སྟོན་མགོ་ཚུགས་རྗེས་སྙིང་ལ་སྲུང་སྐྱོབ་ལེགས་པོ་བྱེད་དགོས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཚགས་པར།
དུས་ཚོད།:2026-08-26 08:45:22
ཀློག་གྲངས།:
མི་མང་པོ་ཞིག་གིས་སྟོན་མགོ་ཚུགས་རྗེས་གནམ་གཤིས་ཇེ་འཁྱག་ཏུ་སོང་ནས་ལུས་པོར་དོ་སྣང་ཆེན་པོ་མ་བྱས་ཀྱང་། དུས་ཚིགས་བརྗེ་བའི་དུས་སྐབས་བདེ་འཇགས་ངང་སྐྱེལ་ཐུབ་པར་འདོད་ཀྱིན་ཡོད། དོན་དངོས་སུ་སྟོན་དུས་ལས་བྱུང་བའི་དྲོད་ཚད་མཐོ་བ་དང་བརླན་གཤེར་གྱིས་སྙིང་ཁམས་བདེ་ཐང་ལ་འགྲན་སློང་གསར་པ་འཕྲད་སྲིད། ལོ་རེའི་སྟོན་མགོ་ཚུགས་རྗེས་ནི་སེམས་འཚབ་པ་དང་བྲང་ཁ་མི་བདེ་བ། ཁྲག་ཤེད་འཕར་ཆག་འབྱུང་ཚད་མང་བའི་དུས་ཚིགས་ཤིག་ཡིན། དེར་བརྟེན། དར་མ་དང་རྒན་རྒོན་རྣམས་ཀྱིས་སྙིང་ལ་སྲུང་སྐྱོབ་བྱེད་པར་དོ་སྣང་བྱེད་དགོས།
སྟོན་མགོ་ཚུགས་རྗེས་སྙིང་ལ་གནོད་དོན་ཅི་ཡིན་ནམ།
གཅིག སྟོན་མགོ་ཚུགས་པ་དེས་གནམ་གཤིས་མྱུར་དུ་བསིལ་བར་གྱུར་བ་མཚོན་མི་ཐུབ། དྲོད་ཚད་མཐོ་ཞིང་ཚ་བ་ཆེ་བའི་རྣམ་པས་སྙིང་ཁམས་ཁྲག་རྩའི་བདེ་ཐང་ལ་ཤུགས་རྐྱེན་ཐེབས་སྲིད། སྟོན་མགོ་ཚུགས་རྗེས། ཉིན་མོའི་དྲོད་ཚད་སྔར་བཞིན་མཐོ་བ་དང་། མཁའ་དབུགས་ཀྱི་བརླན་ཚད་ཆེ་བ། ལུས་ཀྱི་ཚོར་བ་འབྱར་བག་ཆེ་བ། ལུས་ཀྱི་ཚ་སེལ་དཀའ་བ་བཅས་ཡིན། ལུས་དྲོད་དོ་མཉམ་ཡོང་བའི་ཆེད་དུ། མིའི་ལུས་ཕུང་གི་རྙིང་ཚབ་གསར་བྱེད་མུ་མཐུད་དུ་ཇེ་མགྱོགས་སུ་འགྲོ་བ་དང་། སྙིང་གི་འཕར་ལྡིང་ཇེ་མགྱོགས་སུ་འགྲོ་བ། ཁྲག་མཁོ་འདོན་ཇེ་མགྱོགས་སུ་འགྲོ་བ་བཅས་བྱས་ཏེ། སྙིང་ཤ་ངལ་དུབ་དང་དབྱང་དབུགས་མཁོ་འདོན་མི་འདང་བའི་གནས་ཚུལ་འབྱུང་སླ།
