ངོས་དང་པོ > ཆེད་དོན། > རིག་གནས་བགྲོ་གླེང་། > མཚོ་སྔོན་ཚན་རྩལ་གསར་གཏོད་གླེང་སྟེགས་ཀྱི་མཐོ་སྒང་གསོ་རིག་གླེང་སྟེགས་ཟི་ལིང་དུ་འཚོགས།
མཚོ་སྔོན་ཚན་རྩལ་གསར་གཏོད་གླེང་སྟེགས་ཀྱི་མཐོ་སྒང་གསོ་རིག་གླེང་སྟེགས་ཟི་ལིང་དུ་འཚོགས།
རྩོམ་པ་པོ།:
ཡོང་ཁུངས།:འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།
དུས་ཚོད།:2022-08-09 17:14:46
ཀློག་གྲངས།:
ཟླ8པའི་ཚེས5ཉིན། “སྒོ་འབྱེད་མཉམ་ལས་གསར་གཏོད་ཀྱིས་མཐོ་སྒང་གསོ་རིག་གི་མཐོ་ས་བསྐྲུན་པ་ལ་རོགས་འདེགས་བྱེད”ཅེས་པ་བརྗོད་བྱ་གཙོ་བོ་བྱས་པའི2022ལོའི་མཚོ་སྔོན་ཚན་རྩལ་གསར་གཏོད་གླེང་སྟེགས་ཀྱི་མཐོ་སྒང་གསོ་རིག་གླེང་སྟེགས་གནའ་མཁར་ཟི་ལིང་དུ་འཚོགས་ཤིང་། གླེང་སྟེགས་ཐོག་ཏུ་ཀྲུང་གོའི་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཝུའུ་ཐེན་དབྱི་ལགས་ཀྱིས་བརྙན་ལམ་བརྒྱུད་ནས་གཏམ་བཤད་གནང་བ་དང་། ཀྲུང་གོའི་ཚན་རིག་གླིང་གི་ཡོན་ཧྲི་ཀྲུའུ་ཐུང་སོགས་མཐོ་སྒང་གསོ་རིག་ཁྱབ་ཁོངས་སུ་བྱས་རྗེས་མི་དམན་པ་བཞག་ཡོད་པའི་ཆེད་མཁས་པ་བདུན་གྱིས་བརྗོད་དོན་སྙན་ཞུ་ཕུལ། མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ཡིའུ་ཝེ་ལི་ཡིས་གཏམ་བཤད་གནང་བ་དང་། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཧུའུ་ཡིས་གླེང་སྟེགས་ཀྱི་སྲིད་དོན་གོ་རིམ་ལ་མདོ་འཛིན་བྱས།

ཝུའུ་ཐེན་དབྱི་ལགས་ཀྱིས་བརྙན་ལམ་བརྒྱུད་ནས“ཀྲུང་གོའི་མཐོ་སྒང་གསོ་རིག་ལྟེ་གནས་འཛུགས་སྐྲུན་གྱི་རླབས་ཆེན་བྱ་གཞག་ནང་དུ། མཚོ་སྔོན་གྱིས་ཧ་ཅང་གལ་ཆེ་བའི་གོ་གནས་དང་གནད་འགག་རང་བཞིན་གྱི་ནུས་པ་ཐོན་ཡོད། གཞོན་སྐྱེས་ཚན་རྩལ་ལས་དོན་པ་ཚོ་ཧུར་ཐག་ངང་རྒྱལ་ཁབ་མཐོ་སྒང་གསོ་རིག་ལྟེ་གནས་ཀྱི་འཛུགས་སྐྲུན་ནང་ལ་ཞུགས་རྒྱུའི་རེ་བ་ཡོད”ཅེས་པའི་གཏམ་བཤད་གནང་།

མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ཡིའུ་ཝེ་ལི་ཡིས་མཚོ་སྔོན་ཞིང་ཆེན་ཚན་རྩལ་མཐུན་ཚོགས་དང་རང་ཞིང་གི་ཚན་རྩལ་ལས་དོན་པ་ཡོངས་ཀྱི་ཚབ་བྱས་ཏེ་གླེང་སྟེགས་འདི་བདེ་བླག་ངང་འཚོགས་པ་ལ་རྟེན་འབྲེལ་དང་། གླེང་སྟེགས་སུ་ཞུགས་པའི་སྐུ་མགྲོན་རྣམ་པར་ལྷག་བསམ་ཟོལ་མེད་ཀྱིས་དགའ་བསུ། གླེང་སྟེགས་འཚོགས་རྒྱུ་ལ་རྒྱབ་སྐྱོར་དང་སེམས་ཁུར་བྱས་པའི་ལས་རིགས་སོ་སོའི་མི་སྣ་རྣམས་ལ་བསམ་པ་རྣམ་དག་གིས་བཀའ་དྲིན་ཆེ་བཅས་ཞུས། ཁོང་གིས། དེ་རིང་། རྒྱལ་ཡོངས་ཀྱི་མཐོ་སྒང་གསོ་རིག་ཞིབ་འཇུག་ཁྱབ་ཁོངས་ཀྱི་ཆེད་མཁས་པ་དང་མཁས་དབང་མང་པོ“མདེལ་གཉིས་སྐར་གཅིག”སྙིང་སྟོབས་ཀྱི་འབྱུང་ཡུལ་དུ་འཛོམས་ནས“སྒོ་འབྱེད་མཉམ་ལས་གསར་གཏོད་ཀྱིས་མཐོ་སྒང་གསོ་རིག་གི་མཐོ་ས་བསྐྲུན་པ་ལ་རོགས་འདེགས་བྱེད”ཅེས་པའི་བརྗོད་བྱ་གཙོ་བོ་ལ་དམིགས་ནས་ཞིབ་འཇུག་སློབ་སྦྱོང་གི་གྲུབ་འབྲས་སྤེལ་རེས་བྱེད་པ་བརྒྱུད་བློ་རིག་གི་མེ་ཏོག་བཞད་པར་བྱས་པ་ལ། གཙོ་སྒྲུབ་ལས་ཁུངས་ཀྱི་ཕྱོགས་ཡིན་པའི་ཆ་ནས། ང་ཚོ་ལྷག་ཏུ་སྤྲོ་སེམས་འཁོལ་བར་བྱུང་ཡོད། ཚན་རྩལ་མཐུན་ཚོགས་རྩ་འཛུགས་ནི་ཏང་དང་སྲིད་གཞུང་གིས་ཚན་རིག་ལག་རྩལ་ལས་དོན་པར་འབྲེལ་བ་བྱེད་པའི་ཟམ་པ་དང་སྦྲེལ་ཐག་ཡིན་ཞིང་། སྤྱི་སྟེགས་འདི་འཛུགས་པའི་དམིགས་ཡུལ་ནི་ལས་རིགས་ཀྱི་བློ་གྲོས་གཅིག་བསྡུས་དང་ཚན་རིག་གི་ཐུན་མོང་ངོས་འཛིན་ཕྱོགས་བསྡུས་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་གྱི་མཐོ་སྒང་གསོ་རིག་གི་ཞིབ་འཇུག་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དང་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ལ་བཅངས་པའི་བརྩེ་གཟིགས་ཐུགས་ཁུར་དེ་མི་དམངས་མང་ཚོགས་ཀྱི་བདེ་ཐང་སྲུང་བ་དང་རིགས་སོ་སོའི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་པའི་དོན་དངོས་འགུལ་སྐྱོད་ལ་བསྒྱུར་ཏེ། མཐོ་སྒང་གསོ་རིག་གི་ཞིབ་འཇུག་མགྱོགས་མྱུར་ངང་སྤེལ་བ་ལ་བློ་གྲོས་དང་སྟོབས་ཤུགས་ཀྱི་བྱས་རྗེས་འཇོག་དགོས་ཞེས་བཤད།

