ངོས་དང་པོ > སྐབས་དོན། > སྐབས་བབ་སྲིད་དོན། > ལིས་ཀང་དང་ཀརྨ་ཕུན་ཚོགས་ཀྱིས་ཏང་སྲིད་འཐུས་མི་ཚོགས་པ་ཁྲིད་དེ་ཅང་སུའུ་རུ་སློབ་སྦྱོང་དང་རྟོག་ཞིབ་གནང་།
ལིས་ཀང་དང་ཀརྨ་ཕུན་ཚོགས་ཀྱིས་ཏང་སྲིད་འཐུས་མི་ཚོགས་པ་ཁྲིད་དེ་ཅང་སུའུ་རུ་སློབ་སྦྱོང་དང་རྟོག་ཞིབ་གནང་།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར།
དུས་ཚོད།:2022-07-04 15:45:11
ཀློག་གྲངས།:
ཟླ་པའི༦པའི་ཚེས༢༤ནས་ཚེས༢༧ཉིན་བར་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྐོར་ཁག་བཞི་བ་དང་ལྔ་བའི་ལས་བྱེད་པ་དང་ཤེས་ལྡན་མི་སྣས་ཕན་ཚུན་བརྗེ་རེས་དང་འབྲེལ་མཐུད་བྱེད་པའི་མཚམས་སུ། ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱིས་མཚོ་ལྷོ་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་འཁོར་དང་བཅས་པར་ཁྲིད་དེ་ཅང་སུའུ་ཞིང་ཆེན་དུ་སློབ་སྦྱོང་དང་རྟོག་ཞིབ་ཏུ་སོང་ནས་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པར་བརྩོན་ལེན་བྱས་ཏེ། ཤར་ནུབ་རོགས་འདེགས་དང་ཁ་གཏད་རོགས་སྐྱོར་གྱི་ལས་དོན་ལ་དངོས་སྒྲུབ་མཉམ་ལས་བྱས་ནས་སྔར་ལས་ལྷག་པའི་སྒོ་ནས་གྲུབ་འབྲས་བཟང་བོ་ལེན་རྒྱུར་སྐུལ་འདེད་བཏང་།

ཟླ༦པའི་ཚེས༢༤ཉིན། ཅང་སུའུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཀྲེང་ལུང་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞུས་ཁུན་ལིན་གྱིས་འཐུས་མི་ཚོགས་པར་མཇལ་འཕྲད་གནང་ཞིང་། ཝུའུ་ཀྲེང་ལུང་དང་ཞུས་ཁུན་ལིན་གྱིས་མཚོ་ལྷོ་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་འཁོར་དང་བཅས་པ་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་ཏུ་ཕེབས་པར་དགའ་བསུ་ཞུས་པ་དང་། མཚོ་ལྷོ་ཁུལ་གྱི་ཉེ་བའི་ལོ་འགའི་རིང་གི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་གྲུབ་འབྲས་གསར་བ་བླངས་པར་རྟེན་འབྲེལ་ཞུས་པ་ཟད། མཚོ་སྔོན་ཞིང་ཆེན་དང་མཚོ་ལྷོ་ཁུལ་ཏང་ཨུའི་སྲིད་གཞུང་གིས་ཅང་སུའུ་རོགས་སྐྱོར་མངགས་གཏོང་གི་ལས་བྱེད་པ་དང་ཤེས་ལྡན་མི་སྣར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།
ཝུའུ་ཀྲེང་ལུང་གིས་ད་ལོ་ནས་བཟུང་ཅང་སུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི“རིམས་ནད་སྔོན་འགོག་དང་དཔལ་འབྱོར་བརྟན་པོ་ཡོང་བ། འཕེལ་རྒྱས་བདེ་འཇགས་ཡོང་བ”བཅས་ཀྱི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཚུལ་ངོ་སྤྲོད་གནང་རྗེས། ཤར་རྒྱུད་དང་ནུབ་རྒྱུད་བར་ལ་རོགས་འདེགས་དང་ཁ་གཏད་རོགས་སྐྱོར་