བོད་ལྗོངས་སུ་སླར་ཡང་ཅི་ཉི་སིའི་འཛམ་གླིང་གི་ཟིན་ཐོ་བཏོད་པ།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ།
དུས་ཚོད།:2025-09-24 08:19:14
ཀློག་གྲངས།:
ཟླ9པའི་ཚེས21ཉིན་ཅི་ཉི་སིའི་འཛམ་གླིང་ཟིན་ཐོ་བདེན་དཔང་དཔོན་གྱིས་བདེན་དཔང་བྱས་པ་བརྒྱུད། ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་རབ་ཅན་ཞང་ཛོ་པ་གྲོང་ཚོའི་ལོ416ཟིན་པའི་རི་སྐྱེས་རྒུན་འབྲུམ་སྡོང་བོ་ཞིག“ཆེས་གནའ་བོའི་རི་སྐྱེས་རྒུན་འབྲུམ་སྡོང་བོ”ཞེས་པའི་ཅི་ཉི་སིའི་འཛམ་གླིང་ཟིན་ཐོ་ཡི་མཚན་སྙན་གྲུབ་འབྲས་ཐོབ་པའི་ངང་བཏོད་ཡོད།

ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་རབ་ཅན་ཞང་ཛོ་པ་གྲོང་ཚོ།
ཤེས་རྟོགས་བྱུང་བར་གཞིགས་ན། ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་དུ་རྒུན་འབྲུམ་འདེབས་འཛུགས་དང་རྒུན་ཆང་བསྙལ་བའི་ལོ་ངོ་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ཡོད། བོད་ལྗོངས་ཀྱི་རིག་གནས་ཀུན་འདུས་དཔེ་དེབ་ཀྱི་གསོན་རྣམ་དོད་པའི་ལོ་རྒྱུས་སྙན་ངག«གེ་སར་རྒྱལ་པོའི་སྒྲུང»ནང་དུའང་རྒུན་ཆང་སྐོར་གྱི་ཐོ་འགོད་མི་ཉུང་བ་ཞིག་ཡོད། 2004ལོར་མཛོ་སྒང་རྫོང་ལ་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས“ཀྲུང་གོའི་རི་སྐྱེས་རྒུན་འབྲུམ་དམར་པོའི་ཕ་ཡུལ”གྱི་མཚན་སྙན་ཐོབ་པ་དང་། 2022ལོར་ས་ཁམས་ཚད་གཞིའི་དཔང་རྟགས་ཚོང་རྟགས(མཛོ་སྒང་གི་རྒུན་འབྲུམ)ཞེས་པ་ཐོབ་པ་དང་། 2024ལོའི་ཟླ་དང་པོར་རྒྱལ་ཡོངས་ཀྱི་མིང་གྲགས་དམིགས་བསལ་སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་གསར་པའི་མིང་ཐོའི་ནང་བཀོད་ཡོད། རྫོང་ཡོངས་སུ་ད་ཆ་ལོ་བརྒྱ་ཡན་གྱི་གནའ་བོའི་རྒུན་འབྲུམ་སྡོང་བོ64ཡོད།

ད་ཐེངས་ཅི་ཉི་སིའི་འཛམ་གླིང་གི་ཟིན་ཐོ་གསར་དུ་བཏོད་པའི་ལོ416ཟིན་པའི་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་རབ་ཅན་ཞང་ཛོ་པ་གྲོང་ཚོའི་གནའ་བོའི་རྒུན་འབྲུམ་སྡོང་བོ།
ད་ཐེངས་ཅི་ཉི་སིའི་འཛམ་གླིང་ཟིན་ཐོ་གསར་དུ་བཏོད་པའི་མཛོ་སྒང་གི་རྒུན་འབྲུམ་སྡོང་བོའི་མཐོ་ཚད་ལ་སྨི8ཙམ་དང་། ས་བསྐོར་ལ་ལི་སྨི209དང་། བྲང་བསྐོར་ལ་ལི་སྨི160དང་། བྲང་ཚངས་ཐིག་ལ་ལི་སྨི67བཅས་ཡོད། ལྷོ་ནུབ་ནགས་ལས་སློབ་ཆེན་གྱི་ཤིང་ཆ་ཚན་རིག་ཞིབ་འཇུག་སུའོ་ཡིས་གསལ་འབྱེད་བྱས་པ་བརྒྱུད“རྒུན་འབྲུམ་སྡོང་བོའི་རྩ་ཁུངས”ཀྱི་མ་དཔེ་དེ་ལོ416ཟིན་པ་དང་ཞིབ་བཤེར་རྒྱུ་ཆ་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གནའ་བོའི་སྡོང་བོ་རེད།

