«ཁ་ཆེ་ཕ་ལུའི་བསླབ་བྱའི»རྩོམ་པ་པོ་སུ་ཡིན་སྐོར་གླེང་བ།
རྩོམ་པ་པོ།:ཀེ་ཐོ་སྐྱབས།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2026-01-09 08:40:13
ཀློག་གྲངས།:
ནང་དོན་གནད་བསྡུས། «ཁ་ཆེ་ཕ་ལུའི་བསླབ་བྱ»ནི་བོད་དུ་དར་ཁྱབ་ཆེ་བའི་བསླབ་བྱ་གྲགས་ཅན་ཞིག་ཡིན་མོད། བསླབ་བྱ་འདིའི་རྩོམ་པ་པོ་སུ་ཡིན་སྐོར་ལ་བཞེད་པ་མི་མཐུན་པ་དུ་མ་བྱུང་། འདིའི་རྩོམ་པ་པོའི་སྐོར་གྱི་བཞེད་ཚུལ་དག་ཕྱོགས་གཅིག་ཏུ་དྲིལ་ན། བཞེད་ཚུལ་མི་འདྲ་བ་གསུམ་ཡོད་དེ། དང་པོ་ནི་བོད་སྡོད་ཁ་ཆེ་བ་ཞིག་གིས་བརྩམས་པར་འདོད་པ། གཉིས་པ་ནི་བོད་མིས་བརྩམས་པར་འདོད་པ། གསུམ་པ་ནི་རིག་གནས་སྣ་མང་མཉམ་འདུས་ལས་གྲུབ་པ་ལས་རྩོམ་མཁན་ངེས་གཏན་མེད་པར་འདོད་པ་བཅས་སོ། །འདིར་བཞེད་ཚུལ་མི་འདྲ་བ་རིགས་གསུམ་དུ་བསྡུས་ཤིང་བཞེད་ཚུལ་སོ་སོའི་སྒྲུབ་བྱེད་རེ་རེ་བཞིན་བཀོད་དེ་ཅུང་ཙམ་གླེང་ཡོད་དོ། །
བརྡ་ཆད་གཙོ་བོ། ཁ་ཆེ་ཕ་ལུ། བསླབ་བྱ། རྩོམ་པ་པོ།
དང་པོ། «ཁ་ཆེ་ཕ་ལུའི་བསླབ་བྱ»ནི་བོད་སྡོད་ཁ་ཆེ་བ་ཞིག་གིས་བརྩམས་པར་འདོད་པ།
བཞེད་ཚུལ་དང་པོས་དབྱི་སི་ལན་ཆོས་ལུགས་ལ་དད་པ་བྱེད་པའི་བོད་སྡོད་ཁ་ཆེ་བ་ཞིག་གིས་བྲིས་པར་འདོད་དེ། «ཁ་ཆེ་ཕ་ལུའི་བསླབ་བྱ»ཡི་མཚན་བྱང་འདོགས་སྟངས་མི་འདྲ་བ་རིགས་གཉིས་འདུག་སྟེ། དང་པོ་ནི«ཁ་ཆེ་ཕ་ལུའི་འཇིག་རྟེན་ལས་འབྲས་བརྩི་ལུགས་ཀྱི་བསླབ་བྱ་དངོས་གྲུབ་ཆུ་མིག»ཅེས་དང་། གཉིས་པ་ནི«ཁ་ཆེ་ཕ་ལུའི་བསླབ་བྱ»ཞེས་བསྡུས་མིང་བཏགས་པ་དེ་རེད། ཁ་བྱང་ནི་བརྗོད་བྱ་གསལ་བར་བྱ་བའི་མིག་ཡིན་པས། དེ་དང་འབྲེལ་ཏེ་བསམ་གཞིག་གཏོང་རྒྱུ་ནི་གལ་ཆེ། བསླབ་བྱའི་མཚན་བྱང་ལ་བལྟས་ན། བསླབ་བྱ་དེ་ནི་ཁ་ཆེ་ཕ་ལུས་བརྩམས་པའི་འཇིག་རྟེན་ལས་འབྲས་བརྩི་ལུགས་བརྗོད་བྱར་བྱས་པའི་བསླབ་བྱ་ཞིག་ཡིན་པར་གོ །བསླབ་བྱ་འདིར་མཚན་བྱང་འདི་གཉིས་མ་གཏོགས་གཞན་མེད་པས། བསླབ་བྱའི་མཚན་བྱང་འདོགས་སྟངས་ནི་བཞེད་ཚུལ་འདིའི་སྒྲུབ་བྱེད་དང་པོ་རེད།
