ཡོངས་འཛིན་གྱི་བློ་གྲོས་ལས་ཆ་འཕྲིན་གྱི་གཤོག་ཟུང་རྒྱས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།
དུས་ཚོད།:2025-12-15 21:43:55
ཀློག་གྲངས།:
མཚོ་ལྷོ་ཁུལ་གྱིས་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་གསར་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་གོ་སྐབས་དམ་པོར་བཟུང་ནས་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་བོད་ཀྱི་ཤེས་རིག་ལ་གྲངས་འཛིན་ལག་རྩལ་གྱི་སྐྱེས་སྟོབས་གསར་བ་ཞིག་བསྣན་ཡོད།
ཉེ་སྔོན། གསར་འགོད་པ་མཚོ་ལྷོ་ཁུལ་ཡོངས་འཛིན་བོད་ཡིག་ཆ་འཕྲིན་ལག་རྩལ་གསོ་སྐྱོང་རྟེན་གཞིར་འབྱོར་དུས། དེ་གའི་ཁྱམས་རའི་གཡས་གཡོན་དུ་ལྗང་ལོའི་ཁུར་གྱིས་ལྗིད་པའི་མེ་ཏོག་བཞད་ཡོད་པ་དེས་མི་སེམས་ལ་སྤྲོ་སྣང་ཞིག་སྦྱིན་ཡོང་སྟེ། གཞུང་སྒྲུབ་ཁང་སོ་སོ་ནས་མཐེབ་གཞུང་གི་ངོས་སུ་ཡི་གེ་གཏགས་པའི་སྒྲ་ཡིས་གང་སར་ཁྱབ་ཡོང་། གཞུང་སྒྲུབ་ཁང་ཅིག་ཏུ་འཛུལ་མ་ཐག་གྲལ་འགྲིག་པའི་གློག་ཀླད་ཀྱི་འཆར་ངོས་སུ་ལེགས་སྒྱུར་བྱས་ཟིན་པའི་བོད་ཡིག་གི་མིང་ཚིག་རིགས་དབྱེའི་གཞི་གྲངས་དག་བར་མེད་དུ་འཆར་ཞིང་། འདི་ཡིས་རྒྱུན་རིང་ལ་རྔམས་མཐུག་པའི་བོད་ཀྱི་ཤེས་རིག་དེ་གོམ་སྟབས་བརྟན་པོས་སྦྲེལ་དྲའི་དུས་རབས་ཀྱི་རླབས་རྒྱུན་དང་འགྲོག་པ་མཚོན་ཡོད།
ཡོངས་འཛིན་གྱིས་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་ཀྱི་གསར་གཏོད་དཔེ་སྟོན་ཁུལ་གསར་སྐྲུན་བྱེད་པའི་འཕེལ་རྒྱས་ཀྱི་གོ་སྐབས་འདི་དམ་དུ་བཟུང་སྟེ། གོམ་གང་མདུན་སྤོས་སྒོས་གླེང་ཕྱོགས་ལ་ཁྲིད་སྟོན་དང་ལྟ་སྐུལ། དོ་དམ། སྲིད་ཇུས་ཀྱི་དྲིལ་སྒྲོག་ནུས་པར་ཤུགས་བསྣན་ནས་བོད་ཡིག་དྲ་ལམ་གྱི་སྣེ་ཁྲིད་ཀྱི་དབང་ཆ་དང་དོ་དམ་གྱི་དབང་ཆའི་ཐད་དུ་གཙོ་ཁྲིད་ཀྱི་ནུས་པ་བཏོན་ཡོད་པས། རྒྱལ་ནང་གི་བོད་ཡིག་དྲ་རྒྱའི་ཆ་འཕྲིན་གྱི་ཐོན་ཁུངས་དང་ཞབས་ཞུ་མི་འདང་བའི་གནས་བབ་ལ་ཚད་ངེས་ཅན་གྱིས་ནུས་པ་ཐོན་ཡོད་པར་མ་ཟད། བོད་ཡིག་ཆ་འཕྲིན་ཐག་གཅོད་ཀྱི་ཞིབ་འཇུག་འབྲས་བུ་དང་བཀོལ་སྤྱོད་རྒྱ་ཆེར་སྤེལ། ཡོངས་འཛིན་གྱིས་སྤྱོད་མཁན་ལ་ཁྱོན་ཡོངས་དང་གནད་འཁེལ། དངོས་ཡོད་ཀྱི་ཆ་འཕྲིན་འདོན་སྤྲོད་བྱས་པ་བརྒྱུད་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བ་དར་སྤེལ་དང་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་བརྒྱུད་སྒྲོག ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དང་བོད་འབྲེལ་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ཀྱི་ཐད་ཆ་འཕྲིན་གྱི་སྟོབས་ཤུགས་ཕུལ་ཡོད།
མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི་སློབ་མ་ཚེ་རིང་མཚོས་གསར་འགོད་པར་བཤད་རྒྱུར། ཡོངས་འཛིན་འཚོལ་བཤེར་མ་ལག་འདི་ལ་བྱེད་ནུས་མང་ཞིང་སྤྱོད་བདེ། ཁ་པར་སྟེང་གིAPPཡི་ནང་བོད་ཡིག་གི་གནད་ཚིག་གཏགས་ཚེ། སྐད་ཅིག་ལ་དེའི་སྐོར་གྱི་རྒྱུ་ཆ་མང་པོ་ཞིག་འཚོལ་ཐུབ་པས་དུས་ཚོད་དམ་འཛིན་བྱེད་ཐུབ་པ་མ་ཟད། ད་དུང་ཡོངས་འཛིན་གྱི་བརྙན་རིས་རྣམ་གྲངས་སུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་ལེ་ཚན་གསར་སྣོན་བྱས་ཡོད་པས་སློབ་སྦྱོང་གི་བྱེད་ཐབས་སྣ་མང་ཞིག་བསྐྲུན་འདུག་ཟེར།
གཞི་གྲངས་དང་ལག་ལེན་འདིའི་རྒྱབ་ལོགས་སུ་ཡོངས་འཛིན་བྱ་བའི་དཔུང་སྡེ་འདིའི་ལོ་ངོ9ལྷག་གི་ལག་རྩལ་དང་སྐྱེ་ཁམས་འཛུགས་སྐྲུན་གྱི་དཀའ་སྤྱད་འདུས་ཡོད་དེ། ཁོ་ཚོས་བོད་ཡིག་རང་འགན་མིང་དབྱེའི་མ་ལག་དང་རིག་ནུས་གོག་འབུ་ལག་རྩལ་ལྟེ་བར་བཟུང་སྟེ། ཐར་ཐོར་གྱི་རྣམ་པར་ཡོད་པའི་བོད་ཡིག་ཆ་འཕྲིན་དེ་གཅིག་གྱུར་གྱི་འཛུལ་སྒོར་བཅུག་པས་སྔར་མེད་ཀྱི་ལོ་རྒྱུས་བསྐྲུན་ཡོད།
མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་འགན་འཛིན་པས་བཤད་རྒྱུར། ཡོངས་འཛིན་གྱིས་སྤྱོད་མཁན་རྣམས་ལ་ཆ་འཕྲིན་གྱི་ཞབས་ཞུ་བསྒྲུབས་པ་ཙམ་མ་ཡིན་པར། ད་དུངAPPདང་གཏགས་ཐབས་སོགས་ཀྱི་ཉེར་སྤྱོད་བརྒྱུད་བོད་ཡིག་གྲངས་འཛིན་ཐོན་ཁུངས་འདི་སྤྱོད་བདེ་བར་བསྒྱུར་ཅིང་། བོད་ཀྱི་ཤེས་རིག་དང་སྦྲེལ་དྲའི་བར་ལ་ཟམ་པ་བསྐྲུན་དེ་གྲངས་འཛིན་དུས་རབས་ཀྱི་རིག་གནས་ལ་རྨང་གཞི་བརྟན་པོ་བཏིངས་ཡོད་ཟེར།
