-
སྐལ་བཟང་ཐུབ་བསྟན་གྱིས2020ལོར་ཝུའུ་ཧན་གྲོང་ཁྱེར་གྱི་པྲོག་གསར་ནད་དུག་གི་ནད་པ་རྣམས་ལ་མི་སྒེར་ནས་ཞལ་འདེབས་སྒོར་ཁྲི10བཏང་ནས་རོགས་སྐྱོར་བྱས་ཤིང་།2022ལོར་རང་ས་གནས་ཀྱི་པྲོག་གསར་ནད་དུག་གི་རིམས་འགོག་ཐད་ལ་སྒོར་ཁྲི10ཡིས་རོགས་སྐྱོར་བྱས།ད་དུང་རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་ལའང་སྒོར་ཁྲི2ཀྱི་ཞལ་འདེབས་གནང་བ་རེད།ཁོང་གིས2003ལོ་ནས2022ལོའི་བར་དུ་སྤྱི་ཚོགས་ཀྱི་སྤྱི་སྒེར་གང་རུང་གི་ལས་རིགས་སོ་སོར་རོགས་སྐྱོར་བྱས་པའི་མ་དངུལ་སྤྱི་བསྡོམས་པས་སྒོར་ཁྲི1200ལྷག་ལ་སླེབས།...
2023-04-12 08:19:09 མཚོ་སྔོན་པོ་དྲ་བ། 21424 -
བོད་ཀྱི་གསོ་རིག་རྒྱུན་འཛིན་དང་བོད་ཀྱི་གསོ་རིག་བྱ་གཞག་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད།ཟླ4པའི་ཚེས7ཉིན་གྱི་སྔ་དྲོར།ལྷོ་ནུབ་མི་རིགས་སློབ་ཆེན་དུ“ཁ་ལོ་སློབ་གསོའི་ཐེབས་རྩ”བཙུགས་ནས་ཞལ་འདེབས་འབུལ་བའི་མཛད་སྒོ་བསྡུས་པ་དང་མི་རིགས་གསོ་རིག་གླེང་སྟེགས་བྱ་འགུལ་སྤེལ།མཛད་སྒོའི་སྟེང་དུ།རང་རེ་མཚོ་སྔོན་ཞིང་ཆེན་གྱི་སྨན་པ་གྲགས་ཅན་ཁ་ལོ་ལགས་ཀྱིས“ཁ་ལོ་སློབ་གསོའི་ཐེབས་རྩ”ལ་སྒོར་ས་ཡ་གཅིག་ཞལ་འདེབས་སུ་ཕུལ་ཞིང་།ཞལ་འདེབས་དེ་ནི་སྦྱངས་འབྲས་ཕུལ་དུ་བྱུང་བའི་སློབ་མར་གཟེངས་བསྟོད་དང་འབྲེལ་ཡོད་རིག་ཚན་སྒྲིག་འཛུགས་སོགས་སུ་སྤྱོད་རྒྱུ་རེད།...
2023-04-10 07:38:09 མཚོ་སྔོན་པོ་དྲ་བ། 21093 -
[གངས་ལྗོངས་ཀུན་གླེང་། ]
ཀརྨ་རྒྱལ་མཚན་གྱིས་སྡེ་དགེ་རྫོང་ཡིག་ཚགས་ཁང་ལ་སྡེ་དགེ་རྒྱལ་པོའི་གཞུང་ཡིག་རྩ་ཆེན་སྣ་ཁ་ང་ལྔ་རིན་མེད་ངང་ཕུལ།
ཉེ་ཆར།གསར་འགོད་པས་སྡེ་དགེ་རྫོང་ཡིག་ཚགས་ཁང་ནས་ལོ་གཉིས་ཀྱི་སྔོན་དུ་སི་ཁྲོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཀརྨ་རྒྱལ་མཚན་ལགས་ཀྱིས་ལོ་ངོ30ལྷག་གི་རིང་ལ་བསྡུ་གསོག་དང་ཉར་ཚགས་གནང་བའི་སྡེ་དགེ་རྒྱལ་པོའི་གཞུང་ཡིག་སྐོར་གྱི་ཡིག་ཚགས་མི་འདྲ་བ་སྣ་ཁ་ལྔ་བཅུ་ང་ལྔ་སྡེ་དགེ་རྫོང་ཡིག་ཚགས་ཁང་དུ་སྐྱེས་འབུལ་གནང་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་ཡིན།...