གཉིས། ཉིན་མཚན་གྱི་དྲོད་ཁྱད་ཇེ་ཆེར་འགྲོ་བ་དང་། ཁྲག་རྩ་ཡང་དང་བསྐྱར་དུ་འཁུམ་འདུ་དང་རྐྱོང་འབྱེད་བྱེད་པ་ཡིན། སྟོན་མགོ་ཚུགས་པའི་དུས་རིམ་ནི་ཉིན་མོ་ཚ་བ་ཆེ་བ་དང་། ནངས་དགོང་བསིལ་བ་ཆེ་བས། ཉིན་གཅིག་གི་དྲོད་ཚད་ཀྱི་ཁྱད་པར་ཧ་ཅང་ཆེ། ང་ཚོའི་ཁྲག་རྩ་སྐབས་འགར་ཚ་བ་བསྐྱེད་པ་དང་། སྐབས་འགར་གྲང་ངར་ཐེབས་ནས་འཁུམ་འདུ་བྱས་ནས། ཡང་དང་བསྐྱར་དུ་རྣམ་པ་བརྗེ་བས། ཁྲག་ཤེད་འཕར་ཆག་དང་ཁྲག་རྩ་རྩ་འཁུམ་འབྱུང་སྲིད་ཅིང་། སྙིང་ལ་ཁྲག་དཀོན་པ་དང་སྙིང་མི་བདེ་བའི་ཉེན་ཁ་འབྱུང་སྲིད།
གསུམ། ལུས་ཕུང་སྙོམས་སྒྲིག་ལ་རྗེས་ལུས་རང་བཞིན་ལྡན་པས། དུས་ཚིགས་བརྗེ་བའི་སྐབས་ཀྱི་འགྲོས་ཀྱི་རྗེས་ཟིན་མི་ཐུབ། ང་ཚོའི་ལུས་ཕུང་དབྱར་དུས་ཀྱི་དྲོད་ཚད་མཐོ་བ་དང་རྔུལ་ཆུ་བཞུར་བ། བརྗེ་ཚབ་མང་པོ་བྱེད་པ་བཅས་ཀྱི་རྣམ་པར་འཕྲོད་རྗེས། གློ་བུར་དུ་གནམ་གཤིས་འགྱུར་ལྡོག་མང་བའི་དབྱར་སྟོན་བརྗེ་རེས་ཀྱི་དུས་སྐབས་སུ་སླེབས་ཚེ། སྙིང་དང་གློ་བའི་ནུས་པ་དང་ཁྲག་རྩ་སྙོམས་སྒྲིག རང་བདག་དབང་རྩ་སོགས་ཡང་བསྐྱར་འཕྲོད་དགོས་པས། དུས་ཡུན་ཐུང་ངུའི་ནང་དུ་སྙོམས་སྒྲིག་འཁྲུགས་པ་དང་བརྗེ་ཚབ་དོ་མཉམ་མིན་པའི་གནད་དོན་འབྱུང་སྲིད་ཅིང་། སྙིང་ལ་འཕྲད་པའི་ཉེན་ཁ་ཇེ་ཆེར་འགྲོ་སྲིད།
བཞི། སྟོན་མགོ་ཚུགས་རྗེས། མི་མང་པོ་ཞིག་གིས་གནམ་གཤིས་དེ་འདྲའི་ཚ་བ་མེད་པར་འདོད་པས། སྙིང་ལ་སྲུང་སྐྱོབ་བྱེད་པར་དོ་སྣང་ཆེན་པོ་བྱེད་ཀྱིན་མི་འདུག དེ་བས་མཚན་འཁྱོངས་བྱེད་པ་དང་། འགུལ་སྐྱོད་ཚད་ལས་བརྒལ་བ། བསིལ་རླུང་ལ་རྔམ་པ། བཟའ་བཏུང་ཚོད་འཛིན་མི་བྱེད་པ་བཅས་བྱེད་སྲིད། འགོག་སྲུང་གི་འདུ་ཤེས་ཇེ་ཞན་དུ་སོང་བའི་ཁར་གནམ་གཤིས་ཀྱི་མངོན་མེད་གནོད་འཚེ་ཐེབས་པས། དུས་སྐབས་འདིར་སྙིང་ལ་གནད་དོན་འབྱུང་ཚད་མང་བ་རེད།
མི་ཚོགས་རིགས་བཞི་ཡིས་དོགས་ཟོན་བྱེད་དགོས།
གཅིག དར་མ་དང་རྒན་པ། ལོ་ན་རྒས་པ་དང་བསྟུན་ནས་ཁྲག་རྩའི་ལྡེམ་ཤུགས་རིམ་བཞིན་ཇེ་ཞན་དུ་འགྲོ་བ་དང་། ཁྲག་རྩ་སྲ་འགྱུར་ནི་ཡོངས་ཁྱབ་ཀྱི་སྣང་ཚུལ་ཞིག་ཡིན། མི་དར་མ་དང་རྒན་པའི་དྲོད་ཚད་དང་བརླན་ཚད་ཀྱི་འགྱུར་ལྡོག་ལ་བཟོད་ཐུབ་ཚད་དམའ་བས། ཚ་གྲང་གི་འགྱུར་ལྡོག་ཅུང་ཙམ་བྱུང་ན་ཁྲག་ཤེད་འཕར་ཆག་དང་སྙིང་འགྲོས་འཁྲུགས་པ་འབྱུང་སྲིད། དེའི་ཁར་ལུས་ཕུང་གི་ནུས་པ་ཇེ་ཞན་དུ་སོང་བ་དང་། རྙིང་ཚབ་གསར་འབྱེད་ཇེ་དལ་དུ་སོང་བ། ཚ་བ་ཆེ་བའི་གནམ་གཤིས་སུ་ཁྲག་གི་འབྱར་ཚད་ཇེ་མཐོར་སོང་བས། དར་མ་དང་རྒན་པ་ནི་སྙིང་དང་ཀླད་པའི་ཁྲག་རྩའི་དོན་རྐྱེན་འབྱུང་མང་བའི་མི་ཚོགས་ཡིན།
གཉིས། རྨང་གཞིའི་ནད་རིགས་ཡོད་པའི་མི་ཚོགས། ཁྲག་ཤེད་མཐོ་བ་དང་ཁྲག་ཚིལ་མཐོ་བའི་ནད། གཅིན་སྙི་ཟ་ཁུའི་ནད། སྙིང་རྩ་རེངས་པའི་ནད། སྙིང་འགྲོས་མི་སྙོམས་པའི་ནད་པ་བཅས་ཀྱི་ཁྲག་རྩ་ལ་མ་གཞི་ནས་གནོད་སྐྱོན་དང་ནད་འགྱུར་བྱུང་ཡོད་པས། སྟོན་མགོ་ཚུགས་རྗེས། ཚ་གདུག་ཆེ་བའི་གནམ་གཤིས་ཀྱིས་ཁྲག་ཇེ་གར་དུ་འགྲོ་བ་དང་ཁྲག་རྩའི་ཁུར་པོ་ཇེ་ཆེར་འགྲོ་བ། ཁྲག་ཤེད་བསྐྱར་འཕར། ཁྲག་ཚིལ་འཕར་འགྱུར། ཏོག་དབྱིབས་ཁྲག་རྩར་ཁྲག་མཁོ་འདོན་རྒྱུན་ལྡན་མིན་པ་བཅས་བྱུང་ནས་ནད་པའི་ནད་གཞི་གློ་བུར་དུ་ཇེ་སྡུག་ཏུ་འགྲོ་བ་དང་། དེ་ནས་སྙིང་ཁམས་མི་བདེ་བ་སྣ་ཚོགས་འབྱུང་སྲིད།
གསུམ། དུས་ཡུན་རིང་པོར་ཙོག་ནས་མཚན་འཁྱོངས་བྱེད་མཁན། མི་མང་པོ་ཞིག་གིས“ལོ་ཚོད་གཞོན་ན་སྙིང་ལ་གནད་དོན་མེད”ཅེས་ངོས་འཛིན་བྱེད་ཀྱི་ཡོད། དེ་ནི་ནོར་འཁྲུལ་ཆེ་ཤོས་ཤིག་རེད། ལས་ཚོགས་སུ་ཞུགས་མཁན་རྣམས་རྒྱུན་དུ་ཡུན་རིང་པོར་ཙོག་ནས་འགུལ་སྐྱོད་མི་བྱེད་པ་དང་། ཁྲག་གི་འཁོར་སྐྱོད་ཇེ་དལ་དུ་འགྲོ་བས། སྙིང་ནི་དུས་ཡུན་རིང་པོར“སྒུལ་ཤུགས་ཆུང་བ་དང་སྦྱོང་བརྡར་ཞན་པའི”རྣམ་པར་གནས་པས། སྙིང་གི་གསོག་འཇོག་ནུས་པ་མུ་མཐུད་དུ་ཇེ་ཞན་དུ་འགྲོ་བཞིན་ཡོད། དེའི་ཁར་རྒྱུན་དུ་མཚན་འཁྱོངས་བྱེད་པ་དང་། ངལ་གསོ་འཁྲུག་པ། བྱ་བའི་གནོན་ཤུགས་ཆེ་བ། སྙིང་ངལ་དུབ་ཀྱི་རྣམ་པར་གནས་པ། ཚ་བ་ཆེ་ཞིང་བརླན་གཤེར་ཆེ་བའི་གནམ་གཤིས་དང་འཕྲད་ཚེ། སྙིང་འཕར་བ་དང་སེམས་འཚབ་པ། བྲང་ཁ་མི་བདེ་བའི་གནས་ཚུལ་འབྱུང་སྲིད།
བཞི། ཚོན་པོ་དང་གཟུགས་གཞི་ཞན་པའི་མི་ཚོགས། མི་ཚོན་པོའི་ཞག་ཚིལ་མཐུག་པ་དང་། ལུས་པོའི་ཚ་སེལ་དལ་བ། ཚ་གདུག་ཆེ་བའི་གནམ་གཤིས་ནང་ལུས་པོའི་དྲོད་ཚད་མཐོ་བ་དང་། ལུས་པོའི་ནུས་ཁུངས་ཟད་གྲོན་ཤིན་ཏུ་ཆེ་བས། སྙིང་གིས་ཐེག་ཚད་ལས་བརྒལ་བའི་ལས་ཀ་མི་བྱེད་ཐབས་མེད་དུ་གྱུར་ཡོད། གཟུགས་གཞི་ཞན་པའི་མི་ཚོགས་ཀྱི་སྙིང་དང་གློ་བའི་ནུས་པ་ཞན་པ་དང་། གསོ་རླུང་མཁོ་འདོན་བྱེད་ནུས་མི་འདང་བ། དབྱར་སྟོན་བརྗེ་རེས་ཀྱི་སྐབས་སུ་གནམ་གཤིས་ཚ་བ་དང་རླུང་གནོན་དམའ་བས། མི་ཚོགས་དེའི་རིགས་ལ་དབུགས་ཐུང་བ་དང་ཤུགས་ཞན་པ་སོགས་ཀྱི་ནད་རྟགས་འབྱུང་སླ་ཞིང་། འགུལ་སྐྱོད་ཅུང་ཙམ་བྱས་ན་སྙིང་གིས་མི་བཟོད་པར་འགྱུར།
སྙིང་ལ་སྲུང་སྐྱོབ་བྱེད་པའི་ཐབས་ཤེས།
ཕྱི་རུ་འགྲོ་སྐབས། དྲོད་ཚད་མཐོ་བའི་དུས་ཚོད(སྔ་དྲོའི་ཆུ་ཚོད10པ་ནས་ཕྱི་དྲོའི་ཆུ་ཚོད16པར)ལས་གཡོལ་གང་ཐུབ་བྱས་ཏེ་ཕྱི་རུ་དུས་ཡུན་རིང་པོར་འགྲོ་བ་དང་ཉི་མ་ཕོག་ཚད་ཇེ་ཉུང་དུ་གཏོང་དགོས། ངེས་པར་དུ་ཕྱི་རུ་འགྲོ་དུས། རླུང་རྒྱུག་པའི་གྱོན་གོས་ལྷོད་པོ་གྱོན་ནས་ཉི་འགོག་ཡག་པོ་བྱེད་དགོས། ཆུ་ཁ་གསབ་བྱེད་པར་ཚད་ཉུང་ཐེངས་མང་བྱེད་དགོས་པ་ལས། ཤུགས་ཆེན་པོས་འཐུང་བ་དང་ཐེངས་གཅིག་ལ་ཆུ་མང་པོ་འཐུང་མི་རུང་། དེའི་རྒྱུ་མཚན་ནི་དུས་ཡུན་ཐུང་ངུའི་ནང་དུ་ཁྲག་གི་ཤོང་ཚད་གློ་བུར་དུ་ཇེ་མཐོར་སོང་ན་སྙིང་གི་ཁྲག་འཐེན་པའི་ཁུར་པོ་ཇེ་ལྕི་རུ་སོང་ནས་སེམས་འཚབ་པ་དང་བྲང་ཁ་མི་བདེ་བའི་སྣང་ཚུལ་འབྱུང་སྲིད། གལ་སྲིད་བྲང་ཁ་མི་བདེ་བ་དང་མགོ་ཡུ་འཁོར་བ། ལུས་ཤུགས་ཞན་པ་སོགས་མི་བདེ་བའི་ནད་རྟགས་བྱུང་ཚེ། མྱུར་དུ་བསིལ་སར་སོང་ནས་ངལ་གསོ་དགོས།
ཁྱིམ་དུ་སྡོད་སྐབས། དྲོད་སྙོམས་འཕྲུལ་ཆས་ཀྱི་དྲོད་ཚད་ཧྲེ་ཧྲི་ཏུའུ26ཡས་མས་སུ་ཚོད་འཛིན་བྱས་ཏེ། ཁང་པའི་ཕྱི་ནང་གི་དྲོད་ཁྱད་ཆེ་དྲགས་ནས་ཁྲག་རྩ་འཁུམ་པར་སྔོན་འགོག་བྱེད་དགོས། དྲོད་སྙོམས་འཕྲུལ་ཆས་ཀྱི་རླུང་སྒོ་བྲང་ཁ་དང་རྒྱབ། མགོ་བཅས་ལ་ཐད་ཀར་གཏད་མི་རུང་། གྲང་རླུང་ཐད་ཀར་ལྡང་ན་ཁྲག་རྩ་འཁུམ་འདུ་དང་ཁྲག་གི་འཁོར་སྐྱོད་མི་བདེ་བ། བྲང་ཁ་མི་བདེ་བ། ཕྲག་པ་ན་བ། སྙིང་མི་བདེ་བ་བཅས་འབྱུང་སླ། ཁང་པའི་སྒོ་དང་སྒེའུ་ཁུང་དུས་ཡུན་རིང་བོར་བརྒྱབ་ན་མཁའ་དབུགས་རྙོག་ཅིང་དབྱང་འདུས་ཚད་དམའ་བས། ཉིན་རེར་དུས་ལྟར་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་རུ་འཇུག་དགོས། གཉིད་པའི་སྐབས་སུ་དྲོད་སྙོམས་འཕྲུལ་ཆས་མཚན་གང་བོར་དྲོད་ཚད་དམའ་བའི་གྲང་བཟོ་རྣམ་པར་གནས་མི་རུང་བར། རླུང་སྐྱེལ་བའམ་དྲོད་ཚད་རྟག་པའི་རྣམ་པའི་ཁ་ཕྱེ་ནས་བྲང་དང་གསུས་པར་སྲུང་སྐྱོབ་བྱེད་དགོས་ལ། མཚན་མོར་གྲང་འཁྱག་དང་ཁྲག་ཤེད་འཕར་ཆག་འབྱུང་བར་གཡོལ་དགོས།
