ཀརྨ་ཕུན་ཚོཊ་ཀྱིས་རིམས་འགོག་དང་ཆུ་ལོག་སྔོན་འགོག་བྱ་བར་ལྟ་ཞིབ་བྱས།

རྩོམ་པ་པོ།: ཡོང་ཁུངས།:ཉི་ཟེར་སྲིད་དོན། དུས་ཚོད།:2022-08-30 08:26:45 ཀློག་གྲངས།:
མཚོ་ལྷོ་ཁུལ་གྱི་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་རྫོང་སོ་སོར་སོང་སྟེ་རིམས་འགོག་བྱ་བ་དང་ཆུ་ལོག་སྔོན་འགོག་བྱ་བར་ལྟ་ཞིབ་བྱས།
 
        སྤྱི་ཟླ8པའི་ཚེས25ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་ཁྲི་ཀ་རྫོང་ཀབ་རོན་གཞོངས་ཡུལ་ཚོ་དང་ཀོས་ནན་རྫོང་མགོ་མང་གྲོང་རྡལ། ཐུན་ཏེ་རྫོང་འབའ་ལུང་ཡུལ་ཚོ། བྲག་དཀར་རྫོང་ཐང་ནག་ཡུལ་ཚོ་དང་བྲག་དཀར་རྫོང་རིམས་འགོག་ཚོད་འཛིན་གཅིག་སྡུད་ལོགས་བཀར་ས་ཚིགས་སུ་སོང་སྟེ་བྱ་བར་ལྟ་ཞིབ་བྱས་ཤིང་། ཁོས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་གཙིགས་སུ་འཛིན་དགོས་ཤིང་། ཉེན་ཁ་ཡོད་ཚད་ལ་གྲལ་བཤེར་བྱེད་པ་དང་སྔོན་འགོག་གི་བྱེད་ཐབས་སོ་སོ་དོན་འཁྱོལ་ནན་མོ་བྱས་ཏེ། རིམས་འགོག་བྱ་བ་དང་ཆུ་ལོག་སྔོན་འགོག་བྱ་བ་གཉིས་གཅིག་གྱུར་གྱིས་དམ་འཛིན་བྱེད་པ་དང་། བདེ་འཇགས་ཀྱི“འགོག་སྲུང་དྲ་བ”བརྟན་པོར་བཟོ་དགོས་ཞེས་ནན་བཤད་བྱས།
        ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱིས་ནན་གྱིས་བསྟན་དོན། བློ་བརྟན་འགྱུར་མེད་ཀྱིས“ཕྱི་ནས་ནང་དུ་མཆེད་པ་འགོག་པ་དང་ནང་ནས་ལྡོག་འཕར་འགོག་པའི”ཐབས་ཇུས་དང“འགུལ་རྣམ་གཙང་སེལ”གྱི་ཁ་ཕྱོགས་གཙོ་བོ་དོན་འཁྱོལ་ནན་མོ་བྱ་དགོས་ཤིང་། རིམས་འགོག་གི་འགན་འཁྲི་ནན་གྱིས་ཁུར་ཏེ་མཐའ་འཁོར་གྱི་ས་ཆ་སོ་སོའི་རིམས་ནད་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་དང་། ཉེན་ཁ་ཆེ་འབྲིང་གི་ས་ཆ་ནས་རང་ཁུལ་དུ་ཡོང་བའི་མི་སྣ་གྲལ་བཤེར་དང་དོ་དམ་བྱེད་ཤུགས་ཇེ་ཆེར་གཏང་དགོས། ཐོག་མཐའ་བར་གསུམ་དུ་ཚད་མཐོའི་དོགས་ཟོན་དང་ཉེན་ཟོན་གྱི་འདུ་ཤེས་བརྟན་པོ་གཟུག་དགོས་ཤིང་། “ཕྱོགས་བཞིའི་འགན་འཁྲི”དམ་འཛིན་བྱེད་པ་དང་། “འགོ་ཁྲིད་ཀྱིས་ལས་འགན་གཙང་ལེན་བྱེད་པའི”འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ། སྔར་ལས་གནད་འཁེལ་དང་སྔར་ལས་ནུས་མཐོའི་ངང་རྒྱུན་རྣམ་ཅན་གྱི་རིམས་འགོག་བྱ་དགོས་ཤིང་། ཕྱོགས་ཡོངས་ནས་ཕྱི་ནས་ནང་དུ་མཆེད་པ་སྔོན་འགོག་དང་ཕྱོགས་ཡོངས་ནས་ཉེན་ཁ་གྲལ་བཤེར་བྱེད་པ། ཕྱོགས་ཡོངས་ནས་གཙོ་གནད་མི་སྣ་ལོགས་བཀར་དོ་དམ་བྱེད་པ། ཕྱོགས་ཡོངས་སྔོན་འགོག་གི་བྱེད་ཐབས་དོན་འཁྱོལ་ནན་མོ་བྱ་དགོས།
        ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱིས་ནན་གྱིས་བསྟན་དོན། འགོ་ཁྲིད་ཀྱིས་ལས་འགན་གཙང་ལེན་བྱེད་པ་དོན་འཁྱོལ་ནན་མོ་དང་། གནམ་གཤིས་ཀྱི་འགྱུར་ལྡོག་ལ་ལྟ་ཞིབ་བྱས་ཏེ་ཆར་བ་དང་ཆུ་ལོག་གི་གནས་ཚུལ་དུས་ལྟར་སྔོན་དཔག་བྱེད་པ་དང་། ཆུ་མཛོད་དང་ཆུ་རགས་སོགས་ཆུ་ལོག་སྔོན་འགོག་གི་བཟོ་སྐྲུན་ལ་སྐོར་ཞིབ་དང་འགོག་སྲུང་བྱེད་ཤུགས་ཇེ་ཆེར་བཏང་སྟེ། ཉེན་ཁ་མྱུར་སྐྱོབ་ཀྱི་མི་སྣ་དང་དངོས་རྫས་སྔ་མོ་ནས་གྲ་སྒྲིག་བྱེད་པ་དང་། དུས་ཐོག་ཏུ་མྱུར་སྐྱོབ་ཐག་གཅོད་བྱས་ཏེ་ཉེན་ཁའི་གནོད་འཚེ་ཇེ་ཆུང་དུ་གཏང་དགོས་ཤིང་། ཆུ་ལོག་དང་ས་གཤིས་ཀྱི་རང་བྱུང་གནོད་འཚེ་སྔོན་འགོག་དང་། ཆུ་མཛོད(ཆུ་གློག་ས་ཚིགས)ཀྱི་ཆུ་བྲུག་པའི་དུས་སྐབས་བདེ་བླག་ངང་སྒྲོལ་བ། གཙང་བོ་ཆུང་འབྲིང་གི་ཆུ་ལོག་སྔོན་འགོག་བྱ་བ། གྲོང་ཁྱེར་གྱི་འཁྱིལ་ཆུའི་གནོད་སྐྱོན་སྔོན་འགོག་སོགས་ཀྱི་བྱ་བར་གཅིག་གྱུར་འཆར་འགོད་བྱས་ཏེ་ལེགས་པོར་བསྒྲུབ་དགོས་པ་དང་། ཉེན་ཁ་ཡོད་སའི་ས་ཁུལ་གྱི་མང་ཚོགས་མྱུར་དུ་གནས་སྤོར་བྱེད་པ་དང་། ཉེན་ཁ་མྱུར་སྐྱོབ་བྱ་བར་བདེ་འཇགས་ཀྱི་རྨང་གཞི་བསྐྲུན་དགོས། དུས་ཚོད24རིང་ལ་ལས་རེས་བྱེད་པ་དང་འགོ་ཁྲིད་ཀྱི་འགན་ལེན་བྱེད་པའི་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ། གློ་བར་དུ་བྱུང་བའི་ཉེན་ཁ་དང་གནོད་འཚེ་ལ་དུས་ཐོག་ཏུ་རྒྱུས་ལོན་བྱེད་པ་དང་། དུས་ཐོག་ཏུ་མི་སྣ་རྩ་འཛུགས་བྱེད་པ། དུས་ཐོག་ཏུ་ཉེན་ཁ་ཐག་གཅོད་བྱེད་པ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་འགན་སྲུང་གང་ལེགས་དང་། གནོད་འཚེ་ཐེབས་ཚད་ཇེ་ཆུང་དུ་གཏང་དགོས།
        ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱིས་ནན་གྱིས་བསྟན་དོན། མི་དམངས་ཆེས་མཐོ་བ་དང་ཚེ་སྲོག་ཆེས་མཐོ་བའི་འདུ་ཤེས་བརྟན་པོར་གཟུག་སྟེ། རིམས་ནད་ལྡོག་འཕར་སྔོན་འགོག་ནན་མོ་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུས་ཆུ་ལོག་སྔོན་འགོག་བྱ་བ་དམ་འཛིན་བྱ་དགོས། འགན་འཁྲི་ནན་འཁུར་དང་ཚན་རིག་དང་མཐུན་པའི་སྔོན་འགོག་བྱེད་ཐབས། གཅིག་གྱུར་འཆར་འགོད། རྩ་འཛུགས་ནུས་ལྡན་བཅས་བྱས་ཏེ་རིམས་འགོག་དང་ཆུ་ལོག་སྔོན་འགོག་བྱ་བ་གཉིས་ལེགས་པོར་བསྒྲུབས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་པོ་བདེ་ཐང་ལ་འགན་སྲུང་གང་ལེགས་བྱ་དགོས། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོགས་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། གཙོ་གནད་ལས་གཞི་འཛུགས་སྐྲུན་བྱ་བ་དང་བདེ་འཇགས་ཐོན་སྐྱེད་བྱ་བ། ཞིང་ལས་ཐོན་སྐྱེད་སོགས་ཀྱི་བྱ་བ་དམ་འཛིན་བྱ་དགོས་ཤིང་། ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། བྱ་བའི་ཞན་ཆ་དང་མི་འདང་ས་ཁ་གསབ་བྱས་ཏེ“རིམས་འགོག་དང་དཔལ་འབྱོར་བརྟན་བརླིང་ཡོང་དགོས་པ། འཕེལ་རྒྱས་བདེ་འཇགས་ཡིན་པ”བཅས་ལ་ཁག་ཐེག་བྱ་དགོས་ཞེས་ནན་བཤད་བྱས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།