བསླབ་བྱའི་ནང་དོན་ལ་བལྟས་ན། རྩོམ་པ་པོས་རང་ཉིད་ཁ་ཆེ་བ་ཞིག་ཡིན་པའི་ངོས་ནས་བྲིས་ཡོད། «ཁ་ཆེ་ཕ་ལུའི་བསླབ་བྱ»ལས། “བོད་ཀྱི་སྐད་དུ་དཀོན་མཆོག་རིན་པོ་ཆེ། །རང་རེའི་སྐད་དུ་གོ་བརྡ་ལ་ཕྱག་འཚལ། །”[1]ཞེས་བོད་ཀྱི་སྐད་དང་རང་རེའི་སྐད་ཅེས་དབྱེ་ནས་རྩོམ་པ་པོ་མི་རིགས་གཞན་ཞིག་ཡིན་པའི་ཚུལ་གྱིས་བྲིས་འདུག དེ་མིན“གོང་ན་གོ་བརྡ་གཤམ་ན་ཕ་མ་གཉིས། །དེ་གསུམ་ལས་ལྷག་སུ་ཡང་ཡོད་པ་མིན། །”[2]ཞེས་དང་། “དོན་རྩ་བསྒྲིལ་ནས་རྡོག་ཐོན་བྱེད་པའི་དུས། །རེ་ས་བལྟ་ས་གོ་བརྡ་ཁོང་ལ་ཞུས། །”[3]ཞེས་པ་སོགས་བསླབ་བྱ་འདིར་གོ་བརྡ་ཞེས་པའི་ཐ་སྙད་ལན་གསུམ་ལ་བྱུང་ཡོད། དེ་བས་གོ་བརྡ་ཞེས་པའི་ཐ་སྙད་འདིའི་བརྡ་དོན་རྟོགས་རྒྱུ་ནི་གལ་ཆེ་བ་ཞིག་ཏུ་གྱུར་ཡོད། གོ་བརྡ་ནི་ཏ་ཟིག་སྐད་དེ་སྐྱབས་གནས་ལྷའམ་སྐྱབས་རྟེན་ངོ་མ་ཞེས་པའི་དོན་ཡིན། «ཁ་ཆེ་ཕ་ལུའི་རྩོམ་པ་པོ་སུ་ཡིན་སྐོར་དང་དེ་འབྲེལ་ཏ་ཟིག་རིག་གནས་ཀྱི་འབྲེལ་བའི་སྐོར»ལས་ཨོ་སི་ཁྲུ་ལི་ཡའི་ལོ་ཙཱའི་མཁས་ཅན་རྗེ་ཕུ་པའེ་ལུ་ལ་བཅར་འདྲི་བྱས་པའི་ཟིན་ཐོ་ལས། ཁོས“གོ་བརྡ་ཞེས་པ་དེ་ནི་ཏ་ཟིག་གི་སྐད་ཡིན་ཞིང་། དེའི་གོ་དོན་ནི་དབྱི་སི་ལན་ཆོས་ལུགས་ཀྱི་སྐྱབས་གནས་ལྷའམ་སྐྱབས་རྟེན་ངོ་མ་ཞེས་པའི་དོན་རེད། ཁ་ཆེ་བོད་སྐད་བཤད་མཁན་ཚོས་མཚམས་རེར་ཨལ་ལཱ་ཞེས་བརྗོད་ཀྱི་ཡོད།