ཀྲུང་གོ་ཞིང་ལས་ཚན་རིག་ཁང་ཤིང་འབྲས་ཞིབ་འཇུག་སུའོ་ཡི་སུའུ་ཀྲང་གཞོན་པ་དང་རྒྱལ་ཁབ་རྒུན་འབྲུམ་ཐོན་ལས་ལག་རྩལ་མ་ལག་གི་དབུ་བཞུགས་ཚན་རིག་པ་ཝང་ཧའེ་པོ(གཡས)དང་ཆབ་མདོ་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་རིང་ནོར་བུས་མཉམ་དུ་གནའ་བོའི་རི་སྐྱེས་རྒུན་འབྲུམ་སྡོང་བོར་བྱང་བུ་སྤྲད་པ།
ད་ཐེངས་ཀྱི་ཁས་ལེན་བྱེད་སྒོར་ཞུགས་པའི་ཀྲུང་གོ་ཞིང་ལས་ཚན་རིག་ཁང་ཤིང་འབྲས་ཞིབ་འཇུག་སུའོ་ཡི་སུའུ་ཀྲང་གཞོན་པ་དང་རྒྱལ་ཁབ་རྒུན་འབྲུམ་ཐོན་ལས་ལག་རྩལ་མ་ལག་གི་དབུ་བཞུགས་ཚན་རིག་མཁས་ཅན་ཝང་ཧའེ་པོས་ས་བབ་སྨི2400ཙམ་ཟིན་པའི་སར་ལོ400ཡན་ལས་བརྒལ་བའི་རི་སྐྱེས་རྒུན་འབྲུམ་སྡོང་བོ་ཐོག་མར་རྙེད་པ་དེས་ས་མཐོའི་ས་ཁུལ་གྱི་རྩི་ཤིང་སྣ་མང་རང་བཞིན་གང་ལེགས་མཚོན་ཞིང་ཚན་རིག་ཞིབ་འཇུག་གི་རིན་ཐང་དང་ལོ་རྒྱུས་ཞིབ་འཇུག་གི་རིན་ཐང་ཧ་ཅང་ཆེན་པོ་ལྡན་ཡོད་ཅེས་བཤད།

ཀྲུང་གོ་ཞིང་ལས་ཚན་རིག་ཁང་ཤིང་འབྲས་ཞིབ་འཇུག་སུའོ་ཡི་སུའུ་ཀྲང་གཞོན་པ་དང་རྒྱལ་ཁབ་རྒུན་འབྲུམ་ཐོན་ལས་ལག་རྩལ་མ་ལག་གི་དབུ་བཞུགས་ཚན་རིག་པ་ཝང་ཧའེ་པོ(གཡས)དང་མཛོ་སྒང་རྫོང་གི་འགོ་ཁྲིད་གཙོ་བོས་ཅི་ཉི་སིའི་འཛམ་གླིང་ཟིན་ཐོའི་ཁས་ལེན་དཔང་ཡིག་དང་ལེན་བྱས་པ།
ཝང་ཧའེ་པོས“རི་སྐྱེས་རྒུན་འབྲུམ་སྡོང་བོ་དེས་ད་ཐེངས་ཅི་ཉི་སིའི་འཛམ་གླིང་ཟིན་ཐོ་གསར་དུ་བཏོད་པས་མཛོ་སྒང་དང་ཐ་ན་ཀྲུང་གོའི་རྒུན་འབྲུམ་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཧ་ཅང་དགེ་མཚན་ལྡན་པའི་དོན་སྙིང་ལྡན་པ་དང་། ཀྲུང་གོའི་རྒུན་འབྲུམ་ཐོན་ལས་ཀྱི་གདེང་ཚོད་ཆེ་རུ་ཤུགས་ཆེན་ཕྱིན་ཡོད་ལ། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་ཀྲུང་གོའི་རྒུན་ཆང་གི“འཛམ་གླིང་ལ་ཧང་སངས་དགོས་པའི་རྒུན་འབྲུམ་སྡོང་བོ”ལག་བསྟར་བྱེད་པའི་འགོ་ཚུགས་ས་གལ་ཆེན་ཞིག་ཀྱང་རེད”ཅེས་བཤད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
བོད་ལ་ཡོད་པའི་ཕྱེ་མ་ལེབ་འདི་འདྲ་ཁྱེད་ཀྱིས་མཐོང་མྱོང་ངམ།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།