«གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག། སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་དགོས།»

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-04-29 08:09:29 ཀློག་གྲངས།:
       ལས་བྱེད་པས་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ཁྲོད་དུ་ཉམས་མྱོང་ཞན་པ་དང་ཐོག་མར་ལག་བསྟར་དང་ཚོད་ལྟ་བྱས་པ་ལས་བྱུང་བའི་ནོར་འཛོལ་དང་ནོར་འཁྲུལ་དེ་ནི། རྐང་བཙུགས་ནས་སྤེལ་བའི་སྒྲིག་འགལ་ཁྲིམས་འགལ་གྱི་བྱ་སྤྱོད་དང་དབྱེ་བ་འབྱེད་པ་དང་། གོང་རིམ་ནས་ཚོད་འཛིན་ཁ་གསལ་བཟོས་མེད་པའི་འཚོལ་ཞིབ་རང་བཞིན་གྱི་ཚོད་ལྟ་བྱས་པ་ལས་བྱུང་བའི་ནོར་འཛོལ་དང་ནོར་འཁྲུལ་དེ་ནི། གོང་རིམ་ནས་བཀའ་རྒྱ་གསལ་པོ་བསྡམས་རྗེས་ད་དུང་རང་སྣང་གང་ཤར་དུ་སྤེལ་བའི་སྒྲིག་འགལ་ཁྲིམས་འགལ་གྱི་བྱ་སྤྱོད་དང་དབྱེ་བ་འབྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ལས་བྱུང་བའི་བསམ་ཡུལ་ལས་འདས་པའི་ལས་འཛོལ་ནི། སྒེར་དོན་སྒྲུབ་ཆེད་སྤེལ་བའི་སྒྲིག་འགལ་ཁྲིམས་འགལ་གྱི་བྱ་སྤྱོད་དང་དབྱེ་བ་འབྱེད་པ་བཅས་བྱས་ཏེ། སྤྱོད་ཚུལ་དྲང་ལ་ལས་དོན་སྒྲུབ་ཕོད་པ་དང་དཀའ་སྤྱད་ཡར་བརྩོན་བྱེད་པའི་ལས་བྱེད་པ་རྣམས་སྲུང་སྐྱོབ་བྱེད་པ་དང་། རྒྱ་ཆེའི་ལས་བྱེད་པའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ཚད་ཆེ་ཤོས་ཀྱི་སྒོ་ནས་སྐུལ་སློང་བྱེད་པ། ཁོང་ཚོས་སྔར་ལས་ལྷག་པའི་སྒོ་ནས་མང་ཚོགས་ལ་སྣེ་ཁྲིད་བྱས་ཏེ་ལས་དོན་སྒྲུབ་ཅིང་ལས་ལམ་གསར་འབྱེད་བྱེད་པར་སྐུལ་མ་གཏོང་བ་བཅས་བྱས་ཐོག དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བ་ལ་འགན་ལེན་ཏན་ཏིག་བྱེད་དགོས་པ་དང་། རྒྱུན་ཆད་མེད་པར་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་པ་གཏོད་དགོས།
—«གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག། སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་དགོས།» (༢༠༡༦ལོའི་ཟླ༡ཚེས༡༨ཉིན།) ཞི་ཅིན་ཕིང་གི«འཕེལ་རྒྱས་ཀྱི་དུས་རིམ་གསར་པ་སྟངས་འཛིན་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་སྐྲུན་པ་བཅས་ཀྱི་སྐོར་གླེང་བ།» ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གི༢༠༢༡ལོའི་རྒྱ་ཡིག་པར་གཞི། ཤོག་ངོས༡༡༠པ།
  要把干部在推进改革中因缺乏经验、先行先试出现的失误和错误,同明知故犯的违纪违法行为区分开来;把上级尚无明确限制的探索性试验中的失误和错误,同上级明令禁止后依然我行我素的违纪违法行为区分开来;把为推动发展的无意过失,同为谋取私利的违纪违法行为区分开来,保护那些作风正派又敢作敢为、锐意进取的干部,最大限度调动广大干部的积极性、主动性、创造性,激励他们更好带领群众干事创业,确保如期全面建成小康社会,不断开创社会主义现代化建设新局面。
—《深入学习领会创新、协调、绿色、开放、共享的发展理念》(2016年1月18日),习近平《论把握新发展阶段、贯彻新发展理念、构建新发展格局》,中央文献出版社2021年版,第110页
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།