འོན་ཀྱང་སྐད་ཡིག་མང་པོ་ཞིག་གི་ནང་མིང་ཚིག་འདི་གཉིས་ཀྱི་ནང་དོན་རྩ་བའི་ཆ་ནས་གཅིག་མཚུངས་རེད། དཔེར་ན། ཨ་ཧྥུ་ཧན་གྱི་ཏ་ཟིག་སྐད་དང་། དཱ་ཅི་ཁེའི་སྐད། ཨུའུ་འར་ཏུའུ་སྐད། བྷང་ག་ལའི་ཤིན་ཏའི་སྐད། རྒྱ་གར་བྱང་ཕྱོགས་ཀྱི་སྐད་བཅས་ཚང་མའི་ནང་གོ་བརྡ་ཞེས་དབྱི་སི་ལན་ཆོས་ལུགས་པས་དད་པ་བྱ་ཡུལ་གྱི་སྐྱབས་རྟེན་ངོ་མ་ཞེས་པར་གོ་དགོས་ཀྱི་ཡོད། ཁོང་ཚོའི་དུས་རྒྱུན་འཚོ་བའི་ནང་དུ་ཡང་། མི་ཕན་ཚུན་ཞལ་གྱེས་ཞུ་སྐབས་གོ་བརྡ་ནམ་ཡང་ཁྱེད་དང་མཉམ་དུ་གནས་པར་ཤོག་ཅེས་སྨོན་ལམ་འདེབས་སྲོལ་ཡོད།”[4]ཅེས་བཀོད་ཡོད། སྐུ་ཞབས་རྗེ་ཕུ་པའེ་ལུ་ལགས་ལ་བཅར་འདྲི་བྱས་པའི་ཟིན་ཐོ་ལས་ཁོས་ཁ་ཆེ་ཕ་ལུ་ནི་པིར་མིང་ཞིག་མ་ཡིན་པར་དེ་ནི་རྩོམ་པ་པོའི་མིང་བརྩམས་ཆོས་ལ་བཏགས་པར་འདོད། བསླབ་བྱ་འདི་ནི་མི་རིགས་གཞན་ཞིག་ཡིན་པའི་ངོས་ནས་བྲིས་པ་དང་གོ་བརྡ་ཞེས་པའི་ཏ་ཟིག་གི་ཐ་སྙད་བྱུང་བ་ནི་བཞེད་ཚུལ་འདིའི་སྒྲུབ་བྱེད་གཉིས་པ་དང་གསུམ་པའོ། །
གཉིས་པ། «ཁ་ཆེ་ཕ་ལུའི་བསླབ་བྱ»འདི་བོད་མིས་བརྩམས་པར་འདོད་པ།
བཞེད་ཚུལ་གཉིས་པ་ནི་བོད་མི་རང་གིས་བརྩམས་པར་འདོད་པ་དེ་ཡིན། དེ་ལ་རིགས་གསུམ་དུ་དབྱེ་ཆོག་སྟེ། དང་པོ་ནི་པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མ་མཆོག་གིས་མཛད་པར་འདོད་པ་དེ་ཡིན། སྤྱི་ལོ2012ལོར་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་ཁ་ཆེ་ཕ་ལུའི་པར་མ་གསར་པ་དེས་གོང་གི་བཞེད་ཚུལ་འདི་གཞིར་བཟུང་སྟེ་དེབ་ཀྱི་མདུན་ཤོག་གི་ངོས་སུ་པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མས་མཛད་ཅེས་བཀོད་ཡོད། དེ་མིན་ཤོད་རྒྱུན་ཞིག་ལ་པཎ་ཆེན་བསྟན་པའི་ཉི་མས་འབྲི་གནང་མཛད་ཀྱང་དེབ་མིང་དུ་ཁ་ཆེ་ཕ་ལུར་བཏགས་པར་འདོད་ཚུལ་ཞིག་ཀྱང་ཡོད་པས། རྩོམ་སྒྲིག་ཁང་གིས་ཕལ་ཆེར་བཞེད་ཚུལ་འདི་ལ་ཁུངས་བཅོལ་ཏེ་པཎ་ཆེན་བསྟན་པའི་ཉི་མས་མཛད་པ་ལྟར་དུ་བྲིས་པར་འདོད། བཞེད་ཚུལ་འདི་བཞེད་ཚུལ་གཞན་དང་བསྡུར་ན་ལུང་རིགས་ཀྱི་སྒྲུབ་བྱེད་ཉུང་།