བརྗོད་དོན་སྙན་ཞུ་ཕུལ་བའི་གོ་རིམ་ནང་དུ། རླུང་ཁམས་ཆེན་མོའི་རྫས་འགྱུར་དང་ཁོར་ཡུག་བདེ་ཐང་ཁྱབ་ཁོངས་ལ་དོ་ཁུར་བྱེད་པའི་ཀྲུང་གོའི་ཚན་རིག་གླིང་གི་ཡོན་ཧྲི་ཀྲུའུ་ཐུང་གིས་ཚོགས་ཞུགས་མི་སྣ་ཡོངས་ལ“མདོ་དབུས་མཐོ་སྒང་གི་རླུང་ཁམས་ཆེན་མོའི་ཁོར་ཡུག་དང་མི་ལུས་བདེ་ཐང་སྟེ་མཚོ་བོད་ཚན་ཞིབ་ཐེངས་གཉིས་པ”ཡི་གྲུབ་འབྲས་མཚམས་སྦྱོར་བྱས་ཏེ། ཚོགས་ཞུགས་མི་སྣ་ཚོ་ལ་མཚོ་བོད་ཚན་ཞིབ་ཀྱི་དོན་སྙིང་རྒྱུས་ལོན་བྱེད་དུ་བཅུག་པ་དང་། དེའི་འཕྲོར། ཀྲུང་གོའི་ཚན་རིག་གླིང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཞིབ་འཇུག་གླིང་གི་རིག་གཞུང་ཡོན་ཀྲང་ཀྲའོ་ཞིན་ཆོན་དང་པེ་ཅིང་སྐྲན་ནད་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཧྲེན་ལིན་སོགས་ཆེད་མཁས་པ་ཡིས་དྲ་ཐོག་དང་ཡུལ་དངོས་སུ་གཏམ་བཤད་སྤེལ་བའི་རྣམ་པ་ལྟར་མཐོ་སྒང་གསོ་རིག་གི་ལག་རྩལ་གསར་བ་དང་གྲུབ་འབྲས་གསར་བ། ཡར་ཐོན་གསར་བ་བཅས་མཉམ་རོལ་བྱས།

“མཐོ་སྒང་གསོ་རིག”དང“མཐོ་སྒང་བོད་ལུགས་གསོ་རིག”ཅེས་པའི་ཡན་ལག་གླེང་སྟེགས་གཉིས་སུ། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་དང་མཚོ་སྔོན་བོད་ལུགས་གསོ་རིག་སློབ་ཚོགས། མཚོ་སྔོན་སློབ་ཆེན་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་མཐོ་སྒང་གསོ་རིག་གི་ཚན་རྩལ་ལས་དོན་པའི་འཐུས་མི་ཡིས་ཐུམ་འབུའི་ནད་ཀྱི་འགོག་བཅོས་དང་མཐོ་སྒང་ནད་ཀྱི་འགོག་བཅོས། མཐོ་སྒང་འཕྲོད་མཐུན། བོད་ལུགས་གསོ་རིག་ཞིབ་འཇུག་སོགས་ཀྱི་ཕྱོགས་ནས་སྙན་ཞུ་ཕུལ་ཏེ་རང་སོ་སོའི་མཐོ་སྒང་གསོ་རིག་ཁྱབ་ཁོངས་ཀྱི་ཞིབ་འཇུག་གྲུབ་འབྲས་གསར་ཤོས་མཉམ་རོལ་བྱས་པ་དང་། ཚོགས་ཞུགས་ཆེད་མཁས་པ་དང་མཁས་དབང་ཚོའི་མཉམ་དུ་བགྲོ་གླེང་བྱས་ཏེ་འབྲེལ་ཡོད་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ལ་འཛུགས་སྐྲུན་རང་བཞིན་གྱི་བསམ་ཚུལ་གསར་བ་བཏོན་པ་རེད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།