ངོས་དང་པོ > སྐབས་དོན། > སྐབས་བབ་སྲིད་དོན། > མཚོ་ལྷོ་ཁུལ་བྲུབ་འགོག་ཐན་འགོག་བཀོད་འདོམས་པུའུ་ཡི་མཚོ་ལྷོ་ཁུལ་གྱི་རིམ་པ་བཞི་པའི་བྲུབ་འགོག་འཕྲལ་སྡོམ་དང་ལེན་བྱེད་འགོ་འཛུགས་རྒྱུའི་སྐོར་གྱི་བརྡ་ཐོ།
མཚོ་ལྷོ་ཁུལ་བྲུབ་འགོག་ཐན་འགོག་བཀོད་འདོམས་པུའུ་ཡི་མཚོ་ལྷོ་ཁུལ་གྱི་རིམ་པ་བཞི་པའི་བྲུབ་འགོག་འཕྲལ་སྡོམ་དང་ལེན་བྱེད་འགོ་འཛུགས་རྒྱུའི་སྐོར་གྱི་བརྡ་ཐོ།
རྩོམ་པ་པོ།:འདི་གའི་རྩོམ་སྒྲིག་པ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2022-08-23 16:03:00
ཀློག་གྲངས།:
རྫོང་ཁག་སོ་སོའི་བྲུབ་འགོག་ཐན་འགོག་བཀོད་འདོམས་པུའུ་དང་ཁུལ་བྲུབ་འགོག་ཐན་འགོག་བཀོད་འདོམས་པུའི་ཁོངས་གཏོགས་སྡེ་ཁག་དག་ལ།
གནམ་གཤིས་སྡེ་ཁག་ནས་སྔོན་དཔག་བྱས་པ་ལྟར་ན། ཟླ༨ཚེས༢༣ནས་ཚེས༢༥བར། རང་ཁུལ་ལ་སྔར་བཞིན་ཚ་མ་དྲོ་རྒྱུད་མཐོ་གནོན་གནམ་གཤིས་ཀྱིས་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་དང་། ཁུལ་ཡོངས་ཀྱི་ས་ཁུལ་མང་ཆེ་བར་ཆར་ཆུ་མང་པའི་གནས་ཚུལ་ཡོད་པ་རེད། དེའི་ནང་གསེར་ཆེན་རྫོང་དང་མང་རྫོང་། འབའ་རྫོང་བཅས་ཀྱི་ཤང་དང་གྲོང་རྡལ་རེ་འགར་ཆར་འབབ་ཚད་ཧའོ་སྨི༣༠ནས༥༠བར་སླེབས་རྒྱུ་ཡིན་པ་མ་ཟད་དྲག་རླུང་ཐོག་ཆར་དང་སེར་བ། དུས་ཐུང་ནང་ཆར་ཆུ་དྲག་པོ་འབབ་པ་སོགས་ཀྱི་གནམ་གཤིས་སྔོན་བརྡ་བསྒྲགས་ཡོད། ཚེས༢༦ནས་ཚེས༢༨བར། ཚ་མ་དྲོ་རྒྱུད་མཐོ་གནོན་གྱི་གནམ་གཤིས་རིམ་བཞིན་ཇེ་དམའ་རུ་ཆགས་ནས་སྔར་རྒྱུན་ལྟར་ཡིན་པ་དང་རིམ་བཞིན་གནམ་ངོ་རུབ་ནས་ཆར་ཆུང་བ་ནས་འབྲིང་ཙམ་འབབ་པའི་གནམ་གཤིས་ཡོད་པས། བར་སྐབས་འདི་དག་ལ་ཁུལ་ཡོངས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཞོད་སྐྱོན་དང་ཤྭ་འོད། རི་ཉུལ། འདམ་རུད། ཆུ་ལོག་སོགས་ཞོར་ཐོན་གནོད་འཚེའི་ཉེན་ཁ་ཆེ།
སྤྱི་ལོ༢༠༢༢ལོའི་ཟླ༨ཚེས༢༢ཉིན་གྱི་ཆུ་ཚོད༢༢སྟེང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་བྲུབ་འགོག་ཐན་འགོག་བཀོད་འདོམས་པུའུ་ཡིས་ཟི་ལིང་དང་མཚོ་ཤར། མཚོ་ནུབ། མཚོ་བྱང་། མཚོ་ལྷོ། རྨ་ལྷོ་བཅས་སུ་རིམ་པ་བཞི་པའི་བྲུབ་འགོག་འཕྲལ་སྡོམ་དང་ལེན་བྱེད་འགོ་འཛུགས་རྒྱུའི་གཏན་འབེབས་བྱས་པ་རེད། མཉམ་གྲོས་ཞིབ་འཇུག་བརྡར་ཤ་བཅད་པ་གཞིར་བཟུང་ཁུལ་བྲུབ་འགོག་ཐན་འགོག་བཀོད་འདོམས་པུའུ་ཡིས་ཟླ༨ཚེས༢༢ཉིན་གྱི་ཆུ་ཚོད༢༢ནས་བཟུང་རིམ་པ་བཞི་པའི་བྲུབ་འགོག་འཕྲལ་སྡོམ་དང་ལེན་བྱེད་འགོ་འཛུགས་རྒྱུའི་གཏན་འབེབས་བྱས་པ་དང་ཁུལ་ཡོངས་ཀྱི་རྫོང་ཁག་དང་། སྡེ་ཁག་སོ་སོས་ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཁུལ་བྲུབ་འགོག་ཐན་འགོག་བཀོད་འདོམས་པུའུ་ཡི་བྲུབ་འགོག་ལས་དོན་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཆར་འབབ་པའི་གནས་ཚུལ་དང་མཚོ་ལྷོ་ཁུལ་བྲུབ་འགོག་ཐན་འགོག་གི་འཕྲལ་སྡོམ་སྔོན་ཇུས་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་ཞིབ་འཇུག་བརྡར་གཅོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་འཕྲལ་སྡོམ་དང་ལེན་གྱི་བྱ་ཐབས་ཁག་དོན་འཁྱོལ་ནན་ཏན་བྱ་དགོས།
གཅིག མགྱོགས་མྱུར་ངང་སྡེ་ཁག་སོ་སོ་དང་ཤང་དང་གྲོང་རྡལ་སོ་སོ། སྡེ་བ(སྡེ་ཁུལ)སོ་སོའི་ལས་དོན་མི་སྣ་བཀོད་སྒྲིག་བྱས་ཏེ། གཅིག་མ་ཆད་གཉིས་མ་ལུས་པར་གྲལ་བཤེར་བྱས་ཏེ་དབྱར་སའི་རྩྭ་ར་དང་ལུང་ཤུར། ཆུ་ལམ་གྱི་གཞོགས་གཉིས། ཤྭ་འོད་ཐོན་སླ་ས། ས་གཤིས་གནོད་འཚེ་ཡོད་ས། གཤོང་ས་དམའ་བའི་རི་ཁུག་གི་གྲམ་ཐང་། དགོན་པའི་ཉེ་འཁོར་གྱི་ས་ཁོངས་རེ་རེ་བཞིན་གྲལ་བཤེར་བྱས་ཏེ། དུད་ཁྱིམ་གཅིག་དང་ཐ་ན་མི་གཅིག་ཀྱང་ཆད་ལུས་མེད་པའི་འགན་ལེན་བྱེད་དགོས། མཁར་གྲོང་ནང་ཁུལ་གྱི་ཆུ་ལམ་དུ་ཆུ་ལོག་རྒྱུག་པ་དང་འཁྱིལ་ཆུ་ཕྱིར་འབུད་གནས་འགག་པ། ཆར་ཆུའི་བཙོག་སྐྱོན་ཐེབས་པའི་ཁྲོམ་པར་དུས་ཐོག་ཏུ་གཙང་བཤེར་བྱས་ནས་ཆུ་ལོག་རྒྱུག་པ་དང་འཁྱིལ་ཆུ་ཕྱིར་འབུད་ཀྱི་བདེ་འཇགས་ལ་འགན་ལེན་བྱེད་དགོས། ཉེན་ཁ་དང་བྱུར་རྐྱེན་ཆེ་བའི་ས་ཁོངས་ཀྱི་མང་ཚོགས་དང་དགོན་སྡེའི་དགེ་འདུན་པར་འཕྲལ་ཐག་ཆོད་པའི་བྱ་ཐབས་སྤྱད་དེ་དུས་ཐོག་གནས་སྤོ་བྱས་ནས་སྒྱུར་དགོས་རིགས་ཚང་མ་སྒྱུར་དགོས་པ་དང་སྒྱུར་དགོས་ངེས་ཐམས་ཅད་ཀྱང་སྒྱུར་ཐུབ་པ་བྱེད་དགོས།
གཉིས། བྲུབ་འགོག་འགན་འཁྲི་སྔར་བས་ནན་དུ་གཏོང་བ་དང་བྲུབ་འགོག་ཐན་འགོག་བཀོད་འདོམས་པུའུ་ཡི་ཁོངས་མི་དང་སྡེ་ཁག་གི་འགན་འཁུར་བ་ལས་གནས་སུ་དུས་ཐོག་འབྱོར་རྒྱུར་སྐུལ་འདེད་བཏང་ནས་རིམ་ཁག་གིས་འགན་འཁྲི་དོན་འཁྱོལ་ཡོང་བ་བྱེད་དགོས།