འགུལ་སྐྱོད་བྱེད་སྐབས། སྟོན་མགོ་ཚུགས་རྗེས་ཀྱི་གནམ་གཤིས་ནི་དྲག་ཚད་ཆེ་བའི་འགུལ་སྐྱོད་དང་མི་འཚམ་པ་རེད། འགུལ་སྐྱོད་གང་ཐུབ་ཀྱིས་ནངས་དགོང་བསིལ་མོའི་དུས་སུ་བྱེད་དགོས། འགུལ་སྐྱོད་བྱེད་སྟངས་ནི་དལ་མོར་འགྲོ་བ་དང་། རྐྱང་རྐུམ་བྱེད་པ། ཐའེ་ཅི་དྲག་རྩལ་སོགས་དབྱང་རླུང་ལྡན་པའི་འགུལ་སྐྱོད་གཙོ་བོ་ཡིན་ལ། མགྱོགས་པོར་རྒྱུག་པ་དང་། དྲག་ཚད་ཆེ་བའི་ལུས་སྦྱོང་བྱེད་པ། ལྗིད་ཚད་ཆེ་བའི་སྦྱོང་བརྡར་བྱེད་པ་བཅས་གཏན་འགོག་བྱེད་དགོས། འགུལ་སྐྱོད་བྱེད་པའི་གོ་རིམ་ཁྲོད་དུ་གལ་ཏེ་སེམས་འཚབ་པ་དང་། དབུགས་ཐུང་བ། མགོ་ཡུ་འཁོར་བ། ཐང་ཆད་པ་བཅས་བྱུང་ན་མྱུར་དུ་འགུལ་སྐྱོད་བྱེད་མཚམས་འཇོག་དགོས།
རྒྱུན་ལྡན་མིན་པའི་གནས་ཚུལ་བྱུང་ན་དུས་ཐོག་ཏུ་སྨན་པར་སྟོན་དགོས།
སྙིང་གི་གནད་དོན་ནི་ནམ་ཡང་གློ་བུར་དུ་བྱུང་བ་ཞིག་མིན། དེས་སྔོན་ལ་ཉེན་བརྡ་གཏོང་སྲིད། གཤམ་གྱི་ནད་རྟགས་འདི་དག་བྱུང་ཚེ་ཚབས་ཆེ་ཆུང་གང་ཡིན་རུང་ངལ་གསོ་དང་བརྟག་དཔྱད་ནན་མོ་བྱ་དགོས། གལ་ཏེ་མུ་མཐུད་དུ་ཞི་ལྷོད་དུ་མ་སོང་ན་ངེས་པར་དུས་ཐོག་ཏུ་སྨན་པར་སྟོན་དགོས།
གཅིག ལྷིང་འཇགས་ངང་སྡོད་པའི་གནས་ཚུལ་འོག་ཏུ་བྲང་ཁ་མི་བདེ་བ་དང་སེམས་འཚབ་པ། དབུགས་ཐུང་བ། འགུལ་སྐྱོད་དང་ངལ་དུབ་མེད་ཀྱང་སྔར་བཞིན་བྲང་ཁ་མི་བདེ་བ་དང་དབུགས་གཏོང་ལེན་མི་ཐུབ་པ། འདི་དག་ནི་སྙིང་གི་ཤ་གྲིམ་ལ་ཁྲག་མཁོ་འདོན་མི་འདང་བའི་མཚོན་ཚུལ་ཞིག་ཡིན།
གཉིས། རྒྱུ་རྐྱེན་མི་ཤེས་པར་མགོ་ཡུ་འཁོར་བ་དང་ལུས་ཡོངས་མཉེན་པ། རྔུལ་ཆུ་ཡང་ཡང་བཞུར་བ། སྙིང་གི་ལྡིང་ཚད་གློ་བུར་དུ་མགྱོགས་པ་དང་གློ་བུར་དུ་དལ་བ། སྙིང་འགྲོས་མི་སྙོམས་པ། སྙིང་གི་ཕུམ་ཁྲག་གཏན་འཇགས་མིན་པ་བཅས་ནི་ཀླད་པར་དབྱང་མཁོ་འདོན་བྱེད་པར་ཤུགས་རྐྱེན་ཐེབས་པའི་རྟགས་ཡིན།
