ངོས་དང་པོ > དཔེ་གཟིགས། > གསར་པར་དཔེ་དེབ། > «ང་ཁྱོད་ལ་དགའ། —མཛའ་བརྩེའི་གཏམ་རྒྱུད་རིས་དེབ»ཅེས་པ་པར་སྐྲུན་འགྲེམ་སྤེལ་བྱས།
«ང་ཁྱོད་ལ་དགའ། —མཛའ་བརྩེའི་གཏམ་རྒྱུད་རིས་དེབ»ཅེས་པ་པར་སྐྲུན་འགྲེམ་སྤེལ་བྱས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2025-12-05 08:46:02
ཀློག་གྲངས།:
བྱིས་པར་མཛའ་བརྩེའི་འཚོ་བཅུད་ལེགས་བསྩལ་ནས། །
མི་ཚེ་ཧྲིལ་བོ་འོད་ཀྱིས་ཁྱབ་པར་མཛོད། །
བྱིས་པར་འབྲེལ་འདྲིས་གནད་ཀུན་གསལ་བསྟན་ནས། །
སེམས་ཁོང་བརྩེ་བའི་སྟོབས་ཀྱིས་ཁེངས་པར་མཛོད། །
མི་ཚེ་ཧྲིལ་བོ་འོད་ཀྱིས་ཁྱབ་པར་མཛོད། །
བྱིས་པར་འབྲེལ་འདྲིས་གནད་ཀུན་གསལ་བསྟན་ནས། །
སེམས་ཁོང་བརྩེ་བའི་སྟོབས་ཀྱིས་ཁེངས་པར་མཛོད། །
ཉེ་ཆར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས«ང་ཁྱོད་ལ་དགའ། —མཛའ་བརྩེའི་གཏམ་རྒྱུད་རིས་དེབ»ཅེས་པ་པར་སྐྲུན་འགྲེམ་སྤེལ་བྱས།

དཔེ་ཚོགས་འདིར་ཁྱོན་དེབ་བརྒྱད་ཡོད་ལ། དོམ་རྒན་ཞིག་དང་ཙི་གུ་ཞིག་བར་གྱི་དགོད་བྲོ་བའི་མཛའ་བརྩེའི་གཏམ་རྒྱུད་དག་གོང་བུར་བསྒྲིགས་ཤིང་བརྗོད་སྙིང་དུ་བཟུང་ཡོད། བྱིས་པ་ནར་སོན་པའི་བརྒྱུད་རིམ་ཁྲོད་གྲོགས་པོ་སྣ་ཚོགས་ཤིག་དང་འཕྲད་སྲིད་པས། ཅི་ལྟར་གྲོགས་པོ་དང་འབྲེལ་འདྲིས་བྱེད་པ་དང་། འགལ་ཟླ་ཆུང་ངུ་དང་རྩོད་གཞི་ཆུང་ངུའི་རིགས་སོགས་ཅི་ལྟར་ཐག་གཅོད་བྱེད་རྒྱུ་དེའང་ནར་སོན་པའི་ལོ་ཟླའི་ཁྲོད་ནས་ངེས་པར་དུ་སློབ་སྦྱོང་བྱེད་དགོས་པའི་མི་ཚེའི་བླང་བྱ་གལ་ཆེན་ཞིག་ཡིན། རིས་དེབ་འདི་བཀླགས་ན་ལོ་ཆུང་བྱིས་པ་ཚོའི་བློ་རིག་དང་འཇོན་ནུས་གོང་དུ་འཕེལ་ངེས་ཤིང་། མཛའ་བརྩེའི་དོན་སྙིང་གལ་ཆེན་དེ་རང་བཞིན་སྒོས་རྟོགས་ནས་བརྩེ་བ་དང་། བྱམས་པ། དགེ་སེམས་སོགས་ཀྱི་སྤྱོད་ལམ་ཡག་པོ་དག་རྒྱུད་ལ་འབྱོར་ངེས་ཡིན།

དེ་ཡང་། རིས་དེབ་འདི་ནི2019ལོར་རྒྱལ་ནང་དུ་ཤུགས་རྐྱེན་ཆེ་ཞིང་ཆེས་དགའ་བསུ་ཐོབ་པའི་རིས་དེབ་ཅིག་སྟེ། རྩོམ་མཁན་ཀུང་རུའུ་ཕིང་ལ་པིང་ཞིན་བྱིས་པའི་རྩོམ་རིག་བྱ་དགའ་སོགས་རྒྱལ་ཁབ་ཕྱི་ནང་གི་བྱ་དགའ་ཆེ་ཤོས་མང་པོ་ཐོབ་མྱོང་ལ། བྱིས་པ་གཉིས་ཀྱི་ཨ་མ་ཞིག་ཡིན་པའི་ཆ་ནས། མོས་བྱིས་པའི་སེམས་ཁམས་དང་འདོད་མོས་གཙིགས་སུ་བཟུང་སྟེ་བྱིས་པའི་གཏམ་རྒྱུད་གསར་རྩོམ་གནང་བར་ཀློག་མཁན་ཆུང་ཆུང་ཚོའི་ཡིད་དབང་ཅིག་ཅར་དུ་འགུག་ནུས་པའི་ཁྱད་ཆོས་ལྡན་པ་དང་། རི་མོར་མཚོན་ནའང་གསོན་ཉམས་ལྡན་ཞིང་ཡིད་དུ་འོང་བས་བྱིས་པ་ཚོར་བདེ་སྐྱིད་ཀྱི་དྲོད་ཁོལ་དང་སྒྱུ་རྩལ་གྱི་རོ་ཉམས་ཤིག་ཇི་བཞིན་དུ་སྩོལ་ཐུབ།

གཞན་དཔེ་ཚོགས་འདིའི་འགྱུར་ལེགས་ཤིང་བོད་སྐད་ཀྱི་ཆོས་ཉིད་དང་བསྟུན་ཅི་ཐུབ་བྱས་ཡོད་པས། སློབ་ཆུང་རིམ་པའི་སློབ་མ་ཚོར་ཤིན་ཏུ་འཚམ་ལ། ཡང་ན་ཡིག་ངོ་དེ་ཙམ་མི་ཆོད་པའི་ན་ཆུང་བྱིས་པ་ཚོས་ཕ་མ་དང་མཉམ་པོར་བཀླགས་ཚེ་རྒྱུད་ལ་འཇགས་སླ་བ་སོགས་ཀྱི་ཁྱད་ཆོས་ཀུན་ནས་ལྡན་ནོ། །

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།







青公网安备63252102000006号