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གིས་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་དང་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་སྐུལ་སྤེལ་གཏོང་བར་དམིགས་ནས་གྲོས་ཐག་བཅད་པ་ཞིག་ཡིན་པས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མངོན་པར་མཚོན་ཡོད། ཅང་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་དང་མཚོ་ལྷོ་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་ང་ཚོར་སྤྲད་པའི་གཟི་བརྗིད་ཀྱི་ལས་འགན་ཞིག་དང་ཅང་སུའུ་ཡི་དོར་ཐབས་མེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་རེད། ལོ་མང་པོའི་རིང་དུ། ཅང་སུའུ་ཡིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་མཚོ་སྔོན་གྱི་མི་དམངས་དང་མཉམ་དུ་ལག་གདང་གཅིག་ཏུ་སྦྲེལ་ཏེ་སྐྱིད་སྡུག་མཉམ་མྱོང་བྱས་པས་ཁྱིམ་ཚང་གཅིག་ལྟར་མཛའ་བའི་བརྩེ་སེམས་ཆགས་ཡོད། ཐེངས་འདིར་མཚོ་ལྷོ་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་རང་ཞིང་དུ་རྟོག་ཞིབ་བྱེད་པར་ཡོང་ནས་ཁ་གཏད་རོགས་སྐྱོར་གྱི་མཉམ་ལས་བྱ་བར་ཐུན་མོང་ཐོག་གྲོས་བསྡུར་དང་འབྱུང་འགྱུར་འཕེལ་རྒྱས་ཀྱི་ཇུས་ཆེན་ཐུན་མོང་ཐོག་གྲོས་བསྡུར་བྱས་པ་དེ་ས་ཁུལ་གཉིས་ཀྱི་མཛའ་བརྩེ་ཟབ་མོ་ལེགས་པར་མངོན་ཡོད་ལ། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས“ཡོངས་ཁྱབ་གཉིས”བློ་ལ་འཆང་བ་དང་། “རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་ངེས་པ། ཆབ་སྲིད་ཀྱི་འགན་འཁྲི་དང་ཕུགས་ཕན་གྱི་བརྩེ་སེམས་ཟབ་མོ་བཅངས་ནས་ཤར་ནུབ་རོགས་འདེགས་དང་ཁ་གཏད་རོགས་སྐྱོར་གྱི་ལས་དོན་མུ་མཐུད་དུ་ཡག་པོ་བསྒྲུབ་རྒྱུ་ཡིན་ལ། ཕྱོགས་གཉིས་པོས་རང་རང་སོ་སོའི་ལེགས་ཆ་འདོན་སྤེལ་བྱས་ཏེ་ཐཱན་ཉུང་དུ་གཏོང་བ་དང་ལྗང་མདོག་ནུས་ཁུངས་གསར་སྤེལ་བྱེད་པ། ནུབ་གློག་ཤར་སྐྱེལ་དང་ཐོན་ལས་མཉམ་འབྲེལ། གྲོང་གསེབ་དར་སྤེལ། ཤེས་ལྡན་མི་སྣ་སྤེལ་རེས་བྱེད་པ་སོགས་ཕྱོགས་གང་ཅིའི་ཐད་ནས་མཉམ་འབྲེལ་བྱས་ནས། ཐུན་མོང་ཐོག་ཕྱུག་འགྱུར་ལ་སྐུལ་འདེད་བཏང་ནས་ས་གནས་ཀྱི་མཉམ་འབྲེལ་ལས་གཞི་སྐས་རིམ་གསར་བ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་སྟེ་མང་ཚོགས་ལ་སྔར་ལས་བདེ་སྐྱིད་བསྐྲུན་པ་དང་ཐུན་མོང་ཐོག་དུས་རབས་གསར་བའི་འཕེལ་རྒྱས་ཀྱི་ལེའུ་གསར་བ་རྩོམ་པ། རྒྱལ་ཡོངས་ཀྱི་འཕེལ་རྒྱས་དང་ལག་གདང་གཅིག་ཏུ་སྦྲེལ་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་བ་རྒྱལ་ཁའི་ངང་འཚོགས་རྒྱུར་བསུ་མ་བྱ་དགོས། ཞུས་ཁུན་ལིན་གྱིས་ཁ་གཏད་རོགས་སྐྱོར་ལས་དོན་ལ་ཁྱོན་ཡོངས་ནས་ཕྱོགས་སྡོམ་དང་གདེང་འཇོག་བྱས་ཏེ་མཚོ་ལྷོ་ཁུལ་གྱིས་བཏོན་པའི་རེ་བ་ལ་ལན་བཏབ་པ་སྟེ། རོགས་སྐྱོར་མཉམ་ལས་ནི་ཀྲུང་དབྱང་གིས་ཅང་སུའུ་ལ་སྤྲད་པའི་ལས་འགན་གལ་ཆེན་ཞིག་ཡིན་ལ། དེ་ནི་ཅང་སུའུ་ཡིས་དོར་ཐབས་མེད་པའི་འགན་འཁྲི་ཞིག་ཀྱང་ཡིན་པས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་བ་འཚོགས་ཚུན་དུ། ཅང་སུའུ་ཞིང་ཆེན་གྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་སྔ་གཞུག་ཏུ་སྐོར་ཁག༤བའི་རོགས་སྐྱོར་ལས་བྱེད་པ༩༡དང་ཆེད་ལས་ཤེས་ལྡན་མི་སྣ༨༥༠འདེམས་གཏོང་བྱས་པ་དང་། རོགས་སྐྲུན་མ་དངུལ་སྒོར་དུང་ཕྱུར༣༠ཙམ་བཏང་ནས་རོགས་སྐྲུན་ལས་གཞི༣༥༡ལག་བསྟར་བྱས་པ་དང་། མི་ཁྲི༢.༡༢ལ་གསོ་སྦྱོང་བྱས་ཏེ་ས་གནས་གཉིས་ཀྱི་བར་ལ་འཚམས་འདྲི་དང་མི་ཐེངས་ཁྲི༡.༠༦ལྷག་ཙམ་སྤེལ་རེས་བྱས་པས་མཚོ་ལྷོའི་སྤྱི་ཚོགས་དཔལ་འབྱོར་གྱི་འཕེལ་རྒྱས་ལ་སྐུལ་མ་ཐེབས་ཡོད་ཅིང་། རོགས་སྐྱོར་མཉམ་ལས་ཀྱི་མགོ་འཛུགས་ས་གསར་བའི་ཐོག་ཅང་སུའུ་དང་མཚོ་ལྷོས་བྱེད་སྟངས་དེ་བས་མང་བ་འཚོལ་ཞིབ་དང་། ཐོན་ལས་མཉམ་ལས་དེ་བས་མང་པོ་བྱེད་པ། རིག་གནས་དང་ཡུལ་སྐོར་སྤེལ་རེས་དེ་བས་གཏིང་ཟབ་ཏུ་གཏོང་བ། ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ས་ཆ་གཞན་དུ་མཉམ་འགུལ་དང་ཐོན་ཁུངས་མཉམ་སྤྱོད། ལེགས་ཆ་གསབ་རེས་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱ་དགོས།

ལིས་ཀང་དང་ཀརྨ་ཕུན་ཚོགས་རྣམ་གཉིས་ཀྱིས་ཅང་སུའུ་ཡིས་དུས་ཡུན་རིང་བོའི་ནང་དུ་བརྩེ་སེམས་ཆེན་པོས་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཅང་སུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅིས་གནང་བའི་བཀའ་མངགས་ཡིད་ལ་བརྟན་པོར་བཅངས་ཏེ“མིག་དཔེ་སྟོན་པར་བརྩོན་ལེན་དང་ལག་ལེན་བྱེད་པར་བརྩོན་ལེན། མདུན་གྲལ་དུ་བསྐྱོད་པར་བརྩོན་ལེན”ཞེས་པར་དམ་པོར་དམིགས་ནས“ཕྱུག་འགྱུར་ལེགས་ཚོགས”ཀྱི་ཅང་སུའུ་ཡི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཐད་ལ་གྲུབ་འབྲས་གསར་བ་བླངས་པར་རྟེན་འབྲེལ་ཞུས་པ་དང་། ད་ལོ་བཟུང་མཚོ་ལྷོའི་སྤྱི་ཚོགས་དཔལ་འབྱོར་གྱི་འཕེལ་རྒྱས་དང་དྭངས་གཙང་ནུས་རྒྱུའི་ཐོན་ལས་ཀྱི་འཕེལ་རྒྱས་གནས་ཚུལ་གཏིང་ཟབ་པའི་སྒོ་ནས་ངོ་སྤྲོད་བྱས་པ་བརྒྱུད་ཅང་སུའུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རོགས་སྐྱོར་བྱ་རྒྱུའི་སྐོར་གྱི་མཛུབ་སྟོན་དང་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་མི་སྣའི་ནུས་པ་འདོན་སྤེལ་གང་ལེགས་དང་རོགས་སྐྱོར་མཉམ་ལས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བར་གྲུབ་འབྲས་སྔ་ལས་ཆེ་བ་ཐོབ་ཡོད་ལ། ཅང་སུའུ་ཞིང་ཆེན་གྱིས་མཚོ་སྔོན(མཚོ་ལྷོ)གྱི་ཐཱན་ཉུང་ལྗང་མདོག་ཐོན་ལས་གླིང་དང་ནུས་རྒྱུ་གཙང་མའི་ཐོན་ལས་སྦྲེལ་ཐག་གི་ཁ་གསབ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ། གཞི་གྲངས་ཆེན་མོའི་རྩིས་གྲངས་ཐོན་ལས་སོགས་འཛུགས་སྐྲུན་བྱེད་པ་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་ནས་མཚོ་ལྷོའི་སྤྱི་ཚོགས་དཔལ་འབྱོར་དེ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད་པ་དང་། དེ་མིན་ཅང་སུའུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་གདན་དྲངས་ནས་མཚོ་ལྷོ་ཁུལ་གྱི་ལས་དོན་ལ་རྟོག་ཞིབ་དང་མཛུབ་ཁྲིད་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་རོགས་འདེགས་མཉམ་ལས་བྱེད་དགོས་པར་བསྟན་པ་རེད།

ཟླ༦པའི་ཚེས༢༥ཉིན་ནས་ཚེས༢༧ཉིན་བར། འཐུས་མི་ཚོགས་པ་སུའུ་ཀྲོའུ་དང་ཁྲང་ཀྲོའུ། ནན་ཐུང་སོགས་ས་ཆར་ཕེབས་ནས་ས་ཁུལ་གསུམ་གྱི་ཏང་ཨུ་དང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ་ལ་མཇལ་འཕྲད་གནང་བ་དང་། ས་གནས་གསུམ་གྱིས་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁ་གཏད་རོགས་སྐྱོར་བྱས་ཚུལ་དང་མཚོ་ལྷོའི་འཕེལ་རྒྱས་ཀྱི་རྣམ་པ་ཁྱོན་ཡོངས་ནས་ངོ་སྤྲོད་བྱས་པ་བརྒྱུད་མཉམ་ལས་བརྗེ་རེས་དང་ཐོན་ལས་གོང་སྤེལ། ཤེས་ལྡན་མི་སྣ་གསོ་སྐྱོང་བཅས་ལ་དམིགས་ནས་ཐུག་འཕྲད་གྲོས་མོལ་གང་ལེགས་བྱས་པ་རེད། སུའུ་ཀྲོའུ་བཟོ་ལས་གླིང་དང་ཁྲང་ཀྲོའུ་ཝན་པང་གྲངས་འཛིན་ནུས་ཁུངས་མ་རྐང་ཚད་ཡོད་ཀུང་ཟི། ཐེན་ཧོ་འོད་ནུས་མ་རྐང་ཚད་ཡོད་ཀུང་ཟི། ནན་ཐུང་གྲོང་ཁྱེར་གྱི་རོའུ་ཏུང་དབྱང་ཁོའུ་རྩེར་སོན་སྒྲིག་ཆས་བཟོ་སྐྲུན་ཐོན་ལས་གླིང་།(རླུང་གློག་ཐོན་ལས་གླིང་།)ཅང་སུའུ་ཅིའུ་ཏིང་རླུང་གློག་སྒྲིག་ཆས་བཟོ་སྐྲུན་ཚད་ཡོད་ཀུང་ཟི་སོགས་ལ་བསྐྱོད་ནས་རྟོག་ཞིབ་བྱས། ས་ཁུལ་གསུམ་གྱི་གླིང་ཁུལ་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་ཉམས་མྱོང་བྱེད་སྟངས་ལ་ནན་ཏན་གྱིས་སློབ་སྦྱོང་བྱེད་པ་དང་འབྲེལ་ནས་འབྲེལ་ཡོད་ཀྱི་ལས་དོན་ཐད་སྔར་བཞིན་མཉམ་ལས་བྱེད་པའི་བསམ་ཕྱོགས་གཅིག་ཏུ་གྲུབ།