2023-02-05 13:36:15 མཚོ་སྔོན་པོ་དྲ་བ། 24331 -
[གངས་ལྗོངས་ཀུན་གླེང་། ]
བོད་ཀྱི་གེ་སར་ཞིབ་འཇུག་པ་དང་མི་རིགས་སློབ་གསོ་བ་ཆེན་མོ་ནག་ཀྱཱ་བ་ཤ་བོ་ཚེ་རིང་ལགས་སྐུ་འདའ་ཁའི་ཞལ་ཆེམས་ཇི་བཞིན་ཁོང་གི་མ་དངུལ་ཁྲི་ཕྲག་བཅོ་བརྒྱད་རེབ་གོང་གྲོང་ཁྱེར་གྱི་སློབ་གསོའི་ཐེབས་རྩར་ཞལ་འདེབས་སུ་ཕུལ་བ།
རྒན་གཤེགས་པ་ཁོང་གིས་"ང་ལ་གསོན་དགེ་བཅའ་མི་དགོས།གསོན་དགེ་བཅའ་བའི་མ་དངུལ་འདི་རྣམས་རེབ་གོང་གྲོང་ཁྱེར་སྲིད་གཞུང་གིས་བཙུགས་པའི་སློབ་གསོའི་ཐེབས་རྩ་ཚོགས་པར་འབུལ་རོགས"གསུངས་པ་ལྟར་དེ་རིང་དགེ་ལྕམ་ཀླུ་མོ་ཚེ་རིང་དང་བུ་མོ་ཆེ་བ་སྒྲོལ་མ་ཚེ་རིང་།བུ་མོ་ཆུང་བ་ཤ་བོ་འབྲུག་མོ་གསུམ་གཙོས་པའི་ཕུ་ནུ་ནང་མི་ཀུན་གྱིས་ཁོང་གཤེགས་པ་ཚང་གི་དགོངས་པ་བཞིན་རེབ་གོང་སློབ་གསོའི་ཐེབས་རྩར་མ་དངུལ་ཁྲི་ཕྲག་བཅོ་བརྒྱད་ཀྱིས་སྦྱོར་འཇགས་གནངས་འདུག་པ་འདིས་ཀྱང་བོད་ཁ་བ་གངས་ཅན་གྱི་སློབ་གསོ་ཡར་རྒྱས་དང་རྒན་ཁོང་གིས་མི་རིགས་སློབ་གསོར་བཅངས་པའི་ཕུགས་རེ་བླ་ན་མེད་པ་དེ་མཚོན་ཡོད་པས་གཞིས་བྱེས་བོད་རིགས་ཕྱི་རབས་པ་ཀུན་པོས་དམ་པ་ཁོང་དང་ཁོང་འདྲ་བའི་སྐྱེས་ཆེན་དག་གི་མཛད་འཕྲིན་མི་བརྗེད་པ་དང་རྒན་ཁོང་ལ་བར་དོར་འཇིགས་སྣང་མེད་པ་དང་ཕྱི་མ་བདེ་བ་ཅན་དུ་སྐྱེས་པའི་སྨོན་ལམ་འདེབས།...