ཡོངས་འཛིན་གྱི་གཙོ་ངོས་སུ་གསར་འགྱུར་དང་དྲ་ངོས། པར་རིས། བརྙན་རིས། གླུ་དབྱངས། རིག་མཛོད། ཡིག་ཚང་། དྲིས་ལན། གླེང་ཕྱོགས་དཔྱད་འཇལ་མ་ལག་དང་བརྡ་ཁྱབ་སོགས་ཡོད་དེ། ཆེས་ལྟེ་བར་འཛིན་པ་ནི་བོད་ཡིག་དྲ་ཚིགས་ཀྱི་གཅིག་གྱུར་འཛུལ་སྒོ་བསྐྲུན་དེ་བོད་ཡིག་ཆ་འཕྲིན་ཐོན་ཁུངས་ཀྱི་མཉམ་སྤྱོད་ལྟེ་གནས་བསྐྲུན་པ་དེ་རེད།
མིག་སྔར་ཡོངས་འཛིན་འཚོལ་བཤེར་མ་ལག་ཏུ་སྤྱིའི་སྤྱོད་མཁན་གྱི་བཅར་ཐེངས་དུང་ཕྱུར35བརྒལ་ཞིང་། ཉིན་རེར་ཆ་སྙོམས་ཀྱིས་བཅར་ཐེངས་བྱེ་བ8ལ་སླེབས་ཡོད། སྤྱོད་མཁན་གྱི་ཁྱབ་ཁོངས་ཀྱང་ཞིང་ཆེན་རིམ་པའི་སྲིད་འཛིན་ས་ཁུལ34དང་རྒྱལ་ཁབ95ལ་ཁྱབ་སྟེ། ཟླ་རེར་ཆ་སྙོམས་ཀྱིས་ཞིང་ཆེན་རིམ་པའི་སྲིད་འཛིན་ས་ཁུལ31དང་རྒྱལ་ཁབ76གིས་རྒྱུན་སྤྱོད་གནང་བཞིན་ཡོད།
དཔུང་སྡེ་འདིས་ད་དུང་རྒྱལ་ནང་གི་ཆེས་ཆེ་བའི་བོད་ཡིག་ཆ་འཕྲིན་ཐོན་ཁུངས་དང་གཞི་གྲངས་ཆེན་མོ་བསྐྲུན་པ་མ་ཟད། ཡོངས་འཛིན་དྲ་རྒྱའི་གླེང་ཕྱོགས་དབྱེ་ཞིབ་མ་ལག་དང་ཡོངས་འཛིནAPPསྤོ་སྒུལ་སྦྲེལ་སྣེ་སོགས་གསར་སྤེལ་བྱས་ཤིང་། བོད་ཡིག་ནང་འཇུག་སྡེ་རུ་རང་འགུལ་གྱིས་ཡིག་ནོར་ངོས་འཛིན་བྱེད་པའི་ཡོངས་འཛིན་རིག་ནུས་གཏགས་ཐབས་གསར་གཏོད་བྱས། བོད་ཡིག་ཆ་འཕྲིན་སྡེ་ཡི་གསར་སྤེལ་འདི་དག་གིས་ལོ་རྒྱུས་ཀྱི་སྟོང་ཆ་བསྐང་ཡོད་པ་མ་ཟད། བོད་ཡིག་ཆ་འཕྲིན་འདི་རྒྱལ་ཁབ་ཕྱི་ནང་གི་ཆ་འཕྲིན་སྡེ་ཡི་འགྲོས་དང་མཉམ་དུ་སྐྱོད་བཞིན་ཡོད་པའང་མཚོན་ཡོད།
ད་ལོའི་ཟླ4ཚེས29ཉིན། གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་གྱི་དབུ་ཚོགས་སྐབས་བརྒྱད་པའི་སྟེང་གཞི་གྲངས་མཆད་འགོད་ཀྱི་ཕུལ་བྱུང་དཔེ་མཚོན47བསྒྲགས་ཤིང་། «ཡོངས་འཛིན་འཚོལ་བཤེར་མ་ལག་བོད་ཡིག་ཆ་འཕྲིན་བཀོལ་སྤྱོད་གཞི་གྲངས་མཆད་འགོད»ཀྱང་དེའི་གྲས་སུ་ཚུད་ཡོད།
ཡོངས་འཛིན་གྱི་གསར་གཏོད་ནི་འཚོལ་བཤེར་ཙམ་མ་ཡིན་པར་སྔ་རྗེས་སུ་བསྐྲུན་པའི་ཡོངས་འཛིན་རིག་མཛོད་དང་ཡོངས་འཛིན་དྲིས་ལན་སོགས་ཀྱིས་རྔམས་མཐུག་པའི་བོད་ཡིག་གི་ཡིག་ཚང་དེ་གྲངས་འཛིན་ཅན་དུ་བསྒྱུར་ནས་བོད་ཡིག་ཆ་འཕྲིན་གྱི་གྲངས་མཛོད་མ་ལག་ཅིག་བསྐྲུན། གསར་དུ་རིམ་སྤར་བྱས་པའིAPPལའང་བྱེད་ནུས་དང་ཇུས་འགོད་བཟང་པས་བོད་ཡིག་ཆ་འཕྲིན་ཞབས་ཞུ་ལ་སྔར་མེད་ཀྱི་འཕེལ་རྒྱས་བསྩལ།
དེང་གི་ཆར་ཡོངས་འཛིན་ནི་རང་རྒྱལ་གྱི་བོད་ཡིག་ཆ་འཕྲིན་ལག་རྩལ་འཕེལ་རྒྱས་ཀྱི་མཚོན་རྟགས་སུ་གྱུར་ཅིང་། མཚོ་ལྷོ་ཁུལ་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་སྣེ་ཁྲིད་འོག ཡོངས་འཛིན་དུ་འབོད་པའི་མཐོ་སྒང་གི་སྒྲོན་མེ་འདིས་གྲངས་འཛིན་གྱི་བར་ཐག་ཉེ་བར་བཏང་ཞིང་། རང་རེའི་བོད་སྐད་ཡིག་འདི་ལ་སྦྲེལ་དྲའི་དུས་སྐབས་སུ་གསོན་ཤུགས་དང་འགྲུལ་ལམ་གསར་པ་བསྩལ་དེ། བཀག་རྒྱ་མེད་པར་འཛམ་གླིང་གི་ཤེས་བྱ་བསྡུ་ལེན་གྱི་སྟེགས་བུ་ཞིག་བསྐྲུན་པ་མ་ཟད། བོད་ཀྱི་ཤེས་རིག་འདི་རྒྱལ་སྤྱིའི་སྟེང་བརྒྱུད་སྒྲོག་དང་རྒྱུན་འཛིན་བྱེད་པར་སྐུལ་འདེད་བཏང་ཞིང་། རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་ཐད་མི་རིགས་ས་ཁུལ་ཆ་འཕྲིན་ཅན་གྱི་འཕེལ་རྒྱས་མ་དཔེ་བསྐྲུན་པར་སྟོབས་ཤུགས་ཡང་ཡང་འདོན་བཞིན་མཆིས། །
ཉེ་སྔོན། གསར་འགོད་པ་མཚོ་ལྷོ་ཁུལ་ཡོངས་འཛིན་བོད་ཡིག་ཆ་འཕྲིན་ལག་རྩལ་གསོ་སྐྱོང་རྟེན་གཞིར་འབྱོར་དུས། དེ་གའི་ཁྱམས་རའི་གཡས་གཡོན་དུ་ལྗང་ལོའི་ཁུར་གྱིས་ལྗིད་པའི་མེ་ཏོག་བཞད་ཡོད་པ་དེས་མི་སེམས་ལ་སྤྲོ་སྣང་ཞིག་སྦྱིན་ཡོང་སྟེ། གཞུང་སྒྲུབ་ཁང་སོ་སོ་ནས་མཐེབ་གཞུང་གི་ངོས་སུ་ཡི་གེ་གཏགས་པའི་སྒྲ་ཡིས་གང་སར་ཁྱབ་ཡོང་། གཞུང་སྒྲུབ་ཁང་ཅིག་ཏུ་འཛུལ་མ་ཐག་གྲལ་འགྲིག་པའི་གློག་ཀླད་ཀྱི་འཆར་ངོས་སུ་ལེགས་སྒྱུར་བྱས་ཟིན་པའི་བོད་ཡིག་གི་མིང་ཚིག་རིགས་དབྱེའི་གཞི་གྲངས་དག་བར་མེད་དུ་འཆར་ཞིང་། འདི་ཡིས་རྒྱུན་རིང་ལ་རྔམས་མཐུག་པའི་བོད་ཀྱི་ཤེས་རིག་དེ་གོམ་སྟབས་བརྟན་པོས་སྦྲེལ་དྲའི་དུས་རབས་ཀྱི་རླབས་རྒྱུན་དང་འགྲོག་པ་མཚོན་ཡོད།
