མཚོ་ལྷོ་ཁུལ་གྱིས་རྫོང་ཁག་སོ་སོའི་རིམས་འགོག་མི་སྣར་འཚམས་འདྲི་བྱས།

རྩོམ་པ་པོ།:འདི་གའི་རྩོམ་སྒྲིག་པ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2022-08-20 13:54:29 ཀློག་གྲངས།:
        མིག་སྔར། མཚོ་ལྷོ་ཁུལ་གྱི་རིམས་འགོག་ཚོད་འཛིན་བྱ་རྒྱུ་དེ་རྒྱུན་མཐུད་འགག་སྒྲོལ་དང་ཕྱི་བཤོལ་མེད་པར་མུ་མཐུད་མདུན་དུ་སྐྱོད་དགོས་པའི་འགག་རྩའི་དུས་སྐབས་སུ་ཡོད་པ་དང་། རྫོང་སོ་སོའི་རིམས་འགོག་མ་དངུལ་དཀོན་པའི་དངོས་ཡོད་གནས་ཚུལ་ལ་དམིགས་ནས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི༤༥༠བཀོལ་ནས་རིམས་འགོག་ཚོད་འཛིན་ལ་ཁ་གསབ་དང་རིམས་འགོག་ཚོད་འཛིན་གྱི་འཐབ་ས་དང་པོའི་ལས་དོན་མི་སྣར་འཚམས་འདྲིར་ཕུལ། དེའི་ནང་ཁུལ་རིམ་པའི་ནོར་སྲིད་ཀྱིས་འགྲོ་སྒོ་སྒོར་ཁྲི༣༥༠དེ་རིམས་འགོག་ཚོད་འཛིན་ལ་ཁ་གསབ(ཁུལ་རིམ་པའི་སྒོར་ཁྲི༥༠དང་གསེར་ཆེན་རྫོང་གིས་སྒོར་ཁྲི༡༢༠ བྲག་དཀར་རྫོང་གིས་སྒོར་ཁྲི༩༠ ཁྲི་ཀ་དང་མང་རྫོང་། འབའ་རྫོང་སོ་སོའི་སྒོར་ཁྲི༣༠རེ་ཡི་རོགས་སྐྱོར་བྱས།)བྱས་ཤིང་། རོགས་སྐྱོར་མ་དངུལ་དེ་དག་གཙོ་བོ་ཉིང་བསྐྱུར་བརྟག་དཔྱད་དང་རིམས་འགོག་དངོས་རྫས་གྲབས་གསོག རིམས་འགོག་མི་སྣའི་འཚོ་བའི་འགན་ལེན་སོགས་ལ་སྤྱོད་རྒྱུ་དང་སྒོར་ཁྲི༡༠༠ཡིས་རིམས་འགོག་ཚོད་འཛིན་གྱི་འཐབ་ས་དང་པོའི་ལས་དོན་མི་སྣར་འཚམས་འདྲིར་ཕུལ།
ཁུལ་རིམ་པའི་འགོ་ཁྲིད་དག་ཡུལ་དངོས་སུ་སོང་ནས་འཚམས་འདྲི་གནང་བཞིན་པ།
        ཟླ༨ཚེས༡༩ཉིན། ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀརྨ་ཕུན་ཚོགས། ཁུལ་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་མཱ་ཅན་ཧུང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཚེ་རིང་བཅས་མཉམ་དུ་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་བདེ་སྐྱིད་ཐང་དུ་ཡོད་པའི་རིམས་འགོག་ཚོད་འཛིན་ཞབས་ཞུའི་ས་ཚིགས་དང་། རྫོང་ཐོག་ཏུ་ཡོད་པའི་སྤྱི་བདེའི་ལས་འགན་སྒྲུབ་གནས། སྨན་ཁང་། རིམས་འགོག་ཞབས་ཞུ་ས་ཚིགས་སོ་སོར་སོང་ནས་འཐབ་ས་དང་པོའི་ལས་དོན་མི་སྣར་འཚམས་འདྲི་བྱས་པ་དང་། ས་ཚིགས་དེ་དག་གི་ལས་དོན་མི་སྣས་ཞིང་ཆེན་དང་ཁུལ་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བྱ་བའི