2022-12-27 13:17:01 མཚོ་སྔོན་པོ་དྲ་བ། 26287 -
ད་ལོ་ནད་ཡམས་ཀྱི་རྐྱེན་པས་རྒྱལ་ནང་གི་ཡུལ་གྲུ་སོ་སོ་འཇགས་རྣམ་དུ་གནས་ཤིང་།རང་རེའི་ཞིང་ཆེན་དང་ཁུལ།རྫོང་རིམ་པར་ཡང་ཚད་མི་འདྲ་བའི་ཡམས་ཀྱིས་གཙེས་པའི་དེ་རིང་།བྲག་དཀར་རྫོང་མི་རིགས་སློབ་འབྲིང་དང་པོའི་དགེ་སློབ་ཐུན་མོང་ཡང་གཞིས་ཁྱིམ་ལྟ་བུའི་སློབ་ར་གཅིག་ཏུ་འཛོམས་ཏེ་སློབ་སྦྱོང་བྱེད་པའི་བསྐལ་བ་གནས་སྐབས་སུ་ཆད་པ་ནི་སློབ་གསོའི་གྱོང་གུད་ཅིག་ཏུ་ངེས་མོད།ཡིན་ཡང་མཐོ་སྒང་ལ་མཐོ་སྒང་གི་སྙིང་སྟོབས་ཡོད་དགོས་ལ།མཐོ་སྒང་གི་བུ་དང་བུ་མོ་ཚོར་ཡང་དཀའ་ཁག་ལ་གདོང་གཏད་པའི་སྙིང་སྟོབས་ཡོད་དགོས་པ་སློབ་གྲོགས་རེ་རེའི་སེམས་རྒྱུད་ལ་འཇགས་འདུག...
2022-09-05 08:43:14 མཚོ་སྔོན་པོ་དྲ་བ། 31601 -
[གངས་ལྗོངས་ཀུན་གླེང་། ]
བོད་ལུགས་གསོ་རིག་གིས་བོད་ལྗོངས་ཀྱི་རེས་སྐོར་འདིའི་རིམས་ནད་འགོག་སྡོམ་ཁྲོད་ནུས་པ་འདོན་སྤེལ་བྱས་པ།
རིམས་ནད་བྱུང་བ་ནས་བཟུང་།བོད་རང་སྐྱོང་ལྗོངས་ཀྱིས་སྔ་རྗེས་སུ«བོད་རང་སྐྱོང་ལྗོངས་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ལ་བོད་ལུགས་གསོ་རིག་དང་བོད་སྨན་གྱིས་འགོག་བཅོས་བྱེད་པའི་ཇུས་གཞི»གཉིས་བཟོས་ནས་ཁྱབ་བསྒྲགས་བྱས་པ་དང་།དེའི་ནང་ནད་རྐྱེན་དང་།སློང་རྐྱེན།འགོས་ལམ།ནད་རྟགས་གཙོ་བོ།རམ་འདེགས་ཞིབ་བཤེར།འགོག་བཅོས་བྱ་ཐབས་སོགས་ངོ་སྤྲོད་ཞིབ་ཕྲ་བྱས་ཡོད།ད་ལོར«བོད་རང་སྐྱོང་ལྗོངས་ཀྱི་པྲོག་གསར་གློ་ཚད་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་འགོག་བཅོས་ཇུས་གཞི(ཚོད་ལྟའི་པར་གཞི་གཉིས་པ)»ཡི་རྨང་གཞིའི་ཐོགརིམས་ནད་འཕེལ་རྒྱས་དང་འགྱུར་ལྡོག་འགྲོ་ཚུལ་ལ་གཞིགས་ཏེ«བོད་རང་སྐྱོང་ལྗོངས་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ལ་བོད་ལུགས་གསོ་རིག་གི་ནད་བརྟག་སྨན་བཅོས་ཀྱི་ཇུས་གཞི(ཚོད་ལྟའི་པར་གཞི་གསུམ་པ)»བཟོས་ནས་དཔར་འགྲེམས་བྱས་པ་རེད།...
2022-08-24 08:36:03 མཚོ་སྔོན་པོ་དྲ་བ། 28974


























青公网安备63252102000006号