ཡོངས་འཛིན་གྱིས་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་ཀྱི་གསར་གཏོད་དཔེ་སྟོན་ཁུལ་གསར་སྐྲུན་བྱེད་པའི་འཕེལ་རྒྱས་ཀྱི་གོ་སྐབས་འདི་དམ་དུ་བཟུང་སྟེ། གོམ་གང་མདུན་སྤོས་སྒོས་གླེང་ཕྱོགས་ལ་ཁྲིད་སྟོན་དང་ལྟ་སྐུལ། དོ་དམ། སྲིད་ཇུས་ཀྱི་དྲིལ་སྒྲོག་ནུས་པར་ཤུགས་བསྣན་ནས་བོད་ཡིག་དྲ་ལམ་གྱི་སྣེ་ཁྲིད་ཀྱི་དབང་ཆ་དང་དོ་དམ་གྱི་དབང་ཆའི་ཐད་དུ་གཙོ་ཁྲིད་ཀྱི་ནུས་པ་བཏོན་ཡོད་པས། རྒྱལ་ནང་གི་བོད་ཡིག་དྲ་རྒྱའི་ཆ་འཕྲིན་གྱི་ཐོན་ཁུངས་དང་ཞབས་ཞུ་མི་འདང་བའི་གནས་བབ་ལ་ཚད་ངེས་ཅན་གྱིས་ནུས་པ་ཐོན་ཡོད་པར་མ་ཟད། བོད་ཡིག་ཆ་འཕྲིན་ཐག་གཅོད་ཀྱི་ཞིབ་འཇུག་འབྲས་བུ་དང་བཀོལ་སྤྱོད་རྒྱ་ཆེར་སྤེལ། ཡོངས་འཛིན་གྱིས་སྤྱོད་མཁན་ལ་ཁྱོན་ཡོངས་དང་གནད་འཁེལ། དངོས་ཡོད་ཀྱི་ཆ་འཕྲིན་འདོན་སྤྲོད་བྱས་པ་བརྒྱུད་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བ་དར་སྤེལ་དང་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་བརྒྱུད་སྒྲོག ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དང་བོད་འབྲེལ་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ཀྱི་ཐད་ཆ་འཕྲིན་གྱི་སྟོབས་ཤུགས་ཕུལ་ཡོད།
ཐོག་མའི་གོམ་པ་སྟེ་བོད་ཡིག་དྲ་རྒྱའི་འཛུལ་སྒོ་མེད་པ་ནས་ཡོད་པ།
2013ལོའི་ཟླ4པར། བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་གི་འཛུགས་སྐྲུན་ལས་གཞི་དངོས་སུ་མགོ་བརྩམས་ཤིང་། ལོ་ངོ་གསུམ་གྱི་འབད་པ་བརྒྱུད། 2016ལོའི་ཟླ8ཚེས22ཉིན་རང་རྒྱལ་གྱི་ཆེས་ཐོག་མའི་བོད་ཡིག་འཚོལ་བཤེར་མ་ལག་འདི་ཤར་གཏོང་བྱས། 2017ལོའི་ཟླ6པར་རྒྱལ་ཁབ་རིམ་པའི་རྩིས་ལེན་ཐོབ་ཅིང་། མིག་སྔར་ཡོངས་འཛིན་གྱིས་འཐུས་སྒོ་ཚང་བའི་སྐྱེ་ཁམས་མ་ལག་ཅིག་བསྐྲུན་ཡོད་དེ། བོད་ཡིག་འཚོལ་བཤེར་མ་ལག་དང་སྣེ་མང་ཉེར་སྤྱོད། རྒྱལ་ཁབ་ཀྱི་ཚད་ལྡན་བོད་ཡིག་རང་འགུལ་མིང་དབྱེའི་མ་ལག