ངོས་དང་པོ > དཔེ་གཟིགས། > གསར་པར་དཔེ་དེབ། > དེབ་གསར«སྲིད་པའི་གནས་བདག་དཔའ་ལུང་བ»དཔེ་སྐྲུན་འགྲེམ་སྤེལ་བྱས།
དེབ་གསར«སྲིད་པའི་གནས་བདག་དཔའ་ལུང་བ»དཔེ་སྐྲུན་འགྲེམ་སྤེལ་བྱས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-09-13 08:37:46
ཀློག་གྲངས།:
ཉེ་ཆར། ནོར་བུ་རྒྱལ་དང་རྒྱ་མཚོ་གཉིས་ཀྱིས་སྒྲིག་རྩོམ་བྱས་པའི«སྲིད་པའི་གནས་བདག་དཔའ་ལུང་བ»ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས།
དཔའ་ལུང་ཡུལ་འདིར་བོད་ཀྱི་རིག་གནས་ཕུན་ཚོགས་རྒྱ་ཆེར་དར་བ་དང་། དགའ་ལྡན་གསེར་ཁྲི་རྣམ་པ་བཞིས་མཚོན་པའི་སྐྱེས་ཆེན་དམ་པའང་མང་པོ་འཁྲུངས་མྱོང་། ཡིན་ཡང་དུས་ཀྱི་འགྱུར་ལྡོག་གི་དབང་གིས་ཁྱིམ་རྨོངས་པ་མང་པོས་ས་འདིའི་གནའ་བོའི་ལོ་རྒྱུས་མི་ཤེས་པར་མ་ཟད། ཐ་ན་བོད་པ་ཡོད་མེད་དང་ཡིན་མིན་ལའང་ཐེ་ཚོམ་ཟ་བའི་གནས་སུ་གྱུར་འདུག་པས། རང་ས་བྲག་རི་ཡིན་ཡང་བརྐོ་དགོས། རང་སྐལ་རུས་པ་ཡིན་ཡང་བཏོག་དགོས་ཟེར་བའི་དཔེ་ལྟར། དེ་ལྟའི་ཡིད་སྐྱོ་ལ་སེམས་སྨྲེང་བའི་དོན་ལ་འདུག་མ་བཟོད་པར་མ་བསྐུལ་དང་བླངས་ཀྱིས་རང་བྲོ་ཁུག་མ་བྱས་ཏེ་ཡུལ་སྡེ་སོ་སོར་དངོས་སུ་སོང་སྟེ་ལོ་རྒྱུས་དང་། བཅའ་ཡིག དཀར་ཆག ཐང་གའི་རྒྱབ་བྱང་ཚུན་ཆད་རྩར་བཅད་ནས་ས་བོན་མང་པོ་བསགས་པ་དང་། སྐྱེས་ཆེན་དམ་པ་མང་པོའི་རྣམ་ཐར་དང་ས་གནས་ལོ་རྒྱུས། དཔྱད་རྩོམ། རྒན་མང་གི་ངག་སྒྲོས་ལས་འགངས་གང་ཆེ་དག་ཕྱོགས་བསྡུས་བྱས་ཏེ། ལོ་ངོ་དུ་མའི་ཚེགས་གང་བྱུང་ལ་མ་འཛེམ་པར་རང་ནུས་ཅི་ལྕོགས་ཀྱིས་རྩོལ་བ་གང་ཐོན་བྱས་ནས་སྲིད་པའི་གནས་བདག་དཔའ་ལུང་བ་ཞེས་པ་ལེགས་གྲུབ་བྱུང་བར། ས་གནས་ལོ་རྒྱུས་ཀྱི་སྟོང་ཆ་ཁ་སྐོང་བཏུབ་པའི་དཔྱད་གཞིའི་རྒྱུ་ཆ་གལ་ཆེན་ཞིག་ཏུ་འགྱུར་དཀའ་རུང་། ཕྱིས་སུ་ས་གནས་ལོ་རྒྱུས་བསྐྱར་དུ་འབྲི་བ་ལ་མེད་དུ་མི་རུང་བའི་རྒྱུ་ཆ་ཞིག་ཏུ་གྱུར་པ་བསྙོན་དུ་མེད།
དེབ་ཀྱི་དཀར་ཆག
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།