གསུམ། བྲང་ཁར་ན་ཟུག་ལངས་པ་དང་། བཙིར་གནོན་གྱི་ཚོར་བ་དང་དབུགས་སིམ་པའི་ཚོར་བ་སྐྱེས་པ། དུས་མཚུངས་སུ་ཕྲག་པ་དང་རྒྱབ། ལག་པ་བཅས་ལ་འགྱེད་འཕྲོ་རང་བཞིན་གྱི་ན་ཟུག་ལངས་པ། འདི་ནི་སྙིང་ལ་ཁྲག་དཀོན་པའི་འགྱེད་འཕྲོ་རང་བཞིན་གྱི་ན་ཟུག་ཅིག་ཡིན་སྲིད།
བཞི། གནམ་གཤིས་ཚ་བ་ཆེ་བའི་སྐབས་སུ་མུ་མཐུད་དུ་དབུགས་འགག་པ་དང་། དབུགས་གཏོང་ལེན་དཀའ་བ། སྙིང་གི་ལྡིང་ཚད་འཁྲུགས་པ། སྒེའུ་ཁུང་ཕྱེ་ནས་རླུང་རྒྱུག་པ་དང་ལྷིང་འཇགས་སུ་བསྡད་ནས་ངལ་གསོ་བྱས་ཀྱང་ལྷོད་འཇགས་སུ་འགྲོ་མི་ཐུབ་པ།
ལྔ། ཁྲག་ཤེད་མཐོ་བ་སོགས་སྙིང་ཁམས་ཁྲག་རྩའི་ནད་པ་དང་ཁྲག་ཚིལ་མཐོ་བ་དང་གཅིན་སྙི་ཟ་ཁུའི་ནད་པ། གལ་ཏེ་ཁྲག་ཤེད་ཡང་ཡང་འཕར་ཆག་བྱུང་བ་དང་། སྙིང་ཕྱོད་གློ་བུར་དུ་མཐོ་ཞིང་གློ་བུར་དུ་དམའ་བ། ཁྲག་མངར་གཏན་འཇགས་མིན་པའི་གནས་ཚུལ་བྱུང་ན། ནད་གཞིར་གནམ་གཤིས་ཀྱི་ཤུགས་རྐྱེན་ཐེབས་ནས་འཕར་ཆག་བྱུང་བ་མཚོན་པས། དུས་ཐོག་ཏུ་དོ་སྣང་བྱེད་དགོས།
སྟོན་མགོ་ཚུགས་རྗེས་སྙིང་ལ་སྲུང་སྐྱོབ་བྱེད་པའི་གནད་འགག་ནི“ལྷོད་གཡེང་མི་བྱེད་པ་དང་། ངར་ཤུགས་མི་བྱེད་པ། སྣང་ཆུང་མི་བྱེད་པ”བཅས་ཡིན། གཅོང་ནད་ཕོག་མཁན་དང་སྤྱིར་བཏང་གི་མི་ཚོགས་གང་ཡིན་རུང་། རྒྱུན་ལྡན་གྱི་བཟའ་བཏུང་དང་ངལ་གསོ། འགྲོ་འོང་། ལུས་རྩལ་བཅས་ཀྱི་ཞིབ་ཕྲའི་གནས་ཚུལ་ལ་དོ་སྣང་བྱས་ནས་ལུས་པོའི་སྔོན་ཚུད་ཉེན་བརྡའི་བརྡ་རྟགས་དུས་ཐོག་ཏུ་ངོས་འཛིན་ཐུབ་ཚེ། དུས་ཚིགས་བརྗེ་བའི་དུས་སྐབས་ལས་བརྒལ་ནས་སྙིང་ཁམས་ཁྲག་རྩའི་བདེ་ཐང་ལ་སྲུང་སྐྱོབ་ཡག་པོ་བྱེད་ཐུབ་བོ། །
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གཡུ་སྒྲོན་མཚོས་བསྒྱུར།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།

青公网安备63252102000006号