ཁྲང་ཀྲོའུ་དང་སུའུ་ཀྲོའུ། ནན་ཐུང་བཅས་གྲོང་ཁྱེར་གསུམ་གྱི་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་གཙོ་བོས་ཉེ་བའི་ལོ་ཤས་རིང་དུ་མཚོ་ལྷོས་ཁྱོན་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་དང་ནུས་ཁུངས་གཙང་མ་གོང་སྤེལ། སྐྱེ་ཁམས་བརྟན་ལྷིང་སྲུང་སྐྱོང་བཅས་བྱས་པའི་ལས་དོན་དང་གྲུབ་འབྲས་ལ་གདེང་འཇོག་བྱས་པ་མ་ཟད། མཚོ་ལྷོའི་ནུས་རྒྱུ་གཙང་མའི་ཐོན་ལས་དང་དམངས་འཚོའི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོན་པོའི་སྒོ་ནས་དོ་ཁུར་བྱས། གོམ་གང་མདུན་སྤོས་ཀྱིས་རོགས་སྐྱོར་མཉམ་ལས་བྱེད་པའི་ཆབ་སྲིད་ཀྱི་ལས་འགན་དང་ཁག་བགོས་དོན་གནད། སྒྲུབ་དགོས་ངེས་ཀྱི་འགན་འཁྲི་བཅས་སྔར་ལས་དོན་འཁྱོལ་བྱས་ཏེ་མཚོ་ལྷོའི་དགོས་མཁོ་དངོས་ལ་དམིགས་ནས་རོགས་སྐྱོར་མཉམ་ལས་བྱེད་པའི་ལམ་སྲོལ་འཐུས་ཇེ་ཚང་དུ་བཏང་ནས་སློབ་གསོ་དང་སྨན་བཅོས། ཤེས་ལྡན་མི་སྣ་བཅས་ལ་རོགས་སྐྱོར་ཡག་པོ་བྱེད་པའི་རྨང་གཞིའི་ཐོག་མཚོ་ལྷོས་དྭངས་གཙང་ནུས་རྒྱུའི་ཐོན་ལས་ཀྱི་སྦྲེལ་ཐག་ལེགས་པར་བཏོད་པ་དང་ལྗང་མདོག་ཐོན་ལས་གླིང་མགྱོགས་མྱུར་ངང་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱས་ནས་མཚོ་ལྷོའི་ཐོན་ལས་ཀྱི“ས་ཁུལ་བཞིའི”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན།

རྟོག་ཞིབ་བྱེད་པའི་སྐབས་སུ། འཐུས་མི་ཚོགས་པ་ཆེད་མངགས་ཅང་ཉིང་སློབ་འབྲིང་དུ་བསྐྱོད་དེ་མཚོ་ལྷོ་མི་རིགས་འཛིན་གྲྭའི་དགེ་སློབ་དང་མཉམ་དུ་བཞུགས་མོལ་བགྲོ་གླེང་གནང་བ་དང་། མཚོ་ལྷོའི་སློབ་གསོའི་འཕེལ་རྒྱས་ཀྱི་ཐད་ལ་མཐུན་རྐྱེན་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། མཚོ་ལྷོའི་སློབ་མར་དྲིན་ཚོར་བསམ་པ་དང་སློབ་གྲྭར་དགའ་ཞེན་བྱེད་པ། དགེ་རྒན་ལ་བརྩི་བཀུར་དང་སློབ་སྦྱོང་ལ་ནན་ཏན་བྱས་ཏེ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བ་བཅས་བྱས་ནས་སྐར་ཆ་རེ་རེར་གཅེས་སྤྲས་ཀྱིས་རང་ཉིད་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་ཕ་མའི་ལ་རྒྱ་བརྩོན་ལེན་དང་ཕ་ཡུལ་གྱི་གཟི་བརྗིད་བརྩོན་ལེན་བྱེད་དགོས་པའི་སྐོར་ནས་སྐུལ་མ་གནང་བ་རེད། དེ་མིན་ནན་ཐུང་གྲོང་ཁྱེར་དུ་ཁྲི་ཀ་རྫོང་རིག་གནས་ཡུལ་སྐོར་དང་ཞིང་ཕྱུགས་ཐོན་རྫས་འོས་སྦྱོར་བྱེད་པའི་ཚོགས་འདུར་ཞུགས་ནས་ཁྲི་ཀ་རྫོང་དང་ནན་ཐུང་ཚན་རྩལ་ལས་རིགས་སློབ་གླིང་། ནན་ཐུང་ཅ་ཧུའེ་སྣུམ་ཚིལ་བཟའ་བཅའ་ཚད་ཡོད་ཀུང་ཟི། ནན་ཐུང་གྲོང་ཁྱེར་ཡུལ་སྐོར་ལས་དོན་མཐུན་ཚོགས། ནན་ཐུང་རི་ལྔ་ཡུལ་སྐོར་འཕེལ་རྒྱས་ཚད་ཡོད་ཀུང་ཟི། ཅང་སུའུ་ཧན་ཐུང་ཚོགས་པ། ཤང་ཀང་ཕིན་ཧྲེང་ཚོགས་པ་བཅས་ཀྱི་བར་དུ་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད།

ཀྲང་ཧྥུན་དང་ཁྲེན་མིང་། དགེ་འདུན་རྒྱལ་བཅས་འབྲེལ་ཡོད་ཀྱི་བྱེད་སྒོར་ཞུགས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།