མཚོ་ལྷོ་ཁུལ་དམངས་ཆེན་རྒྱུན་ཨུ་དང་མཚོ་སྔོན་མི་རིགས་སློབ་ཆེན་གཉིས་ཀྱིས་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་འགོད་པའི་མཛད་སྒོ་བསྡུས།

རྩོམ་པ་པོ།:འདི་གའི་རྩོམ་སྒྲིག་ཁང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2022-08-11 22:03:14 ཀློག་གྲངས།:
        སྤྱི་ཟླ༨ཚེས༡༡ཉིན་གྱི་སྔ་དྲོར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དམངས་ཆེན་རྒྱུན་ཨུ་དང་མཚོ་སྔོན་མི་རིགས་སློབ་ཆེན་གཉིས་ཀྱིས་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་འགོད་པའི་མཛད་སྒོ་དེ་མཚོ་ལྷོ་ཁུལ་ཡོངས་འཛིན་སྐྱོང་སྤེལ་རྟེན་གཞིའི་སུམ་ཐོག་རིག་གཞུང་སྙན་ཞུ་ཚོམས་ཆེན་དུ་འཚོགས།
མཚོ་ལྷོ་ཁུལ་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་མཱ་ཅན་ཧུང་གིས་གསུང་བཤད་གནང་བཞིན་པ།
        མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་གཙོ་མཱ་ཝེ་ཧྲིན་དང་སློབ་གཙོ་གཞོན་པ་མཱ་ཁྲིན་ཅཱོན། ཁྲིམས་རིག་པའི་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་ཆེས་ཧྲིན་ཀོས། ཁྲིམས་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ། ཁྲིམས་ལུགས་རིག་པའི་སློབ་དཔྱོད་ཁང་གི་ཀྲུའུ་རེན་ཚེ་རིང་ཐར། མཚོ་སྔོན་མི་རིགས་སློབ་ཆེན་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཡའོ་པའེ་ཧྭ། ཁྲིམས་རིག་པའི་སློབ་གླིང་གཞུང་ལས་ཁང་གི་ཀྲུའུ་རེན་ཀྲང་ལོའུ་ལོའུ་བཅས་དང་། མཚོ་ལྷོ་ཁུལ་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་མཱ་ཅན་ཧུང་དང་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་གཞོན་པ་དཔལ་ལྡན། གསེར་མཚོ། མཱ་ཧྲའོ་ཧྥུའུ། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ལེ་ཝེ། ཁུལ་སྲིད་གྲོས་ཀྲུའུ་ཞི་གཞོན་པ་ཀྲའོ་ཀུས་ལེན། དེ་མིན་ཁུལ་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་ཨུ་ཡོན་དང་ཁུལ་དམངས་ཆེན་རྒྱུནུ་ཨུའི་ཁྲིམས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན། ཁུལ་ཨུའི་འབྲེལ་ཡོད་ལས་ཁུངས་ཁག་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་ལས་ཁུངས་ཁག་བཅས་མཛད་སྒོར་ཞུགས།
མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་གཙོ་མཱ་ཝེ་ཧྲིན་གྱིས་གསུང་བཤད་གནང་བཞིན་པ།
        ཐེངས་འདིའི་གྲོས་མཐུན་འདིར་མཚོན་ན་ས་ཁུལ་དང་སློབ་གྲྭའི་མཉམ་ལས་མཉམ་ཁེ་མངོན་འགྱུར་དང་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་དོན་ཆེན་ཞིག་ཡིན་པར་མ་ཟད། མཚོ་ལྷོ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་འཛུགས་ལམ་སྲོལ་གསར་གཏོད་བྱས་ནས་ས་གནས་ཀྱི་ཁྲིམས་འཛུགས་སྤུས་ཚད་མཐོ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན།
        མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དམངས་ཆེན་རྒྱུན་ཨུ་དང་མཚོ་སྔོན་མི་རིགས་སློབ་ཆེན་གཉིས་ཀྱིས་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་དེས་ཁྲིམས་འཛུགས་རིགས་པའི་གཞུང་ལུགས་དང་ལག་ལེན་མཉམ་འདྲེས་ཐད་སྔར་ལས་ཐབས་ཇུས་མཉམ་ལས་ཀྱི་འབྲེལ་བ་བཙུགས་པ་མཚོན་ཡོད་ལ། ཕྱོགས་གཉིས་པོས་མཉམ་ལས་དམ་ཟབ་བྱས་པ་བརྒྱུད་རང་སྐྱོང་ཁུལ་གྱིས་ཁྲིམས་འཛུགས་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་ཁྲིམས་ལྟར་བཅོས་སྐྱོང་དང་ཁྲིམས་ལྡན་མཚོ་ལྷོ་འཛུགས་སྐྲུན་བྱེད་པའི་ལག་ལེན་ཁྲོད་གོམ་སྟབས་བརྟན་པོའི་ངང་ཡུན་རིང་དུ་འགྲོ་རྒྱུར་རྨང་གཞི་ཇེ་བརྟན་དུ་གཏོང་བ། དེ་བཞིན་དུ་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་ཁྲིད་དང་ཚན་ཞིབ་སོགས་ཀྱི་ལས་དོན་ལའང་སྔར་བས་གཡུར་ཟའི་གྲུབ་འབྲས་ལེན་ཐུབ་པར་ཡིད་ཆེས་བྱེད་བཞིན་ཡོད།
        དེ་མིན། མཛད་སྒོའི་སྟེང་མཚོ་ལྷོ་ཁུལ་དམངས་ཆེན་རྒྱུན་ཨུ་དང་མཚོ་སྔོན་མི་རིགས་སློབ་ཆེན་གཉིས་ཀྱིས“མཚོ་ལྷོ་ཁུལ་ཁྲིམས་འཛུགས་ཞིབ་འཇུག་དཔྱད་དཔོག་དང་འདྲི་རྟོག་ལྟེ་གནས”དང“མཚོ་སྔོན་མི་རིགས་སློབ་ཆེན་ཁྲིམས་རིག་པའི་སློབ་གླིང་གི་སློབ་མའི་དངོས་སྦྱོང་ལག་ལེན་རྟེན་གཞིའི”སྒོ་བྱང་ཕན་ཚུན་སྤྲད་པ་རེད།

གསལ་བཤད། འདྲ་པར་དག་མཚོ་ལྷོ་ཁུལ་དམངས་ཆེན་རྒྱུན་ཨུའི་འཕྲིན་སྟེགས་ལས་བླངས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།