ཞིང་ཆེན་ཚན་རྩལ་ཐིང་དང་མཚོ་ལྷོ་ཁུལ་སྲིད་གཞུང་ཧྲན་ཞི་ལ་རྟོག་ཞིབ་དང་སློབ་སྦྱོང་ལ་སོང་།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར། དུས་ཚོད།:2022-08-10 08:56:16 ཀློག་གྲངས།:
        ཞིང་ཆེན་ཚན་རྩལ་ཐིང་དང་མཚོ་ལྷོ་ཁུལ་སྲིད་གཞུང་གིས་ཚོགས་པ་རྩ་འཛུགས་བྱས་ནས་ཧྲན་ཞི་ཐེ་ཡོན་དང་ཡུན་ནན་ལིན་ཚང་དུ་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་སུ་གཏོང་བའི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱས་པའི་གནས་ཚུལ་ལ་རྟོག་ཞིབ་དང་སློབ་སྦྱོང་བྱས།
        ཟླ7པའི་ཚེས31ཉིན་ནས་ཟླ8པའི་ཚེས4ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་དང་ཞིང་ཆེན་ཚན་རྩལ་ཐིང་གི་ཐིང་ཀྲང་གཞོན་པ་སུའུ་ཧའེ་ཧུང་གིས་ཞིང་ཆེན་དང་ཁུལ་འཕེལ་རྒྱས་བཅོས་སྒྱུར་ཅུའུ། ནོར་སྲིད་དང་ཚན་རྩལ། སྒྲིག་ཁོངས་གཞུང་ལས་ཁང་སོགས་སྡེ་ཁག་གི་འབྲེལ་ཡོད་འགན་འཁུར་བའི་སྣེ་ཁྲིད་དེ་ཧྲན་ཞི་ཞིང་ཆེན་ཐའེ་ཡོན་གྲོང་ཁྱེར་དང་ཡུན་ནན་ཞིང་ཆེན་ལིན་ཚང་གྲོང་ཁྱེར་དུ་སོང་ནས་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱས་པའི་ཐད་ཀྱི་སྔོན་ཐོན་ཉམས་མྱོང་ལ་རྟོག་ཞིབ་དང་སློབ་སྦྱོང་བྱས་ཤིང་། མཚོ་ལྷོ་ཁུལ་གྱི་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བརྟན་པོ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་།
        ཀརྨ་ཕུན་ཚོགས་ཀྱིས་ཐའེ་ཡོན་གྲོང་ཁྱེར་དང་ལིན་ཚང་གྲོང་ཁྱེར་སོ་སོར2018ལོ་དང2019ལོར་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་ལ་ཆོག་མཆན་ཐོབ་པ་དང་འབྲེལ་འཛུགས་སྐྲུན་བྱས་ཏེ། ལས་གཞི་སྲིད་ཇུས་དང་ལམ་ལུགས་འཛུགས་སྐྱོང་། མི་རྒྱུ་དངུལ་གསུམ་གྱི་རྒྱབ་སྐྱོར་དང་ཁེ་ལས་ཀྱི་སྣེ་ཁྲིད་སོགས་ཀྱི་ཐད་གནད་འཁེལ་གྱི་ཉམས་མྱོང་འཚོལ་ཞིབ་བྱས་ནས། ཁྱད་ལྡན་ལེགས་ཆ་མངོན་གསལ་དོད་པ་དང་བྱ་བའི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། རྟོག་ཞིབ་དང་སློབ་སྦྱོང་བྱས་པ་བརྒྱུད་མཐོང་རྒྱ་ཆེ་རུ་ཕྱིན་པ་དང་བསམ་ཕྱོགས་རྒྱ་ཆེར་ཕྱིན་ཡོད་ལ་བར་ཁྱིད་དང་མི་འདང་ས་ཡང་མཐོང་། བློ་སྒོ་ཕྱེ་བ་དང་གྲུབ་འབྲས་ཀྱང་ཆེན་པོ་ཐོབ་ཡོད། ང་ཚོས་ཐའེ་ཡོན་གྲོང་ཁྱེར་དང་ལིན་ཚང་གྲོང་ཁྱེར་གྱིས་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱས་པའི་ཁྲོད་ཀྱི་སྒྲིག་སྲོལ་ལམ་སྲོལ་དང་། སྲིད་ཇུས་བྱེད་ཐབས། ནོར་སྲིད་གཏོང་འཇོག་མི་སྣ་བཀོད་སྒྲིག་བྱ་བའི་ལག་ལེན་སོགས་ཀྱི་ཐད་སྔོན་ཐོན་འདུ་ཤེས་དང་དཔེ་མཚོན་བྱེད་ཐབས་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་། བསམ་བློ་བཅིངས་འགྲོལ་དང་འདུ་ཤེས་བསྒྱུར་བ། རང་ངོས་ཀྱི་མི་འདང་ས་དང་བར་ཁྱད་ལ་བསམ་ཞིབ། གནད་དོན་ཐག་གཅོད་བྱེད་ཐབས་ཞིབ་འཇུག་བཅས་བྱས་ཏེ། མཚོ་ལྷོ་ཁུལ་གྱི་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཡོད་ཟེར།
        དུས་མཚུངས་སུ། མཚོ་ལྷོ་ཁུལ་གྱིས་ཐའེ་ཡོན་གྲོང་ཁྱེར་དང་ལིན་ཚང་གྲོང་ཁྱེར་བར་ཐོག་མའི་གྲོས་མཐུན་བཞག་ནས་རྒྱལ་ཡོངས་ཀྱི་གསར་གཏོད་དཔེ་སྟོན་ཁུལ11འཛུགས་སྐྲུན་བྱ་རྒྱུ་རྩ་འཛུགས་བྱས་ཏེ། རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་མནའ་འབྲེལ་བཙུགས་ནས་སྤེལ་རེས་མཉམ་ལས་ལ་སྔར་བས་ཤུགས་སྣོན་དང་ས་བབ་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་དང་གསར་གཏོད་ཐོན་ཁུངས་མཉམ་སྤྱོད་བྱས་ནས་བྱ་བའི་མཉམ་ཤུགས་ཤིག་ཆགས་པ་བྱས་ནས་རྒྱུན་མཐུད་འཕེལ་རྒྱས་ཀྱི་གསར་སྐྲུན་དཔེ་སྟོན་གྱི་དངོས་ཡོད་དཔེ་མཚོན་མ་དཔེ་བསྐྲུན་དགོས་ཞེས་ནན་གྱིས་བསྟན། ཆན་གོ་ཆིང་དང་དགེ་འདུན་རྒྱལ་གྱིས་འགྲོ་རོགས་བྱས་པ་རེད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།