མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་གིས«མཚོ་སྔོན་ཞིང་ཆེན་གྱི་རི་ཉིལ་བ་དང་ཆུ་ལོག་གི་གནོད་འགོག་བཅོས་སྐྱོང་གི་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད»འགྲེམས་སྤེལ་བྱས།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2022-08-16 15:00:19 ཀློག་གྲངས།:
        ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་ནས་རྒྱུས་ལོན་པ་ལྟར་ན། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བྱེད་པ་དང་། རི་ཉིལ་བ་དང་ཆུ་ལོག་གི་གནོད་འཚེ་ཕན་ནུས་ལྡན་པའི་སྒོ་ནས་འགོག་པ། རི་ཉིལ་བ་དང་ཆུ་ལོག་གི་གནོད་འཚེ་འགོག་པའི་ནུས་པ་མཐོར་འདེགས་སུ་གཏོང་ཆེད། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་གིས«མཚོ་སྔོན་ཞིང་ཆེན་གྱི་རི་ཉིལ་བ་དང་ཆུ་ལོག་གི་གནོད་འགོག་བཅོས་སྐྱོང་གི་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད»འགྲེམས་སྤེལ་བྱས་པ་དང་། རི་ཉིལ་བ་དང་ཆུ་ལོག་གི་གནོད་འགོག་བཅོས་སྐྱོང་ལས་གཞི་ལག་བསྟར་བྱས་པ་ནས་བཟུང་གྲུབ་འབྲས་དང་གནད་དོན་མ་ལག་རང་བཞིན་ལྡན་པའི་སྒོ་ནས་སྤྱི་བསྡོམས་བྱས་པ་དང་། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་དུས་སྐབས་ཀྱི་གནས་བབ་དང་འགྲན་རྩོད་ལ་གཏིང་ཟབ་སྒོས་དབྱེ་ཞིབ་བྱས་ཏེ། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་དུས་སྐབས་ཀྱི་ཞིང་ཆེན་ཡོངས་ཀྱི་གནོད་འགོག་བཅོས་སྐྱོང་གི་སྤྱིའི་བསམ་བློ་དང་འཆར་འགོད་དམིགས་འབེན། འཆར་འགོད་ལས་འགན། འགན་སྲུང་བྱེད་ཐབས་སོགས་ཀྱི་ནང་དོན་བཏོན་པ་དང་། རི་ཉིལ་བ་དང་ཆུ་ལོག་གི་གནོད་འཚེ་འགོག་པའི་ནུས་པ་ཇེ་ཆེར་བཏང་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་དགོས།
        «འཆར་འགོད»ཀྱིས་ལེགས་ཆ་འདོན་སྤེལ་དང་མི་འདང་ས་ཁ་གསབ་བྱེད་པ་དང་རྨང་གཞི་སྲ་བརྟན་དུ་གཏོང་བ། དགོས་མཁོར་སྣེ་ཁྲིད་པ། བེད་སྤྱོད་གཙོར་འཛིན་པ། ནུས་པ་མཐོར་འདེགས་གཏོང་བའི་བླང་བྱ་ལྟར། རི་ཉིལ་བ་དང་ཆུ་ལོག་གི་གནོད་འགོག་བཅོས་སྐྱོང་གི་ལས་གཞི་མ་ཡིན་པའི་བྱེད་ཐབས་དང་ལས་གཞིའི་བྱེད་ཐབས་ཀྱི་མི་འདང་ས་གཙོ་གནད་དུ་བཟུང་ནས། རི་ཉིལ་བ་དང་ཆུ་ལོག་གི་གནོད་འཚེ་སེལ་བ་གཙོ་གནད་དུ་བྱེད་པ་དང་། གཞི་གྲངས་ཅན་དང་དྲ་རྒྱ་ཅན། རིག་ནུས་ཅན་གྱི་བྱེད་ཐབས་སྤྱད་ནས་ཁུལ་ཁོངས་ཆུང་བའི་འགོག་སྲུང་བྱེད་ཐབས་གཞི་རྩའི་བྱེད་ཐབས་སུ་བཟུང་ནས། ལྟ་ཞིབ་ཚད་ལེན་དང་ཉེན་ཁའི་སྔོན་བརྡ། འཁོར་སྐྱོད་དོ་དམ་ཇེ་དྲག་ཏུ་བཏང་ནས་རི་ཉིལ་བ་དང་ཆུ་ལོག་གི་གནོད་འཚེ་ཕན་ནུས་ལྡན་པའི་སྒོ་ནས་ཐག་གཅོད་དགོས། ལས་གཞི་མ་ཡིན་པའི་བྱེད་ཐབས་དང་ལས་གཞིའི་བྱེད་ཐབས་ཀྱི་འཆར་འགོད་ལས་འགན་ལ་འཆར་གཞི་བཀོད་ནས། ཕྱོགས་ཡོངས་ནས་རི་ཉིལ་བ་དང་ཆུ་ལོག་གི་གནོད་འཚེའི་ཐད་ཀྱི་སྤྱིའི་འགོག་སྲུང་ནུས་པ་མཐོར་འདེགས་སུ་བཏང་སྟེ། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཆུ་ལོག་སྔོན་འགོག་གི་བདེ་འཇགས་འགན་སྲུང་ནུས་ལྡན་ངང་འདོན་སྤྲོད་བྱེད་དགོས། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།