ་མང་དུ་གཏོང་བ། རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ཁྲོད་རྒྱལ་ཁབ་ཁག་གི་དབང་ཆ་འདྲ་མཉམ་དང་། གོ་སྐབས་འདྲ་མཉམ། སྒྲིག་སྲོལ་འདྲ་མཉམ་བཅས་ཡོང་བར་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྒྲིག་སྲོལ་དམངས་གཙོ་ཅན་དང་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་ཀྱིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྒྲིག་སྲོལ་གྱིས་སྔར་ལས་དོ་མཉམ་གྱི་སྒོ་ནས་རྒྱལ་ཁབ་མང་ཆེ་བའི་འདོད་བློ་དང་ཁེ་ཕན་མཚོན་གང་ཐུབ་བྱེད་དུ་འཇུག་དགོས། རྒྱལ་སྤྱིའི་དཔལ་འབྱོར་དངུལ་རྩའི་ཁྱབ་ཁོངས་དང་། གསར་དར་ཁྱབ་ཁོངས། མཐའ་འཁོར་ས་ཁོངས་མཉམ་ལས་སོགས་ཐད་ཀྱི་ལམ་སྲོལ་གསར་པ་དང་སྒྲིག་སྲོལ་གསར་པ་འཛུགས་པར་སྐུལ་འདེད་དང་། ས་ཁོངས་མཉམ་ལས་ལམ་སྲོལ་འཛུགས་སྐྲུན་དང་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད། མཐའ་འཁོར་ས་ཁོངས་མཉམ་ལས་བྱེད་ཤུགས་ཇེ་ཆེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐོན་ཁུངས་དང་ནུས་ཁུངས་བདེ་འཇགས་དང་། འབྲུ་རིགས་བདེ་འཇགས། དྲ་རྒྱའི་ཆ་འཕྲིན་བདེ་འཇགས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ། འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བ། འགོས་ནད་ཚབས་ཆེན་འགོག་ཟོན་བྱེད་པ་སོགས་གོ་ལ་ཧྲིལ་པོའི་རང་བཞིན་ལྡན་པའི་འགྲན་སློང་ལ་ཁ་གཏད་འཇལ་བའི་ནུས་པ་ཇེ་ཆེ་བཅས་སུ་གཏོང་དགོས།
—«མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འདུ་ཤེས་དར་སྤེལ་གཏོང་དགོས།» (༢༠༡༥ལོའི་ཟླ༡༠ཚེས༡༢ཉིན།) «ཞི་ཅིན་ཕིང་གིམིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པའི་སྐོར་གླེང་བ།» ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གི༢༠༡༨ལོའི་རྒྱ་ཡིག་པར་གཞི། ཤོག་ངོས༢༦༠པ་ནས༢༦༡པའི་བར།

要推动变革全球治理体制中不公正不合理的安排,推动国际货币基金组织、世界银行等国际经济金融组织切实反映国际格局的变化,特别是要增加新兴市场国家和发展中国家的代表性和发言权,推动各国在国际经济合作中权利平等、机会平等、规则平等,推进全球治理规则民主化、法治化,努力使全球治理体制更加平衡地反映大多数国家意愿和利益。要推动建设国际经济金融领域、新兴领域、周边区域合作等方面的新机制新规则,推动建设和完善区域合作机制,加强周边区域合作,加强国际社会应对资源能源安全、粮食安全、网络信息安全、应对气候变化、打击恐怖主义、防范重大传染性疾病等全球性挑战的能力。
—《弘扬共商共建共享的全球治理理念》(2015年10月12日),习近平《论坚持推动构建人类命运共同体》,中央文献出版社2018年版,第260-261页
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།