གསུམ། གནམ་གཤིས་འགྱུར་ལྡོག་ལ་ལྟ་ཞིབ་ནན་མོ་བྱས་ཏེ་ཆར་ཆུ་དང་ཆུའི་གནས་ཚུལ་སྔོན་དཔག་དང་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ཁོངས་མིའི་ཚན་པས་འགན་འཁུར་པ་སྒྲིག་འཛུགས་བྱས་ནས་མཉམ་གྲོས་ཞིབ་འཇུག་གིས་བརྡར་ཤ་བཅད་དེ་དུས་ཐོག་ཏུ་དོ་དམ་ཚོད་འཛིན་གྱི་བྱ་ཐབས་ནུས་ལྡན་སྤྱོད་རྒྱུ།
བཞི། ཆུ་མཛོད་དང་ཆུ་རགས་སོགས་ཆུ་ལོག་འགག་པའི་ལས་གྲྭར་སྐོར་ཞིབ་དང་འགོག་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཉེན་སེལ་དཔུང་ཁག་དང་དངོས་ཟོག་སྔོན་ནས་བཀོད་སྒྲིག་བྱས་ཏེ་དུས་ཐོག་ཏུ་མྱུར་སྲུང་ཐག་གཅོད་བྱས་ནས་ཉེན་ཁའི་གནས་ཚུལ་སྔ་མོར་སེལ་ཐུབ་པ་བྱ་རྒྱ་དང་ཉེན་ཁ་ཆུང་དུ་གཏོང་རྒྱུར་འགན་ལེན་གང་ལེགས་བྱ་དགོས།
ལྔ། ཤྭ་འོད་དང་ས་གཤིས་ཀྱི་གནོད་འཚེ་སྔོན་འགོག་དང་ཆུ་མཛོད(ཆུ་གློག་ས་ཚིགས)ཀྱི་བྲུབ་ཆུ་བདེ་སྒྲོལ། ཆུ་བོ་བྲུག་པར་སྔོན་འགོག གྲོང་ཁྱེར་དུ་ནང་ཞོད་གནོད་འཚེ་སྔོན་འགོག་སོགས་ཀྱི་ལས་དོན་གཅིག་གྱུར་འཆར་འགོད་ཀྱིས་ཉེན་ཁ་དང་བྱུར་རྐྱེན་ཆེ་བའི་ས་ཁོངས་ཀྱི་མང་ཚོགས་དང་དགོན་སྡེའི་དགེ་འདུན་པར་འཕྲལ་ཐག་ཆོད་པའི་བྱ་ཐབས་སྤྱད་དེ་དུས་ཐོག་གནས་སྤོ་བྱས་ནས་ཉེན་སྐྱོབ་ཀྱི་བྱ་བ་ལེགས་པོར་སྒྲུབ་དགོས།
དྲུག ཟམ་པ(ཟམ་མཐིལ་གྱི་བགྲོད་ལམ་ཚུད།)དང་ཕུག་ལམ། ཕུག་ཟམ། ཆུ་བོའི་འབབ་རྒྱུད། ཆུ་ཁ་དང་གཡང་གཟར་བཅས་ཀྱི་ལམ་བུར་སྐོར་ཞིབ་བྱས་ཏེ་ལམ་རྡིབ་པ་དང་ཆུར་ནུབ་པ། རྡོ་ཟེགས་ཀྱིས་རླངས་འཁོར་སོགས་འགྲོ་སྐྱོད་ཀྱི་བདེ་འཇགས་ལ་གནོད་པའི་བཀག་རྐྱེན་ཤེས་རྟོགས་བྱུང་ཚེ་དུས་ཐོག་ཏུ་གཙང་སེལ་བྱ་དགོས།
རྫོང་སོ་སོའི་བྲུབ་འགོག་ཐན་འགོག་བཀོད་འདོམས་པུའུ་དང་ཁུལ་བྲུབ་འགོག་ཐན་འགོག་བཀོད་འདོམས་པུའུ་ཡི་ཁོངས་གཏོགས་སྡེ་ཁག་དག་གིས་ལས་ཀའི་འགན་འཁྲི་གཞིར་བཟུང་བྲུབ་འགོག་དྲིལ་བསྒྲགས་དང་ཆ་འཕྲིན་གོང་འབུལ་ལས་དོན་ལ་ཤུགས་སྣོན་བརྒྱབ་ཏེ་དུས་ཐོག་ཏུ་སྔོན་ཚུད་ཉེན་བརྡའི་ཆ་འཕྲིན་ཁྱབ་བསྒྲགས་བྱེད་པ། གནོད་འཚེའི་གྱོང་གུན་ཆུང་དུ་གཏོང་གང་ཐུབ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས། རྨང་གཞིའི་སྒྲིག་བཀོད་གལ་ཆེན་གྱི་བདེ་འཇགས་སོགས་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས།

མཚོ་ལྷོ་ཁུལ་བྲུབ་འགོག་ཐན་འགོག་བཀོད་འདོམས་པུའུ།
༢༠༢༢ལོའི་ཟླ༨ཚེས༢༢ཉིན།
༢༠༢༢ལོའི་ཟླ༨ཚེས༢༢ཉིན།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།