གཉིས་པ་ནི་འབྲོང་རྩེ་བློ་བཟང་ཚུལ་ཁྲིམས་ཀྱིས་མཛད་པར་འདོད། བཞེད་ཚུལ་འདིར་ཧོར་ཁང་བསོད་ནམས་དཔལ་འབར་གྱིས«ཁ་ཆེ་ཕ་ལུའི་འཇིག་རྟེན་ལས་འབྲས་བརྩི་ལུགས་ཀྱི་བསླབ་བྱ་དངོས་གྲུབ་ཆུ་མིག»ཅེས་བྱ་བའི་རྩོམ་པ་པོའི་མཚན་དང་བསླབ་བྱའི་ནང་དོན་ལ་དཔྱད་པ་ལས“སྐབས་དེར་འཚོ་ཞིང་གཞེས་པའི་ཀུན་གཟིགས་པཎ་ཆེན་བསྟན་པའི་ཉི་མ་མཆོག་གི་ཡོངས་འཛིན་དགེ་བའི་བཤེས་གཉེན་འབྲོང་རྩེ་མཁས་པ་ཆེན་པོ་བློ་བཟང་ཚུལ་ཁྲིམས་ཞེས་བྱ་བ་ཞིག་བྱུང་ངོ་། །
དེའི་དུས་གྲོང་ཁྱེར་དུ་འཁོད་པའི་སྐྱེ་བོ་ཁྲི་ཕྲག་གི་ཁྲོད་དུ་དོན་མཐུན་ལ་བྱང་ཆུབ་པའི་ཁ་ཆེ་ཕ་ལུ་འཇུ་ཡི་ཞེས་བྱ་བ་ཞིག་བྱུང་ཞིང་། དེས་རང་གི་དཔལ་འབྱོར་རྒྱས་པའི་ཕྱིར་དུ་བླ་བྲང་རྒྱལ་མཚན་མཐོན་པོའི་ཕོ་བྲང་གི་ཕྱོགས་ཤིག་ཏུ་ཡོངས་འཛིན་འབྲོང་རྩེ་མཁས་པ་ཆེན་པོ་བཞུགས་སའི་གཟིམ་ཤག་ག་ལ་བ་དེར་ཡང་ནས་ཡང་དུ་བསྐྱོད་གཤིས། ཡོངས་འཛིན་ཆེན་པོས་ཀྱང་དེ་ལ་ཐུགས་བརྩེ་བའི་གཟིགས་པ་མི་དམན་པར་མཛད་དོ། །དེ་ནས་ཉིན་ཞིག་ཡོངས་འཛིན་མཆོག་གིས་ཕ་ལུར་རང་ཅག་ཕྱི་ནང་ཐུན་མོང་དུ་དད་མོས་བྱེད་པའི་དཀོན་ཅོག ཕ་མ། ལས་འབྲས་ཞེས་པ་དེའི་བླང་དོར་ལག་ལེན་དུ་བསྟར་བདེ་བའི་བསླབ་བྱ་ཞིག་ཁྱེད་ཀྱིས་ཕྲིས་དང་། ངས་ཀྱང་མཉམ་དུ་ཀུན་ལ་ཕན་པར་བྱ་བའི་ཕྱིར་རོགས་རམ་བགྱི་བར་བྱའོ་ཞེས་གསུངས་ཤིང་། ཕ་ལུས་ཀྱང་དང་བའི་ཡིད་ཀྱིས་ཡོངས་སུ་བཀའ་བཞིན་ཞུ་བར་འདོད་ཀྱང་། རང་ཉིད་སྒྲ་རིག་པའི་ཆུ་ཚད་དམན་པར་བརྟེན། མཁས་དབང་ཆེན་པོ་དེ་ལ་ཁྱེད་ཉིད་ཀྱིས་མཛད་རོགས་ཞེས་བསྐུལ་ལོ། །དེས་ན་མཁས་པ་ཆེན་པོ་དེས་ཁོང་གི་ཚབ་ལྟ་བུ་མཛད་དེ་བསླབ་བྱ་ལེའུ་བཅུ་གཅིག་གསུངས།”[5]ཞེས་པ་འདིར་གཙོ་བོར་འབྲོང་རྩེ་བློ་བཟང་ཚུལ་ཁྲིམས་མཆོག་དང་ཁ་ཆེ་ཕ་ལུ་གཉིས་འབྲེལ་བ་ཟབ་པས་ཁོང་གིས་ཁ་ཆེ་ཕ་ལུའི་ཚབ་ཏུ་བྲིས་ཚུལ་བརྗོད་ཡོད།
