བྱ་སུག་འདིའི་རིགས་གཏན་ནས་ཟ་མི་རུང་།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། དུས་ཚོད།:2026-03-19 08:35:56 ཀློག་གྲངས།:
       ཟླ3ཚེས15ཉིན་གྱི་དགོང་མོ། སྤྱི་ཁྱབ་ལས་ཁུངས་ཀྱི་གསུམ་པའི་བཅོ་ལྔའི་མཚན་ཚོགས་ཐོག་ཁྲུང་ཆིང་གྲོང་ཁྱེར་ཙེང་ཆའོ་བཟའ་བཅའ་ཚད་ཡོད་ཀུང་སིས་བྱ་དེའི་རྐང་པའི་བཟའ་བཅའ་ཐོན་སྐྱེད་བྱེད་པའི་བརྒྱུད་རིམ་ནང་རྫས་འགྱུར་དངོས་རྗས་དབྱང་ཐོལ་ཆིང་འགྱུར་ཟེར་བ་ཞིག་ཚད་ལས་འདས་པ་བེད་སྤྱོད་བྱས་པའི་གནད་དོན་ཐེར་འདོན་བྱས་འདུག མིག་སྔར། གྱོད་གཞི་དང་འབྲེལ་བ་ཡོད་པའི་ཁེ་ལས་ཀྱི་ཁྲིམས་འགལ་བྱ་སྤྱོད་གྱོད་དོན་ཐོ་འགོད་བྱས་པ་དང་། གྱོད་འབྲེལ་ཐོན་རྫས་བཙན་ཉར་བྱས་པ། ཁེ་ལས་ནས་རང་འགུལ་ངང་གྱོད་འབྲེལ་ཐོན་རྫས་ཚུར་བསྡུ་བྱ་རྒྱུར་སྐུལ་འདེད་བཏང་བ་བཅས་བྱས་ཡོད་པ་རེད།
       ཁྲུང་ཆིང་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་འབྲེལ་ཡོད་ཚན་པ་དང་མཉམ་འབྲེལ་ཐོག་གྱོད་འབྲེལ་ཁེ་ལས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱ་རྒྱུ་མ་ཟད་གྲོང་ཁྱེར་ཡོངས་སུ་བཟའ་བཅའི་བདེ་འཇགས་ཀྱི་གནད་དོན་ཕྱོགས་བསྡུས་བཅོས་སྒྲིག་བྱ་རྒྱུ་དང་། གཙོ་གནད་ཐོག་བཟའ་བཅའི་ནང་ཁྱབ་ཁོངས་ལས་འགལ་བ་དང་། ཚད་ལས་འགལ་ནས་སྦྱོར་རྟ་བྱེད་པ་སོགས་ཀྱི་གནད་དོན་བཅོས་སྒྲིག་བྱས་ཏེ་ཁེ་ལས་ཀྱི་བཟའ་བཅའ་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་སྔར་བས་ནན་དུ་གཏོང་བ་དང་། ལས་ཀ་དེ་བྱེད་མཁན་མི་སྣའི་ཐོན་སྐྱེད་གཉེར་སྐྱོང་བྱ་སྤྱོད་ཚད་ལྡན་དུ་བཏང་ཐོག མི་དམངས་མང་ཚོགས་ཀྱི་བཟའ་བཅའི་བདེ་འཇགས་འགན་ལེན་ཏན་ཏིག་བྱ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།