“མཚོ་སྔོན་པོ་དྲ་བ་རྟགས་མའི”སྒྱུར་རྩོམ་འགྲན་བསྡུར་སྐབས་གསུམ་པའི་མཇུག་འབྲས་ཁྱབ་བསྒྲགས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-09-23 14:32:23 ཀློག་གྲངས།:
       སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་གཏོང་དགོས་པའི་གལ་ཆེའི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་སྐྱེད་རྒྱུ་གཙོ་གནད་དུ་བཟུང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་ཆེད། མཚོ་ལྷོ་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱིས“མཚོ་སྔོན་པོ་དྲ་བ་རྟགས་མའི”བསྒྱུར་རྩོམ་འགྲན་བསྡུར་སྐབས་གསུམ་པ་གཉེར་བ་ཡིན། འགྲན་བསྡུར་འདིར་སྔ་ཞུས་དང་། བར་ཞུས། མཐའ་ཞུས་བཅས་རིམ་པ་གསུམ་གྱི་དཔྱད་འདེམས་དང་ཡོངས་བསྒྲགས་བྱས་པ་བརྒྱུད། ད་ལྟ་ཡོངས་བསྒྲགས་ཀྱི་དུས་ཡུན་རྫོགས་ཟིན་པ་དང་། བསམ་འཆར་མི་མཐུན་པ་སོགས་གང་ཡང་འབྱོར་མེད་པས། དངོས་གཞིའི་བྱ་དགའ་ཐོབ་མཁན་གྱི་མིང་ཐོ་གཤམ་ལྟར་ཡོངས་བསྒྲགས་བྱེད་རྒྱུ་ཡིན།
       འགྲན་ཞུགས་པ་ཡོངས་ཀྱིས་ཧུར་བརྩོན་ཆེན་པོས་མཉམ་ཞུགས་གནང་བ་དང་། དཔྱད་འདེམས་ཆེད་མཁས་པ་རྣམ་པས་དཔྱད་ཞིབ་ནན་ཏན་དང་དཀའ་སྤྱད་འབད་བརྩོན་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལོ་ཙཱ་ལ་དགའ་ཞེན་ཡོད་པའི་མི་མང་པོས་མུ་མཐུད་གཏིང་ཟབ་པའི་སྒོ་ནས་སྦྱང་བརྩོན་དང་། སྤྲོ་སེམས་འཁོལ་བའི་སྒོ་ནས་མཉམ་ཞུགས་གནང་སྟེ། མི་རིགས་ཁག་དབར་གྱི་འགྲོ་འོང་དང་། བརྗེ་རེས། མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭའི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བར་སྟོབས་ཤུགས་འབུལ་བའི་རེ་བ་ཡོད།
མཚོ་ལྷོ་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས།
༢༠༢༦ལོའི་ཟླ༩ཚེས༢༣ཉིན།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།