སྐད་བརྡའི་རིག་ནུས་དབྱེ་ཞིབ་ལས་སྟེགས་དང་དེ་བཞིན་རིག་ནུས་གོག་འབུ་ལག་རྩལ་བཅས་གཞི་གཅིག་ཏུ་འདུས་པའི་བོད་ཡིག་དྲ་རྒྱའི་མ་ལག་ཆེ་གྲས་ཤིག་གྲུབ་ཅིང་། མ་ལག་འདིར་ཆབ་སྲིད་དང་དཔལ་འབྱོར། རིག་གནས་དང་ཚན་རྩལ་སོགས་ཆ་འཕྲིན་རྣམ་གྲངས30ལྷག་དང་། མཉེན་ཆས10ཡི་བརྩམས་ཆོས་བདག་དབང་། རང་ཚུགས་ཉེར་སྤྱོད་དང་ཞབས་ཞུ80ལྷག་འདུས། ད་དུང་ཡོངས་འཛིནAPPདང་ཡོངས་འཛིན་གཏགས་ཐབས་སོགས་ཕབ་ལེན་བྱེད་ཐེངས་ས་ཡ3བརྒལ་ཡོད།མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི་སློབ་མ་ཚེ་རིང་མཚོས་གསར་འགོད་པར་བཤད་རྒྱུར། ཡོངས་འཛིན་འཚོལ་བཤེར་མ་ལག་འདི་ལ་བྱེད་ནུས་མང་ཞིང་སྤྱོད་བདེ། ཁ་པར་སྟེང་གིAPPཡི་ནང་བོད་ཡིག་གི་གནད་ཚིག་གཏགས་ཚེ། སྐད་ཅིག་ལ་དེའི་སྐོར་གྱི་རྒྱུ་ཆ་མང་པོ་ཞིག་འཚོལ་ཐུབ་པས་དུས་ཚོད་དམ་འཛིན་བྱེད་ཐུབ་པ་མ་ཟད། ད་དུང་ཡོངས་འཛིན་གྱི་བརྙན་རིས་རྣམ་གྲངས་སུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་ལེ་ཚན་གསར་སྣོན་བྱས་ཡོད་པས་སློབ་སྦྱོང་གི་བྱེད་ཐབས་སྣ་མང་ཞིག་བསྐྲུན་འདུག་ཟེར།
གཞི་གྲངས་དང་ལག་ལེན་འདིའི་རྒྱབ་ལོགས་སུ་ཡོངས་འཛིན་བྱ་བའི་དཔུང་སྡེ་འདིའི་ལོ་ངོ9ལྷག་གི་ལག་རྩལ་དང་སྐྱེ་ཁམས་འཛུགས་སྐྲུན་གྱི་དཀའ་སྤྱད་འདུས་ཡོད་དེ། ཁོ་ཚོས་བོད་ཡིག་རང་འགན་མིང་དབྱེའི་མ་ལག་དང་རིག་ནུས་གོག་འབུ་ལག་རྩལ་ལྟེ་བར་བཟུང་སྟེ། ཐར་ཐོར་གྱི་རྣམ་པར་ཡོད་པའི་བོད་ཡིག་ཆ་འཕྲིན་དེ་གཅིག་གྱུར་གྱི་འཛུལ་སྒོར་བཅུག་པས་སྔར་མེད་ཀྱི་ལོ་རྒྱུས་བསྐྲུན་ཡོད།
མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་འགན་འཛིན་པས་བཤད་རྒྱུར། ཡོངས་འཛིན་གྱིས་སྤྱོད་མཁན་རྣམས་ལ་ཆ་འཕྲིན་གྱི་ཞབས་ཞུ་བསྒྲུབས་པ་ཙམ་མ་ཡིན་པར། ད་དུངAPPདང་གཏགས་ཐབས་སོགས་ཀྱི་ཉེར་སྤྱོད་བརྒྱུད་བོད་ཡིག་གྲངས་འཛིན་ཐོན་ཁུངས་འདི་སྤྱོད་བདེ་བར་བསྒྱུར་ཅིང་། བོད་ཀྱི་ཤེས་རིག་དང་སྦྲེལ་དྲའི་བར་ལ་ཟམ་པ་བསྐྲུན་དེ་གྲངས་འཛིན་དུས་རབས་ཀྱི་རིག་གནས་ལ་རྨང་གཞི་བརྟན་པོ་བཏིངས་ཡོད་ཟེར།
