ངོས་དང་པོ > སྐབས་དོན། > སྐབས་བབ་སྲིད་དོན། > ཀརྨ་ཕུན་ཚོགས་རྒྱལ་ཁབ་ནུས་ཁུངས་ཅུའུ་དང་འབྲེལ་ཡོད་ཁེ་ལས་སུ་སོང་ནས་བྱ་བར་འབྲེལ་མཐུད་བྱས།
ཀརྨ་ཕུན་ཚོགས་རྒྱལ་ཁབ་ནུས་ཁུངས་ཅུའུ་དང་འབྲེལ་ཡོད་ཁེ་ལས་སུ་སོང་ནས་བྱ་བར་འབྲེལ་མཐུད་བྱས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་ཚགས་པར།
དུས་ཚོད།:2022-08-04 21:42:03
ཀློག་གྲངས།:
ཉེ་སྔོན། ཁུལ་ཨུའི་ཧྲུའུ་ཅུའུ་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱིས་ཁུལ་སྲིད་གཞུང་གི་འབྲེལ་ཡོད་མགོ་ཁྲིད་ཀྱི་སྣེ་ཁྲིད་དེ་རྒྱལ་ཁབ་ནུས་ཁུངས་ཅུའུ་ནུས་ཁུངས་གསར་བ་དང་སླར་སྐྱེ་ཐུབ་པའི་ནུས་ཁུངས་སི་ལ་འབྲེལ་ཡོད་བྱ་བ་སྙན་ཞུ་དང་འབྲེལ་མཐུད་བྱས་ཤིང་། ཕྱོགས་གཉིས་ཀས་རྒྱལ་ཡོངས་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་བསྐྲུན་པ་དང་། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་རྟེན་གཞིའི་ལས་གཞི་ཆེན་པོ་ལག་བསྟར། ནུས་ཁུངས་གཙང་མའི་ཁྱབ་ཁོངས་ཀྱི“ཐོན་སློབ་ཞིབ་གསུམ”ཟུང་འབྲེལ་བྱེད་པར་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་གྲོས་མོལ་བྱས། ཀརྨ་ཕུན་ཚོགས་སྔ་རྗེས་སུ་པེ་ཅིན་ལྗང་མདོག་ཉོ་ཚོང་ཚད་ཡོད་ཀུང་ཟི་དང་ཀྲུང་ཀོན་ཚུན་ཚན་རིག་གྲོང་ཁྱེར་ཀླད་ཆེན་མ་རྐང་ཚད་ཡོད་ཀུང་ཟི། པེ་ཅིན་འཕུར་བསྐྱོད་ཧེང་ཧྥེང་ཚན་རྩལ་མ་རྐང་ཚད་ལྡན་ཀུང་ཟི་བཅས་སུ་སོང་ནས་རྟོག་ཞིབ་གནང་།

ཀརྨ་ཕུན་ཚོགས་ཀྱིས་རྒྱལ་ཁབ་ནུས་ཁུངས་ཅུའུ་ཡིས་དུས་ཡུན་རིང་པོའི་ནང་དོ་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་ནས་ཐུགས་རྗེ་ཆེ་ཞུས་པ་རེད།ཁོང་གིས་མཚོ་ལྷོ་ཁུལ་ནི་མཚོའི་ངོས་ལས་མཐོ་བ་དང་། མཁའ་རླུང་གཙང་བ། ཉི་འོད་འདང་བ། འགྱེད་འཕྲོ་ཆེ་བ། ཉི་ནུས་དང་རླུང་ནུས་ཐོན་ཁུངས་ཕུན་སུམ་ཚོགས་པ་བཅས་ཡོད་པ་དང་། ལོ་བཅུའི་རིང་འབད་བརྩོན་ཆེན་པོས་གསར་འཛུགས་བྱས་པའི་སྟོང་ཝ་བྱེ་བ་རིམ་པའི་ནུས་ཁུངས་གསར་པའི་རྟེན་གཞི་དེ་འོད་ཤུགས་དང་འོད་ནུས། རླུང་ནུས། སྒྲིག་ཆས་བཟོ་སྐྲུན། གློག་ཤུགས་ཀྱི་རྨང་གཞིའི་སྒྲིག་བཀོད་རིག་ནུས་ཅན་གྱི་སྐྱེལ་འདྲེན་བཅས་གཞི་གཅིག་ཏུ་འདུས་པའི་འཛམ་གླིང་ཡོངས་ཀྱི་གཅིག་བསྡུས་ཡུག་འབྲེལ་དང་གཅིག་གྱུར་གསར་སྤེལ་གྱི་ཕྱོགས་བསྡུས་དཔེ་སྟོན་གླིང་གསར་སྤེལ་བྱས་ཏེ། རླུང་དང་འོད། ཆུ། ས་འོག་ཚ་ནུས། ནུས་གསོག་བཅས“ཕྱོགས་ལྔ་གཞི་གཅིག”གི་ནུས་ཁུངས་གཙང་མ་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་རགས་ཙམ་ཆགས་ཡོད། རྗེས་ཕྱོགས་རྒྱལ་ཁབ་ནུས་ཁུངས་ཅུའུ་ཡིས་ལས་རིགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་མཚོ་ལྷོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་བཞིན་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པ་དང་། མཚོ་ལྷོ་ཁུལ་གྱི་ཐོན་ཁུངས་ཀྱི་ལེགས་ཆ་སྔོག་འདོན་གཏིང་ཟབ་བྱས་ནས“འོད་ཧྥུའུ+སྐྱེ་ཁམས+འབྲོག་ལས+དམངས་འཚོ+ཡུལ་སྐོར”བཅས་ཀྱི་འཕེལ་རྒྱས་གཏོང་སྟངས་གསར་པ་འཚོལ་ཞིབ་དང་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། དེ་དང་ཆབས་ཅིག་མཚོ་ལྷོ་ཁུལ་དུ་རྒྱལ་ཡོངས་ཀྱི་གཞི་གཅིག་ཅན་གྱི་རྩིས་ཤུགས་དྲ་རྒྱའི་རྒྱལ་ཁབ་ཀྱི་འགག་རྩའི་མཚམས་ཚིགས་བཀོད་སྒྲིག་བྱེད་པའི་ཐད་རྒྱབ་སྐྱོར་བླ་ལྷག་བྱས་ཏེ་མི་རིགས་ས་ཁུལ་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་ཚད་མཐོ་རུ་གཏོང་བ་དང་། གྲངས་འཛིན་དཔལ་འབྱོར་གྱི་ཞན་ཆ་གསབ་པ་དང་ས་ཁུལ་ཕྱོགས་སྒྱུར་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུའི་རེ་བ་བཏོན་པ་རེད། ནུས་ཁུངས་གསར་པ་དང་སླར་སྐྱེ་ཐུན་པའི་ནུས་ཁུངས་སིའི་སི་ཀྲང་ལི་ཁྲང་ཅུན་དང་སི་ཀྲང་གཞོན་པ་ཞུང་རྨིན་ཧྥུང་དང་ཝང་ཏ་ཕུང་སོ་སོས་མཚོ་ལྷོ་ཁུལ་གྱི་ནུས་ཁུངས་གཙང་མ་འཕེལ་རྒྱས་སུ་གཏོང་རྒྱུར་ཆེད་ལས་མཛུབ་ཁྲིད་བསམ་འཆར་རབ་དང་རིམ་པ་བཏོན་པ་དང་། མཚོ་ལྷོ་ཁུལ་གྱི་ནུས་ཁུངས་གཙང་མ་འཕེལ་རྒྱས་གཏོང་བའི་རྨང་གཞི་ལེགས་པ་དང་ལེགས་ཆ་མངོན་གསལ་དོད་པས་འཕེལ་རྒྱས་ཀྱི་མདུན་ལམ་དང་འགྲན་རྩོད་ནུས་པ་ངེས་ཅན་ལྡན་ཡོད་པས་ནུས་ཁུངས་གསར་པ་སི་ཡིས་འབྲེལ་ཡོད་ལམ་ལུགས་ཀྱི་གཏན་འབེབས་གཞིར་བཟུང་ནས་མུ་མཐུད་དུ་མཚོ་ལྷོ་ཁུལ་གྱི་ནུས་ཁུངས་གཙང་མའི་འཕེལ་རྒྱས་ལ་དོ་ཁུར་དང་རྒྱབ་སྐྱོར་གནང་རྒྱུ་ཡིན་ཞེས་བཤད།

པེ་ཅིན་ལྗང་མདོག་ཉོ་འཚོང་ཁང་ཚད་ཡོད་ཀུང་ཟིར། ཀརྨ་ཕུན་ཚོགས་འཁོར་དང་བཅས་པས་ཐོན་རྫས་གསར་སྤེལ་དོ་དམ་དང་ཁོར་ཡུག་ཁེ་དབང་ཚད་འབེབས་སོགས་ཀྱི་ནང་དོན་ལ་ནན་གྱིས་སློབ་སྦྱོང་བྱས་པར་མ་ཟད། པེ་ཅིན་ཐོན་རྫས་ཁེ་དབང་ཉོ་འཚོང་ཁང་བརྒྱུད་དེ་ཆེད་ལས་ཀྱི་ཉམས་མྱོང་གསོག་འཇོག་བྱས། ཐན་མཛོད་ཐོན་རྫས་ལ་ཐ་སྐྱོང་དངུལ་འགྱུར་རམ་ཡང་ན་ཚབ་གཉེར་རིན་འཕར་སོགས་ཀྱི་ཐད་ནས་མཚོ་ལྷོ་ཁུལ་ལ་ཕྱོགས་ཡོངས་ནས་མཛུབ་སྟོན་བྱས་ཏེ། ནགས་སའི་རྩྭ་ཐང་འཕེལ་རྒྱས་ཡག་པོ་ཡོང་བ་དང་སྐྱེ་ཁམས་ཕྱི་དངུལ་ཁ་སྣོན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་། ཀྲུང་ཀོན་སྡེ་བའི་ཚན་རིག་གླིང་གི་གྲོང་ཁྱེར་གྱི་ཀླད་པ་མ་རྐང་ཚད་ཡོད་ཀུང་ཟིར། ཀརྨ་ཕུན་ཚོགས་འཁོར་དང་བཅས་པས་ཧའེ་ཏེན(ཀྲུང་ཀོན་སྡེ་བའི་ཚན་རིག་གླིང)གྲོང་ཁྱེར་གྱི་ཀླད་པ་འགྲེམས་སྟོན་མྱོང་རོལ་ལྟེ་གནས་ལ་ལྟ་ཞིབ་གནང་སྟེ། ཀྲུང་གོའི་ཚན་རྩལ་ཀླད་པའི་འདེགས་སྐྱོར་གྲོང་ཁྱེར་དོ་དམ་དང་སྤྱི་བའི་བདེ་འཇགས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། གྲོང་ཁྱེར་འགྲིམ་འགྲུལ། རིག་ལྡན་ནུས་རྒྱུ། དེ་མིན་ཐུན་མོང་རང་བཞིན་གྱི་ལས་སྟེགས་སོགས་རྣམ་པ་མི་འདྲ་བའི་འོག་གི་སྤྱིའི་འཛུགས་སྐྲུན་གྱི་བཀོད་པ་དང་དངོས་སྤྱོད་གནས་ཚུལ། གྲུབ་འབྲས་མངོན་འགྱུར་དང་དེ་མིན་རྗེས་ཕྱོགས་ཀྱི་འཛུགས་སྐྲུན་བསམ་བློ་བཅས་ལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་རེད། དུས་མཚུངས་སུ་ཕྱོགས་གཉིས་ཀས་བསམ་བློ་བརྗེ་རེས་དང་དཔྱད་བསྡུར་མང་ཙམ་བྱེད་པ། ཕན་ཚུན་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་སྒོས་རིག་ལྡན་གྲོང་ཁྱེར་དང་གྲངས་འཛིན་བཀོལ་སྤྱོད་སོགས་ཀྱི་ཐད་ནས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་མཚོ་ལྷོ་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་ལ་རྨང་གཞི་བརྟན་པོ་བཏིངས།

པེ་ཅིན་མཁའ་བསྐྱོད་ཧིན་ཧྥེང་ཚན་རྩལ་མ་རྐང་ཚད་ཡོད་ཀུང་ཟིར། ཀརྨ་ཕུན་ཚོགས་འཁོར་དང་བཅས་པས་སྐྱེ་དངོས་ཕྲ་རབ་ཀྱི་ལུད་དང་སྐྱེ་དངོས་ཕྲ་རབ་ཀྱི་ནད་འབུ་ཞིབ་འཇུག་གསར་སྤེལ་བྱས་འབྲས་ལ་ལྟ་ཞིབ་གནང་ཞིང་། ཧིན་ཧྲིན་ཕྱུགས་ལས་གསོ་སྤེལ་ར་བའི་ནང་དུ་སྙོལ་བའི་ཉལ་ཁྲི་འདིང་བ་དང་དྲི་མ་མི་འཐུལ་བ། གསོ་སྤེལ་ལས་བྱུང་བའི་སྙིགས་རོ་དང་སྐྱག་གཅིན་གནོད་མེད་ཅན་དུ་བསྒྱུར་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་བར་མ་ཟད། ཐན་པར་འགྱུར་བ་དང་བྱེ་འགོག་བཅོས་སྐྱོང་གི་ལས་དོན་སྐོར་ལ་དཔྱད་བསྡུར་ནན་མོ་བྱས་པ་རེད། ཏུའུ་ཅིན་ཕེན་དང་ཝང་ཞའེ་ཅོན་གྱིས་ལྟ་ཞིབ་བྱེད་རོགས་བྱས།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།