གསུམ་པ་ནི་པཎ་ཆེན་སྐུ་ཕྲེང་དྲུག་པས་མཛད་པར་འདོད། བཞེད་ཚུལ་འདིར་ཁ་ཆེ་ཕ་ལུའི་རྩོམ་པ་པོ་སུ་ཡིན་སྐོར་དང་དེ་འབྲེལ་ཏ་ཟིག་རིག་གནས་ཀྱི་འབྲེལ་བའི་སྐོར་ལས“དེབ་འདི་འབྲི་བའི་དུས་ཚོད་ཀྱང་པཎ་ཆེན་སྐུ་ཕྲེང་དྲུག་པའམ་བདུན་པའི་དུས་སྐབས་ཡིན་ཞེས་བརྗོད་ཀྱི་ཡོད། དེ་མིན་ཤོད་རྒྱུན་དར་ཆེ་བ་གཞན་ཞིག་ནི་པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་དང་ཀ་ཤི་ཀསྨིར་ནས་ཡིན་པའི་ཁ་ཆེའི་བོད་རིགས་ཚོང་པ་ཕ་ལུ་གཉིས་འབྲེལ་འདྲིས་ཆེན་པོ་བྱུང་ནས་ཁོང་གཉིས་མཛའ་གཅུགས་སུ་གྱུར་རྗེས། པཎ་ཆེན་རིན་པོ་ཆེ་དཔལ་ལྡན་ཡེ་ཤེས་མཆོག་གིས་དེབ་འདི་བརྩམས་གནང་སྟེ་དེབ་མིང་དུ་ཁ་ཆེ་ཕ་ལུ་ཞེས་བཏགས། བཞེད་ཚུལ་འདི་ཡོངས་གྲགས་ཤིག་མིན་མོད། འདི་ཡང་གོང་གི་བཞེད་ཚུལ་དེ་གཉིས་དང་འདྲ་བར་གཞན་ཞིག་གིས་ཁ་ཆེ་ཕ་ལུའི་ཚབ་ཏུ་བརྩམས་པར་འདོད།”[6]བཞེད་ཚུལ་འདི་ནི་ཤོད་རྒྱུན་ཙམ་ལས་ཡོངས་གྲགས་ཤིག་མིན་པར་སྣང་།
གསུམ་པ། «ཁ་ཆེ་ཕ་ལུའི་བསླབ་བྱ»ནི་རིག་གནས་སྣ་མང་མཉམ་འདུས་ལས་གྲུབ་པར་འདོད་པ།
བཞེད་ཚུལ་གོང་མ་གཉིས་ཀྱིས་རྩོམ་པ་པོ་ངེས་གཏན་ཞིག་གིས་བརྩམས་པར་འདོད་ཡོད། བཞེད་ཚུལ་གསུམ་པ་ནི་བཞེད་ཚུལ་གོང་མ་གཉིས་དང་མི་འདྲ་བར«ཁ་ཆེ་ཕ་ལུའི་བསླབ་བྱ»ལ་རྩོམ་པ་པོ་ངེས་གཏན་ཞིག་མེད་པར་འདོད། བསླབ་བྱ་དེ་ནི་བོད་ཀྱི་དམངས་ཁྲོད་ནས་གླིང་སྒྲུང་དང་འདྲ་བར་དུས་ཡིན་རིང་པོའི་རིག་གནས་སྣ་མང་འབྲེལ་འདྲིས་ལས་རིམ་བཞིན་གྲུབ་པ་ཞིག་ཏུ་འདོད་ཡོད།
