ངོས་དང་པོ > སྒྱུ་རྩལ། > སྙན་དབྱངས་འགྱུར་ཁུག > མཚོ་ལྷོའི་གླུ་བ་ནོར་བུ་དབང་རྒྱལ་གྱིས་ཨང་གཉིས་པའི་བྱ་དགའ་བླངས།
མཚོ་ལྷོའི་གླུ་བ་ནོར་བུ་དབང་རྒྱལ་གྱིས་ཨང་གཉིས་པའི་བྱ་དགའ་བླངས།
རྩོམ་པ་པོ།:དྲ་བའི་རྩོམ་སྒྲིག་པ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-08-02 11:31:42
ཀློག་གྲངས།:
མཚོ་ལྷོའི་གླུ་བ་ནོར་བུ་དབང་རྒྱལ་གྱིས་འབའ་ཡུལ་རྫོང་རུ་རྟགས་མའི་བོད་ཀྱི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བརྒྱད་པ་ལས་ཨང་གཉིས་པའི་བྱ་དགའ་བླངས།
ཉིན་ཤས་སྔོན། འབའ་ཡུལ་རྫོང་རུ་རྟགས་མའི་བོད་ཀྱི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བརྒྱད་པའི་བྱ་དགའ་གནང་བའི་དགོང་ཚོགས་འབའ་ཐང་ལུ་གུའི་རྩེད་ཐང་དུ་བསྡུས། ཐེངས་འདིའི་འགྲན་བསྡུར་ནི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་ཨ་མདོ་བརྙན་འཕྲིན། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཐུན་ཏེ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པ་ཞིག་ཡིན།
ད་ཐེངས་ཀྱི་འགྲན་བསྡུར་ནི་གཞི་ཁྱོན་སྔར་ལས་ཆེ་ཞིང་ཤུགས་རྐྱེན་སྔར་ལས་ཆེ་བས་བོད་འབྲེལ་ས་ཁུལ་ཁག་ནས་ཕེབས་པའི་འགྲན་ཞུགས་པ་ལྔ་བརྒྱ་ལྷག་འདུས་ཡོད། དེའི་ནང་མཚོ་ལྷོའི་གླུ་བ་ནོར་བུ་དབང་རྒྱལ་གྱིས་ལག་སོར་མོའི་རྩལ་དྲུག་དང་ངག་སྙན་མོའི་འགྱུར་ཁུག དེ་མིན་རང་གི་ལྷན་སྐྱེས་སུ་མངའ་བའི་ཐུན་མིན་ཁྱད་ཆོས་སོགས་གར་སྟེགས་ལས་མངོན་པར་བྱས་ཏེ་ཛ་དྲག་གི་འགྲན་བསྡུར་རབ་དང་རིམ་པ་བརྒྱུད་མཇུག་མཐར་བྱ་དགའ་ཨང་གཉིས་པ་ཐོབ།
འདི་ནི་གླུ་བ་ནོར་བུ་དབང་རྒྱལ་གྱིས་ཡུན་རིང་འབད་བརྩོན་དང་དོན་གཉེར་ལྷོད་མེད་བྱས་པའི་གྲུབ་འབྲས་ལས་མངོན་པའི་འབྲས་བུ་ཡིན་པ་གདོན་མི་ཟ་ལ། མཚོ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་ཐད་ཐོབ་པའི་གྲུབ་འབྲས་མངོན་གསལ་དོད་པོ་དང་སྒྱུ་རྩལ་གྱི་སྟོབས་ཤུགས་གང་ལེགས་ལྡན་པ་མངོན་པར་མཚོན་ཡོད། འབྱུང་འགྱུར་མཚོ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པར་ནོར་བུ་དབང་རྒྱལ་ལྟ་བུའི་ཕུལ་བྱུང་འཁྲབ་སྟོན་པ་སྔར་བས་མང་པོ་གསོ་སྐྱོང་དང་མཚོ་ལྷོ་ཁུལ་གྱི་མི་རིགས་གླུ་གར་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད་དོ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།