ཡོངས་འཛིན་གྱི་གཙོ་ངོས་སུ་གསར་འགྱུར་དང་དྲ་ངོས། པར་རིས། བརྙན་རིས། གླུ་དབྱངས། རིག་མཛོད། ཡིག་ཚང་། དྲིས་ལན། གླེང་ཕྱོགས་དཔྱད་འཇལ་མ་ལག་དང་བརྡ་ཁྱབ་སོགས་ཡོད་དེ། ཆེས་ལྟེ་བར་འཛིན་པ་ནི་བོད་ཡིག་དྲ་ཚིགས་ཀྱི་གཅིག་གྱུར་འཛུལ་སྒོ་བསྐྲུན་དེ་བོད་ཡིག་ཆ་འཕྲིན་ཐོན་ཁུངས་ཀྱི་མཉམ་སྤྱོད་ལྟེ་གནས་བསྐྲུན་པ་དེ་རེད།
མིག་སྔར་ཡོངས་འཛིན་འཚོལ་བཤེར་མ་ལག་ཏུ་སྤྱིའི་སྤྱོད་མཁན་གྱི་བཅར་ཐེངས་དུང་ཕྱུར35བརྒལ་ཞིང་། ཉིན་རེར་ཆ་སྙོམས་ཀྱིས་བཅར་ཐེངས་བྱེ་བ8ལ་སླེབས་ཡོད། སྤྱོད་མཁན་གྱི་ཁྱབ་ཁོངས་ཀྱང་ཞིང་ཆེན་རིམ་པའི་སྲིད་འཛིན་ས་ཁུལ34དང་རྒྱལ་ཁབ95ལ་ཁྱབ་སྟེ། ཟླ་རེར་ཆ་སྙོམས་ཀྱིས་ཞིང་ཆེན་རིམ་པའི་སྲིད་འཛིན་ས་ཁུལ31དང་རྒྱལ་ཁབ76གིས་རྒྱུན་སྤྱོད་གནང་བཞིན་ཡོད།
ལག་རྩལ་གྱི་འགག་ཕྲེང་རྟོལ་དེAIལ་བོད་ཡིག་བསླབས་པ།
བོད་ཡིག་འཚོལ་བཤེར་ལག་རྩལ་གྱི་དཀའ་གནད་ཆེ་ས་ནི་མིང་གི་རིགས་དབྱེ་སྟེ། རྒྱ་ཡིག་དང་མི་འདྲ་བར་བོད་ཡིག་གི་མིང་གི་བར་ལ་སྟོང་ཆ་མེད་པས་འཕྲུལ་ཆས་ཀྱི་ངོས་འཛིན་ལ་དཀའ་གནད་ཆེན་པོ་ཞིག་སྤྲད། ཡིན་ནའང་ཞིབ་འཇུག་དཔུང་སྡེ་ཡིས་རྒྱལ་ཁའི་ངང་བོད་ཡིག་རང་འགུལ་མིང་དབྱེའི་མ་ལག་དང་སྐད་བརྡའི་རིག་ནུས་དབྱེ་ཞིབ་མ་ལག་བསྐྲུན་པས། དོན་གཅིག་པའི་མིང་གི་འཚོལ་བཤེར་དང་ལ་ཏིང་ཕབ་བསྒྱུར་འཚོལ་བཤེར། སྒྲའི་སྡེབ་སྦྱོར་གྱི་འཚོལ་བཤེར་སོགས་མངོན་འགྱུར་བྱུང་ཞིང་བོད་ཡིག་འདྲི་རྩད་ཀྱི་དམིགས་དོན་རིག་ནུས་དབྱེ་ཞིབ་སོགས་ཀྱི་བྱེད་ནུས་གསར་པས་ཡོངས་འཛིན་གྱི་སྤྱོད་སྒོ་ཇེ་ཡངས་སུ་བཏང་སྟེ། ས་གནས་རང་བཞིན་གྱི་མིས་བཟོས་རིག་ནུས་ཀྱི་ཁྱད་རྟགས་བསྐྲུན་པས་བོད་ཡིག་ཆ་འཕྲིན་བཀོལ་སྤྱོད་ཁྱབ་ཁོངས་ཀྱི་སྟོང་ཆ་ཆེན་པོ་ཞིག་བསྐང་ཡོད།དཔུང་སྡེ་འདིས་ད་དུང་རྒྱལ་ནང་གི་ཆེས་ཆེ་བའི་བོད་ཡིག་ཆ་འཕྲིན་ཐོན་ཁུངས་དང་གཞི་གྲངས་ཆེན་མོ་བསྐྲུན་པ་མ་ཟད། ཡོངས་འཛིན་དྲ་རྒྱའི་གླེང་ཕྱོགས་དབྱེ་ཞིབ་མ་ལག་དང་ཡོངས་འཛིནAPPསྤོ་སྒུལ་སྦྲེལ་སྣེ་སོགས་གསར་སྤེལ་བྱས་ཤིང་། བོད་ཡིག་ནང་འཇུག་སྡེ་རུ་རང་འགུལ་གྱིས་ཡིག་ནོར་ངོས་འཛིན་བྱེད་པའི་ཡོངས་འཛིན་རིག་ནུས་གཏགས་ཐབས་གསར་གཏོད་བྱས། བོད་ཡིག་ཆ་འཕྲིན་སྡེ་ཡི་གསར་སྤེལ་འདི་དག་གིས་ལོ་རྒྱུས་ཀྱི་སྟོང་ཆ་བསྐང་ཡོད་པ་མ་ཟད། བོད་ཡིག་ཆ་འཕྲིན་འདི་རྒྱལ་ཁབ་ཕྱི་ནང་གི་ཆ་འཕྲིན་སྡེ་ཡི་འགྲོས་དང་མཉམ་དུ་སྐྱོད་བཞིན་ཡོད་པའང་མཚོན་ཡོད།