«ཁ་ཆེ་ཕ་ལུའི་བསླབ་བྱ»ནི་དུས་རབས་བཅུ་དགུ་པ་དང་དུས་རབས་ཉི་ཤུ་པའི་དུས་མགོར་བོད་ཀྱི་དམངས་ཁྲོད་དུ་ཤིན་ཏུ་དར་ཁྱབ་ཆེ་བ་ཞིག་རེད། སྐུ་ཞབས་རྗེ་ཕུ་པའེ་ལིས«ཁ་ཆེ་ཕ་ལུའི་བསླབ་བྱ»ལ་ཁ་ཆེའི་རིག་གནས་ཀྱི་ཤན་ཐེབས་ཡོད་པར་དགོངས། ཁོས་ཏ་ཟིག་གི་སྙན་ངག་པ་ས་ཏིའི་སྙན་ཚིག་དང་ཁ་ཆེ་ཕ་ལུའི་བསླབ་བྱ་གཉིས་ཀྱི་ནང་དོན་ཐད་ནས་བསྡུར་བ་ཅུང་ཟད་བྱས་ཏེ་ཏ་ཟིག་གི་སྙན་ཚིག་དང་བོད་ཀྱི་སྙན་ཚིག་གཉིས་ཀྱི་རྩོམ་རྩལ་འདྲ་ཆེ་ལ། ད་དུང་ཚིག་རྐང་གི་གྲངས་ཚད་དང་རྗོད་བྱེད་ཚིག་སྦྱོར་སོགས་ཀྱི་ཐད་ལ་ཕན་ཚུན་འདྲ་པོ་ཡོད་པར་འདོད་ཡོད། ལྷག་པར་ཁོས་བོད་དང་ཀསྨིར་ནས་ཡོང་བའི་ཁ་ཆེ་བ་གཉིས་ཀྱི་འགྲོ་འོང་བརྗེ་རེས་ཆེ་བར་འདོད། ཁ་ཆེ་ཕ་ལུ་ནི་བོད་སྐད་བོད་ཡིག་ཤེས་ལ་བོད་ཁུལ་ན་གཞིས་སྡོད་བྱས་པའི་ཁ་ཆེ་བ་ཞིག་ཡིན་པར་འདོད་ཡོད། དཔྱད་རྩོམ་དེར་ད་དུང་ཀ་ཤི་ཀསྨིར་གྱི་ཁ་ཆེའི་ཆོས་པ་བོད་དུ་སླེབས་ཚུལ་བརྗོད་ཡོད། དེར་སྤྱི་ལོ་དུས་རབས་བཅུ་བཞི་པའི་སྐབས་ཙམ་ནས་ཀ་ཤི་ཀསྨིར་དང་བོད་ཀྱི་དབུས་གཙང་ཁུལ་གྱི་མི་རིགས་ཕན་ཚུན་ཚོང་ལས་སྤེལ་རེས་ཀྱི་ལམ་སྲོལ་ཆགས་འདུག རྒྱལ་དབང་སྐུ་ཕྲེང་ལྔ་པའི་སྐབས་དེའི་ཁ་ཆེའི་ཆོས་ལུགས་ཀྱི་ཚོང་པ་རྣམས་རང་ཉིད་ཀྱི་ཆོས་ལུགས་ལ་དད་སེམས་བརྟན་ལ་ལྷག་བསམ་རྣམ་དག་ཡོད་པར་གཟིགས་ནས་བྱ་དགའི་ཚུལ་དུ་ཁོང་ཚོར་བང་སོ་དང་ཁ་ཆེ་ལྷ་ཁང་རྒྱག་ཆེད་གཞུང་ས་ནས་ཕྲན་བུ་གསོལ་རས་གནང་བ་རེད། ཅེས་གསུངས་པ་སོགས་ལ་བལྟས་ན་དོན་དུ་བོད་དབུས་གཙང་ཁུལ་དང་ཀ་ཤི་ཀསྨིར་གྱི་རིག་གནས་གཉིས་འབྲེལ་བ་ཆེ་བར་འདོད། དེ་བས་ཀསྨིར་ནས་ཡོང་བའི་བོད་དུ་གཞིས་སྡོད་བྱས་པའི་ཁ་ཆེ་བ་དང་རིག་གནས་འགྲོ་འོང་བརྗེ་རེས་མང་དུ་བྱས་ཡོད་རྐྱེན་བསླབ་བྱ་འདིའི་རྩོམ་པ་པོའི་ངོས་ཐད་ནས་བཞེད་པ་མི་མཐུན་པ་བྱུང་བར་འདོད།
