ཉལ་ནས་ཁ་པར་རྩེད་ན་ཁྲག་རེངས་ཀྱི་ནད་ཕོག་སྲིད།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2026-03-18 09:20:42 ཀློག་གྲངས།:
       ཁྲག་རེངས་ཀྱི་ནད་ཕོག་པ་ཕལ་ཆེ་བ་ནི་རྒན་རྒོན་ཡིན་མོད། འོན་ཀྱང་འཚོ་བ་དང་བཟའ་བཏུང་གི་གོམས་གཤིས་མི་ལེགས་པའི་དབང་གིས་གཞོན་ནུ་རྣམས་ཀྱང་རིམ་བཞིན་ནད་འདི་ཕོག་མཁན་གྲས་སུ་གྱུར།
       ཆེད་མཁས་པས་ངོ་སྤྲོད་བྱས་པར་གཞིགས་ན། གཞོན་ནུ་རྣམས་དུས་ཡུན་རིང་པོར་ཉལ་ནས་མི་འགུལ་བར། རྒྱུན་དུ་ཁ་པར་བལྟ་བཞིན་ཡོད། གནས་ཚུལ་དེ་རིགས་ཀྱི་དབང་གིས་ཁྲག་འཁོར་རྒྱུག་བྱེད་པ་དལ་བས་ཁྲག་རེངས་སུ་འགྱུར་སླ་བ་རེད།
       ཆེད་མཁས་པས་གྲོས་འགོ་བཏོན་པ་ལྟར་ན། ཉལ་ཁྲིའི་སྟེང་དུ་ཆུ་ཚོད་གཅིག་གམ་ཡང་ན་ཆུ་ཚོད་ཕྱེད་ཀ་ཉལ་རྗེས། ཡར་ལངས་ནས་ཕར་འགྲོ་ཚུར་འགོ་བྱེད་པ་དང་རྐང་པ་རྡེག་པ། འགུལ་སྐྱོད་རྒྱག་པ་བཅས་བྱེད་དགོས། ཐབས་མེད་པར་དུས་ཡུན་རིང་པོར་མ་ཉལ་ཐབས་མེད་ཡིན་ན་ཉལ་ཁྲིའི་སྟེང་དུ་ཤ་གྲིམ་འགུལ་སྐྱོད་བརྒྱབ་ཆོག་པ་དཔེར་ན། བརླ་ཤ་བྱིན་ཤ་བརྐྱངས་ཏེ་རྐང་པ་བཀུགས་ཏེ། ཤ་སྒྲིམ་འགུལ་ཐབས་ལ་བརྟེན་ནས་ཁྲག་འཁོར་རྒྱུག་བྱེད་ཐབས་བྱས་ན། ཁྲག་རེངས་འགྱུར་འགོག་པར་ཕན་ཐོགས་ཆེན་པོ་ཡོད།
       སྡོད་རྩ་རེངས་པོར་གྱུར་པའི་རྒྱུ་རྐྱེན་གཙོ་བོ་གསུམ་ཡོད་དེ། ཁྲག་རྩའི་ལྡེབས་ལ་གནོད་སྐྱོན་བྱུང་བ་དང་ཁྲག་འགག་པའི་དབང་གིས་འཁོར་རྒྱུག་དལ་བ་དང་། ཁྲག་འཁོར་རྒྱུག་དལ་བ་དང་རེངས་པོར་གྱུར་པ་བཅས་རེད། རྒྱུ་རྐྱེན་མང་པོ་འདུས་པས་ད་གཟོད་སྡོད་རྩ་རེངས་པོར་གྱུར་པ་རེད།
       ཡུན་རིང་བསྡད་པ་དང་། ཡུན་རིང་ལ་ཉལ་བ། འགུལ་སྐྱོད་མི་རྒྱག་པ་བཅས་ནི་སྡོད་རྩའི་ཁྲག་རེངས་པོར་འགྱུར་རྐྱེན་ཡིན། རྒྱུན་དུ་ནད་པའི་རྐང་པའི་སྡོད་རྩ་སྐྲངས་པ་དང་། ན་ཟུག་གཏོང་བ། ལྗིད་སྣང་ཆེ་བ། སྡོད་རྩ་འཁྱོག་རྒྱུག་བཅས་འབྱུང་སྲིད་པ་དང་། ཐ་ན་ཡུན་རིང་སོས་མི་ཐུབ་པའི་སྨུག་རུལ་ཀྱང་འབྱུང་སྲིད། དུས་ཡུན་རིང་པོར་ཉལ་ནས་ཁ་པར་རྩེད་པ་ལས་གཞན། ཐག་རིང་རླངས་འཁོར་ལ་བསྡད་པ་དང་ཐག་རིང་འཕུར་སྐྱོད་བྱེད་པ་སོགས་ལས་རྐང་པའི་སྡོད་རྩ་རེངས་པོར་འགྱུར་སྲིད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།