ད་ལོའི་ཟླ4ཚེས29ཉིན། གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་གྱི་དབུ་ཚོགས་སྐབས་བརྒྱད་པའི་སྟེང་གཞི་གྲངས་མཆད་འགོད་ཀྱི་ཕུལ་བྱུང་དཔེ་མཚོན47བསྒྲགས་ཤིང་། «ཡོངས་འཛིན་འཚོལ་བཤེར་མ་ལག་བོད་ཡིག་ཆ་འཕྲིན་བཀོལ་སྤྱོད་གཞི་གྲངས་མཆད་འགོད»ཀྱང་དེའི་གྲས་སུ་ཚུད་ཡོད།
ཡོངས་འཛིན་གྱི་གསར་གཏོད་ནི་འཚོལ་བཤེར་ཙམ་མ་ཡིན་པར་སྔ་རྗེས་སུ་བསྐྲུན་པའི་ཡོངས་འཛིན་རིག་མཛོད་དང་ཡོངས་འཛིན་དྲིས་ལན་སོགས་ཀྱིས་རྔམས་མཐུག་པའི་བོད་ཡིག་གི་ཡིག་ཚང་དེ་གྲངས་འཛིན་ཅན་དུ་བསྒྱུར་ནས་བོད་ཡིག་ཆ་འཕྲིན་གྱི་གྲངས་མཛོད་མ་ལག་ཅིག་བསྐྲུན། གསར་དུ་རིམ་སྤར་བྱས་པའིAPPལའང་བྱེད་ནུས་དང་ཇུས་འགོད་བཟང་པས་བོད་ཡིག་ཆ་འཕྲིན་ཞབས་ཞུ་ལ་སྔར་མེད་ཀྱི་འཕེལ་རྒྱས་བསྩལ།
དེང་གི་ཆར་ཡོངས་འཛིན་ནི་རང་རྒྱལ་གྱི་བོད་ཡིག་ཆ་འཕྲིན་ལག་རྩལ་འཕེལ་རྒྱས་ཀྱི་མཚོན་རྟགས་སུ་གྱུར་ཅིང་། མཚོ་ལྷོ་ཁུལ་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་སྣེ་ཁྲིད་འོག ཡོངས་འཛིན་དུ་འབོད་པའི་མཐོ་སྒང་གི་སྒྲོན་མེ་འདིས་གྲངས་འཛིན་གྱི་བར་ཐག་ཉེ་བར་བཏང་ཞིང་། རང་རེའི་བོད་སྐད་ཡིག་འདི་ལ་སྦྲེལ་དྲའི་དུས་སྐབས་སུ་གསོན་ཤུགས་དང་འགྲུལ་ལམ་གསར་པ་བསྩལ་དེ། བཀག་རྒྱ་མེད་པར་འཛམ་གླིང་གི་ཤེས་བྱ་བསྡུ་ལེན་གྱི་སྟེགས་བུ་ཞིག་བསྐྲུན་པ་མ་ཟད། བོད་ཀྱི་ཤེས་རིག་འདི་རྒྱལ་སྤྱིའི་སྟེང་བརྒྱུད་སྒྲོག་དང་རྒྱུན་འཛིན་བྱེད་པར་སྐུལ་འདེད་བཏང་ཞིང་། རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་ཐད་མི་རིགས་ས་ཁུལ་ཆ་འཕྲིན་ཅན་གྱི་འཕེལ་རྒྱས་མ་དཔེ་བསྐྲུན་པར་སྟོབས་ཤུགས་ཡང་ཡང་འདོན་བཞིན་མཆིས། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།







青公网安备63252102000006号