དུས་རབས་མང་པོའི་རིག་གནས་འགྲོ་འོང་བརྗེ་རེས་ཀྱི་ཁྲོད་ད་གཟོད་བསླབ་བྱ་འདི་གྲུབ་ཅིང་། དོན་དུ«ཁ་ཆེ་ཕ་ལུའི་བསླབ་བྱ»འདི་ནི་རིག་གནས་སྣ་མང་མཉམ་འདུས་ཀྱི་འགྲོ་འོང་བརྗེ་རེས་ཁྲོད་དམངས་ཁྲོད་ནས་རིམ་གྱིས་བྱུང་བ་ཞིག་ཡིན་པ་ལས། རྩོམ་པ་པོ་ངེས་གཏན་གྱི་བརྩམས་ཆོས་ཤིག་ཏུ་མི་འདོད་ཅིང་། ལོ་ཟླའི་འཁོར་སྐྱོད་ཀྱི་བར་ནས་འདི་ལ་བཟོ་བཅོས་ཀྱང་གང་མང་གནང་ཡོད་པར་འདོད།
མདོར་ན། «ཁ་ཆེ་ཕ་ལུའི་བསླབ་བྱར»རྩོམ་པ་པོ་ངེས་གཏན་ཞིག་ཁ་ཚོན་གཅོད་དཀའ་བར་འདོད་དེ། འདི་ནི་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་བསླབ་བྱ་ཞིག་ཡིན་པས། ལོ་ཟླའི་འཁོར་སྐྱོད་ཀྱི་དུས་ཡུན་རིང་མོར་ཡང་དང་ཡང་དུ་བཟོ་བཅོས་ཀྱང་གང་མང་བརྒྱབ་ཡོད་སྲིད་པས། «ཁ་ཆེ་ཕ་ལུའི་བསླབ་བྱ»ནི་དམངས་ཁྲོད་ནས་བྱུང་བའི་རིག་གནས་སྣ་མང་མཉམ་འདུས་ལས་གྲུབ་པའི་བརྩམས་ཆོས་ཤིག་ལ་ངོས་འཛིན་བྱས་ན་འོས་པར་སྙམ། །
མཆན།
[1][2][3] ཁ་ཆེ་ཕ་ལུ། ལྷ་སའི་སྐྱིད་ཆུའི་ངོགས་ཀྱི་གསང་སྔགས་ཀྱིས་བསྒྱུར། [M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2019:54.89.92
[4][6] ལོ་ཨེ་ཅིན་དང་སྤེན་སྒྲོན། ཁ་ཆེ་ཕ་ལུའི་རྩོམ་པ་པོ་སུ་ཡིན་སྐོར་དང་དེ་འབྲེལ་ཏ་ཟིག་རིག་གནས་ཀྱི་འབྲེལ་བའི་སྐོར། [J] བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ། 2015:61.60
[5] ཧོར་ཁང་བསོད་ནམས་དཔལ་འབར། ཧོར་ཁང་བསོད་ནམས་དཔལ་འབར་གྱི་གསུང་རྩོམ་ཕྱོགས་བསྒྲིགས། [M] པེ་ཅིང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1999:504

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།

青公网安备63252102000006号