་བཀོད་སྒྲིག་ཁག་དོན་འཁྱོལ་ནན་མོ་བྱས་ཏེ། ལས་གནས་ཀྱི་འགན་འཁྲི་ཁག་བགོས་ཀྱིས་རིམས་འགོག་གི་གཡུལ་སར་ཞུགས་ཤིང“མགྱོགས་པ་དང་གནད་ལ་འཁེལ་བ། ནན་ཏན་དང་དོན་དངོས། ཞིབ་ཚགས”ཀྱིས་ཐེངས་འདིའི་རིམས་ནད་དང་དཀའ་ཁག་ལས་རྒྱལ་ཏེ། སྤྱི་ཚོགས་ཐོག་ནད་ཡམས་མཆེད་ཐབ་མེད་པའི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྙིང་ཐག་ནས་ཐུགས་རྗེ་ཆེ་ཞུས་པ་མ་ཟད། དེ་གར་ཡོད་པའི་རྒྱ་ཆེའི་སྨན་པ་ཡོངས་ལ་ཀྲུང་གོའི་སྨན་པའི་དུས་ཆེན་སྐབས་ལྔ་པའི་སྨོན་འདུན་བཟང་པོ་ཞུས་པ་དང་འབྲེལ་ཁོང་ཚོ་བརྒྱུད་ཁུལ་ཡོངས་ཀྱི་རྒྱ་ཆེའི་སྨན་པ་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་ཡང་ཞུས་པ་རེད།
ཁུལ་རིམ་པའི་འགོ་ཁྲིད་དག་ཡུལ་དངོས་སུ་སོང་ནས་འཚམས་འདྲི་གནང་བཞིན་པ།
        འཚམས་འདྲིའི་བྱེད་སྒོ་སྤེལ་སྐབས། ཁུལ་ཚན་ཁག་ཆེན་པོ་བཞིའི་འགོ་ཁྲིད་ཀྱིས་འཐབ་ས་དང་པོར་ཡོད་པའི་ལས་དོན་མི་སྣའི་ཉིན་རྒྱུན་གྱི་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་གང་ལེགས་བྱས་པ་དང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“རིམས་ནད་སྔོན་འགོག་དང་དཔལ་འབྱོར་བརྟན་བརླིང་། འཕེལ་རྒྱས་བདེ་འཇགས”ཡོང་དགོས་པའི་གསུང་བཤད་གལ་ཆེན་ལག་ལེན་མཐའ་འཁྱོལ་གྱིས་རིམས་ནད་སྔོན་འགོག་གི་རྙོག་འཛིང་རང་བཞིན་དང་དཀའ་ཚེགས་རང་བཞིན། བསྐྱར་ཟློས་རང་བཞིན་བཅས་ལ་རྒྱུས་ལོན་གཏིང་ཟབ་བྱས་ཏེ། ཕྱི་འགོག་ནང་འདྲེན་གོ་གནས་འབུར་དུ་ཐོན་པར་བྱེད་དགོས། ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཀྱིས་ལྷོད་གཡེང་འཐུས་ཤོར་མེད་པར་ནུས་ཤུགས་ཡོད་རྒུ་བཏོན་ནས་གྲལ་བཤེར་དོ་དམ་ཚོད་འཛིན་དང་ལས་རེས་སྲུང་སྐྱོབ། ཞབས་ཞུ་འགན་ལེན། དྲིལ་སྒྲོག་འཕྲིན་སྤེལ་སོགས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྲིད་ཇུས་དོན་ཐོག་ཏུ་ཡོང་བར་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་རྐྱེན་ལམ་དུ་ཤོར་བར་སྔོན་འགོག་བྱ་དགོས་ཞེས་གསུངས་པ་རེད།
ཁུལ་རིམ་པའི་འགོ་ཁྲིད་དག་ཡུལ་དངོས་སུ་སོང་ནས་འཚམས་འདྲི་གནང་བཞིན་པ།
        ཁྲེང་ཧྲུའུ་ཧྲན་དང་ཀྲང་ཧྥུང་། ལི་ཝུའེ་བཅས་དང་མཉམ་དུ་སོང་།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།