སྐུ་འབུམ་དགོན་པའི་མེ་ཏོག་མཆོད་པ་ལོ་ཧྲིལ་བོར་བཤམ་རྒྱུ་རེད།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། དུས་ཚོད།:2024-02-28 08:41:02 ཀློག་གྲངས།:
       ཟླ1ཚེས15ཉིན་གྱི་དགོང་མོར་སྐུ་འབུམ་བྱམས་པ་གླིང་གི་མེ་ཏོག་མཆོད་པ་བཤམས་ཏེ། ཞིང་ཆེན་ཕྱི་ནང་གི་མི་ཁྲི9ལྷག་གི་ཡིད་དབང་བཀུག་མོད། འོན་ཀྱང་མང་ཚོགས་ཁག་ཅིག་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ཟླ1པོའི་ཚེས15ཉིན་གྱི་དགོང་མོའི་མེ་ཏོག་མཆོད་པར་མཇལ་ཐབས་མ་བྱུང་པས་བློ་ཕམ་ཆེན་པོ་སྐྱེས་ཀྱིན་ཡོད། མེ་ཏོག་མཆོད་པར་ལོ་གཅིག་ནང་ཐེངས་གཅིག་ལས་མཇལ་ཆོག་གི་མེད་དམ། བཤམས་ཚར་རྗེས་གང་དུ་ཉར་དགོས་པ་རེད་ཅེས་དྲི་མཁན་བྱུང་བ་ལ། ལན་དུ་ད་ལོའི་སྐུ་འབུམ་བྱམས་པ་གླིང་གི་མེ་ཏོག་མཆོད་པ་བཤམས་ཁང་གིས་དུས་ཡུན་རིང་བོར་མེ་ཏོག་མཆོད་པ་བཤམས་ནས་སྤྱི་ཚོགས་ལ་སྒོ་འབྱེད་རྒྱུ་རེད།
       མེ་ཏོག་མཆོད་པ་ནི་སངས་རྒྱས་ཀྱི་བསྟན་བཅོས་དང་དམངས་ཁྲོད་ཀྱི་གཏམ་རྒྱུད་ལས་བྱུང་བ་ཞིག་དང་། བོད་བརྒྱུད་ནང་བསྟན་གྱི“སྤུས་ལེགས་པ། སྣ་ཚོགས་པ། ལག་རྩལ་ངོ་མཚར”བཅས་ཀྱི་བཟོ་རྩལ་ཁྱད་ཆོས་ལྡན་པའི་ལག་ཤེས་སྒྱུ་རྩལ་ཁྱད་པར་བ་ཞིག་ཡིན་ལ། དེ་ལས་བཞེངས་པའི་ལྷ་སྐུ་དང་མེ་ཏོག བྱ་བྱེའུ་སོགས་མ་བཅོས་རང་དུ་བྱོན་པ་བཞིན་གསོན་ཉམས་ལྡན་པ་དང་། ལྡིང་ཁང་དང་ལྷ་ཁང་གི་བཀོད་པ་ངོ་མཚར་བ། གཏམ་རྒྱུད་ཀྱི་བྱུང་རིམ་ཡིད་དབང་འཕྲོག་པ། དམ་པའི་ཆོས་ཀྱི་མཛད་འཕྲིན་རྒྱ་ཆེན་པོ་བསྐྱངས་ཚུལ་སོགས་ཀྱིས་དེར་ཕེབས་སྐྱེ་བོ་ཀུན་ལ་བྱིན་གྱིས་བརླབས། 
       ཤེས་གསལ་ལྟར་ན། མེ་ཏོག་མཆོད་པ་བཤམས་ཁང་དེ1988ལོར་བཙུགས་པ་དང་། 2013ལོར་རྒྱལ་ཁབ་ཀྱིས་སྒོར་ཁྲི1200བཏང་ནས་བསྐྱར་སྐྲུན་བྱས།
       མེ་ཏོག་མཆོད་པ་ནི་སྐུ་འབུམ་བྱམས་པ་གླིང་གི“སྒྱུ་རྩལ་མཆོག་ཏུ་གྱུར་བ་གསུམ”གྱི་གྲས་ཤིག་ཡིན་པ་དང་། 2006ལོར་སྐུ་འབུམ་བྱམས་པ་གླིང་གི་མེ་ཏོག་མཆོད་པ་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་པ་དང་། 1990ལོ་དང1994ལོར་པེ་ཅིང་དང་ཧྲེན་ཀྲེན་དུ་བཤམས་མྱོང་བ་རེད།
       འབྲེལ་ཡོད་མི་སྣས་གསར་འགོད་པར་ངོ་སྤྲོད་བྱས་པ་ལྟར་ན། “མེ་ཏོག་མཆོད་པ་བཤམས་ཁང་དུ་རིན་མེད་ངང་ལྟ་སྐོར་བྱེད་ཆོག་པ་དང་། དེ་གར་ང་ཚོས་མི་རྣམས་ཧང་སངས་པའི་མེ་ཏོག་མཆོད་པ་མཐོང་ཐུབ། མེ་ཏོག་མཆོད་པ་བཞེངས་ཡུལ་ནི་རང་བྱུང་གི་གཏེར་རྒྱུ་ཡིན་པ་དང་དེའི་ངོ་བོ་བརྟན་པོ་ཡིན་སྟབས་ཁ་དོག་ལ་ཡལ་བ་མེད་པར་ལོ་ངོ་སྟོང་གི་རིང་ལ་མདོག་མི་ཡལ་བའི་ཕན་འབྲས་ཐོན་ཡོད། དེར་བརྟེན། མེ་ཏོག་མཆོད་པ་ཡང་གངས་ལྗོངས་མཐོ་སྒང་གི་ཡལ་རྒྱུ་མེད་པའི་མེ་ཏོག་ཅེས་བརྗོད་ཀྱི་ཡོད”ཅེས་བཤད་པ་རེད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།